མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གཉིས་པའི་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་ཁྱོན་ཡོངས་ནས་བྱེད་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་ལག་བསྟར་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆོག་ཐོབ་པ་བརྒྱུད། རེས་སྐོར་གཉིས་པའི་སྐོར་ཐེངས་གཉིས་པའི་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་ཁྱོན་ཡོངས་ནས་བྱེད་འགོ་བརྩམས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བཞི་ཡིས་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་བཅས་ལ་འཆར་ཅན་ལྟ་ཞིབ་བྱེད་པ་དང་། བཅའ་སྡོད་བྱེད་ཡུན་ལས་སྒྲུབ་ཉི་མ10ཡི་རིང་རེད། ལྟ་ཞིབ་ཚན་ཆུང་གིས་གནད་དོན་ཁྲིད་སྟོན་དུ་འཛིན་པ་དང་གཞི་གདངས་ནན་མོ་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་ལྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཙོ་གནད་མངོན་གསལ་དོད་པ་དང་། དངོས་འཛིན་བཙན་འཐབ་བྱས་ཏེ། གོ་རིམ་ལྡན་ལ་ནུས་ལྡན་ངང་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་བཏང་། བཅའ་སྡོད་བྱེད་པའི་སྐབས་སུ། ལྟ་ཞིབ་ཚན་ཆུང་ཁག་གིས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ། ཐེར་འདོན་གོང་ཞུའི་རྩ་གཉིས་ཨང་བཤེར་བཅས་སོ་སོར་བཙུགས་ནས། ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁ་པར་དང་འཕྲིན་སྐུར་དྲ་བའི་ཐེར་འདོན་དག་ལས་སྒྲུབ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།