Windows10སྤྱོད་མཚམས་འཇོག་འཆར་འདུག
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་
རྩོམ་སྒྲིག་པ:སུང་ཆི།
སྤེལ་དུས།:2021-06-21 16:52:00
ཨ་རིའི་མཉེན་ཆས་ཕྲ་མོའི་ཀུང་སིའི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པར་གཞིགས་ན། སྤྱི་ལོ་2025ལོའི་ཟླ་10པའི་ཚེས་14ཉིན། Windows10མ་ལག་ལ་སྤྱོད་མཚམས་འཇོག་རྒྱུ་ཡིན་པ་དང་། སྤྱོད་མཚམས་འཇོག་རྒྱུའི་ནང་ཆེད་ལས་པར་གཞི་དང་ཁྱིམ་ཚང་པར་གཞི་ཚུད་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། མཉེན་ཆས་ཕྲ་མོའི་ཀུང་སིས་རབས་རྗེས་མའི་བཀོལ་སྤྱོད་མ་ལག་འདོན་འཆར་ཡོད་པ་དང་། ཚོང་གཉེར་དང་སྤུས་རྟགས་ཀྱི་ངོས་ནས་བརྗོད་ན་དེའི་མིང་ལ་Windows10ཞེས་ཕལ་ཆེར་བརྗོད་མི་སྲིད་ལ། བཀོལ་སྤྱོད་མ་ལག་གསར་པའི་མིང་ལ་Windows11དང་Windows Sun Valley ཡང་ན་“10”དང་འབྲེལ་བ་མེད་པའི་མིང་གཞན་ཞིག་འདོགས་སྲིད།

དོ་སྣང་བྱེད་འོས་པ་ཞིག་ནི། འདི་ནི་མཉེན་ཆས་ཕྲ་མོའི་ཀུང་སིས་བཀོལ་སྤྱོད་མ་ལག་གསར་པ་མ་བཏོན་པའི་གོང་ལ་མིག་སྔར་བཀོལ་བཞིན་པའི་མ་ལག་སྤྱོད་མཚམས་འཇོག་པའི་དུས་ཚོད་ཁྱབ་བསྒྲགས་བྱེད་ཐེངས་དང་པོ་དེ་ཡིན།