ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡིག་གཟུགས་ཕབ་ལེན།
word 2003གནད་དོན་ཐག་གཅོད་བྱེད་ཐབས།
ཡོང་ཁུངས། རྩིས་འཁོར་གླིང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2013-06-20 17:09:00

 སྐབས་འགར་དྲ་ཐོག་ནས་ཕབ་ལེན་བྱས་པའི office2003 མཉེན་ཆས་ལས wordམཉེན་ཆས་ཀྱི་ཁ་འབྱེད་མི་ཐུབ་པའི་༼ རི་མོ་ཀ་པ་ལྟ་བུ ༽གནད་དོན་ཞིག་མཐོང་། དེའི་རྒྱུ་རྐྱེན་ནི་ (Normal) ཞེས་པའི་ཡིག་ཆ་དེར་སྐྱོན་ཞུགས་པས་རེད། དེས་ན་དང་ཐོག (Normal) ཡིག་ཆ་དེ་བཙལ་ནས་ཞིག་གསོ་བྱེད་རྒྱུ་ནི་ཆེས་རྒྱུན་ལྡན་གྱི་གོ་རིམ་ཞིག་རེད་ལ། སྤྱིར་བཏང་དུ་ཡིག་ཆ་དེ C\documents and settings\administrator\application data\microsoft\templates\normal ཞེས་པའི་དཀར་ཆག་ནང་ཡོད་དེ་ཁྱོད་ཀྱིས་ཐད་ཀར་འཚོལ་ཆོག

  1བྱེད་ཐབས་དང་པོ། དང་ཐོག་ཁ་ཕྱེ་ཡོད་པའི word མཉེན་ཆས་ཀྱི་སྒོ་གཏད་དགོས། དེ་ནས་ཕབ་གཞོང་ལས win+R གནན་ཏེ ༼运行༽ སྒེའུ་མིག་ནང %appdata%\microsoft\Templates ཞེས་པའི་བཀའ་བརྡ་རྒྱབ་ཏེ་གནན་ཚེNormal.dot ཡིག་ཆ་དེ་རྙེད་ཐུབ། ཡིག་ཆ་དེ་རྙེད་རྗེས་ཐད་ཀར་འདོར་དགོས། དེ་ནས wordམཉེན་ཆས་ཀྱི་ཁ་ཡང་བསྐྱར་འབྱེད་ན་ད་གཟོད་ཕྱེ་ཐུབ།

  2 བྱེད་ཐབས་གཉིས་པ། word མཉེན་ཆས་ཀྱི་ཁ་ཕྱེ་རྗེས་དེའི་འདེམས་བྱང་གི་ཚན་བྱང་ལས་ལག་ཆ༼工具༽འདེམས་བྱང༼选项༽ ཡིག་ཆའི་གནས༼文件位置༽སོགས་རེ་རེ་བརྒྱུད་དེ། མཐར་༼启动༽ ཞེས་པའི་གདམ་ཐོ་དེ་ word འཇུག་གནས་དང་གཅིག་པར་བསྒྱུར་ཚེ་ད་གཟོད་ལེགས་འགྲུབ་བྱུང་ངེས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2022nbsp; མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
མཚོ་ཉརICPཨང་08000030བ། འབྲེལ་གཏུགས་ཁ་པར། 0971-8456487
 
word 2003གནད་དོན་ཐག་གཅོད་བྱེད་ཐབས།

ཡོང་ཁུངས།:རྩིས་འཁོར་གླིང་།

རྩོམ་སྒྲིག་པ:སུང་ཆི།

སྤེལ་དུས།:2013-06-20 17:09:00