སྟོན་དུས་སུ། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཧོ་ཏུང་སྲང་ལམ་ཏུང་ཧྲན་སྡེ་བའི་མུའུ2400ཡི་ལ་དམར་ཐོན་འབབ་ཡག་པོ་བྱུང་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་བྱེ་བ་གཉིས་ལས་བརྒལ་བ་རེད། ས་གནས་དེ་གའི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་པ་བརྒྱུད། མཐོ་སྒང་ཁྱད་ལྡན་ཞིང་ལས་ཐོན་རྫས་མྱ་ངམ་ཐང་ནས་ཡོ་རོབ་དང་ཨ་རིར་ཕྱིར་ཚོང་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཞིང་ནང་དུ། དམར་ཐིང་ཐིང་གི་ལ་ཕུག་དམར་པོ་ཞིང་ཚིགས་སུ་ཁྱབ་པ་དང་ཞིང་ལས་འཕྲུལ་ཆས་དང་ཞིང་བ་ཚོ་ལས་ལ་བྲེལ་ནས་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས། 2023ལོར། ཏུང་ཧྲན་སྡེ་བས་ལ་དམར་ནང་འདྲེན་བྱས་ནས། ཕྱི་ལོར་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མངོན་འགྱུར་བྱུང་ནས་མ་རྨོས་ལོ་ཏོག་དང་གྲོ་སོགས་སྲོལ་རྒྱུན་གྱི་ལོ་ཏོག་དང་བསྡུར་ན། ལ་དམར་གྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་ཡིན་ཞིང་ད་ལོའི་འདེབས་འཛུགས་རྒྱ་ཁྱོན་ཆེས་ཆེར་འཕར་ཡོད། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་བྱེ་བ་གཉིས་ལས་བརྒལ་བ་དང་ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་ཁྱིམ20ལ་འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་གྲོང་མི500ལྷག་གིས་རང་ཁྱིམ་དང་ཐག་ཉེ་ས་ནས་ལས་ཞུགས་ཐུབ་ཡོད།
བསྡུས་ཟིན་པའི་ལ་དམར་ས་གནས་ཀྱིས་ལས་སྣོན་རགས་ཙམ་བྱས་རྗེས། ས་ཆ་གཞན་དུ་བསྐྱལ་ནས་ཞིབ་ཏུ་ལས་སྣོན་བྱས་ཏེ་ཐོན་རྫས་ཡོ་རོབ་དང་ཨ་རིའི་ཚོང་རར་འཚོང་གིན་ཡོད། ཐོན་ལས་སྦྲེལ་ཐག་མུ་མཐུད་ནས་རིང་དུ་བསྲིངས་ཏེ་ས་གནས་མང་ཚོགས་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་ནུས་ཤུགས་མུ་མཐུད་འཕེལ་བར་བྱས།