མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན ། ཟླ་10ཚེས་10ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས《ཐོ་འགོད་ནུས་པ་སྤྲོད་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་འཇུག་སྒོར་བྱས་ཏེ་གཉེར་སྐྱོང་བྱེད་པོའི་ཐོ་འགོད་ལས་སྒོ“རྨང་གཞིའི་ཞབས་ཞུ”ནས“གནས་ཐང་འཕར་ནུས་སྤྲོད་རྒྱུའི”ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་ནང་སྐྱེས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས།
ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་དམིགས་ནས་གཉེར་སྐྱོང་ཁྱབ་ཁོངས་ཀྱི་བརྗོད་དོན་གཙོ་བོའི་ཟས་རིགས་ཁག་13གཏན་འཁེལ་བྱས་ཏེ་ཐོ་འགོད་ཚད་ལྡན་ཅན་དང་སྔོན་དཔག་ཐུབ་པའི་རང་བཞིན་ཆེ་རུ་གཏོང་དགོས། མིང་ཐོ་འགོད་དོ་དམ་ལེགས་སུ་བཏང་ནས་སྲིད་འཛིན་ས་ཁོངས་ཀྱི་མིང་ལ་ནུས་པ་སྤྲོད་པའི“མཚོ་སྔོན་གྱི་འཐེན་ཐུག་”སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ལས་རིགས་ལས་བརྒལ་བའི་ཁེ་ལས་ལ་ལས་རིགས་ཀྱི་མིང་མེད་པ་དང་ཚོགས་པའི་ཁེ་ལས་ཀྱི་མིང་ཐོ་འགོད་ཆ་རྐྱེན་ལྷུག་ཏུ་གཏོང་བ། ཁེར་རྐྱང་སྐྱེལ་འདྲེན་སོགས་སྒོ་མོ་མེད་པའི་ལས་རིགས་རྣམ་པའི་ཐོ་འགོད་བྱེད་སྟངས་ ཁེར་གཉེར་དུད་ཚང་གི“ལག་ཁྱེར་གཅིག་དང་ས་ཚིགས་མང་པོར་གཉེར་སྐྱོང་བྱེད་པའི”རྣམ་པ་ཁྱབ་གདལ་བཏང་ནས་གཙོ་གཟུགས་ཆུང་གྲས་ཀྱི་སྒྲིག་སྲོལ་རྒྱ་སྐྱེད་དང་འཕེལ་རྒྱས་ལ་དེ་དང་ཆབས་ཅིག་ཁེ་ལས་ཀྱིས་མ་དངུལ་གཏོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དངུལ་ལོར་མ་ཡིན་པའི་རྒྱུ་ནོར་ལ་རིན་གོང་བརྩིས་ནས་མ་དངུལ་གཏོང་ཆོག་པ། ཁེ་ལས་ཀྱིས་དངོས་སུ་འཇལ་བའི་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་གཏོང་བ། གཉེར་སྐྱོང་བྱེད་པོའི་སྔོན་བཀོད་སྒྲིག་ཡིག་གི་གྲོས་མཐུན་ཁ་ཆད་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བཅས་བྱས་ནས་འབྱུང་རྩ་ནས་གཉེར་སྐྱོང་བཅོས་སྐྱོང་གི་ཉེན་ཁ་སྔོན་འགོག་བྱེད་དགོས།
ཁེ་ལས་བསྐྱར་སྒྲིག་ཐོ་འགོད་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་ཀུང་སི་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་ཟླ་སྒྲིལ་དང་ལོགས་སུ་འཛུགས་རྒྱུར་ཡོངས་བསྒྲགས་མ་ལག་གི་རིན་མེད་ཡོངས་བསྒྲགས་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་དང་བསྐྱར་སྒྲིག་གི་མ་གནས་ཇེ་དམའ་རུ་གཏོང་དགོས། རྐང་དབང་གཏའ་འཇོག་ཐོ་འགོད་ས་གནས་ས་ཐོག་ཏུ་མཇུག་འགྲིལ་བྱ་རྒྱུ་ཁྱབ་གདལ་བཏང་ནས་ཁེ་ལས་ཀྱི་རྐང་དབང་རྒྱུ་ནོར་ནུས་ཆེའི་སྒོ་ནས་འཁྲུག་པོ་བཟོས་ཏེ་ཁྲོམ་རའི་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་སེལ་རྒྱུར་རོགས་རམ་བྱེད་དགོས། མ་རྐང་འཇོག་མཁན་གྱི་དབང་ཆ་ཤོར་ནས་མ་རྩ་ཉུང་དུ་གཏོང་བ་དང་། གྲོས་ཆོད་ཀྱི་སྐྱོན་ཆ་ཡོད་པའི་ཐོ་འགོད་ཕྱིར་འཐེན་བྱེད་པ་སོགས་ཀྱི་དམིགས་བསལ་ལས་སྒོ་ཚད་ལྡན་དུ་གཏོང་བ་དང་། མ་དངུལ་འཇོག་མཁན་འབྲིང་ཆུང་གི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚོང་རའི་གཉེར་སྐྱོང་སྒྲིག་ལམ་བརྟན་པོ་ཡོང་བ་བྱེད་དགོས།
སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་ཚོང་དོན་ཐོ་འགོད་ཀྱི“ཞིང་ཆེན་ཡོངས་ཀྱི་ཚད་གཞི་དང་ལས་རོགས་ཀྱི་ཚད་གཞི་གཅིག་མཚུངས”ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད། གྲངས་གཞི་མཉམ་སྤྱོད་ལ་བརྟེན་ནས་འགུལ་ཚད་མཐོ་བའི་ལས་སྒྲུབ་དཔྱད་གཞི་རིགས་16འབུལ་མི་དགོས་པ་དང་ལས་སྒྲུབ་བརྒྱུད་རིམ་ཁུ་བསྡུ་ཆེས་ཆེར་དང་ལས་སྒྲུབ་མ་གནས་ཆུང་དུ་གཏོང་རྒྱུ་ཡིན་པ་རེད། “སྔོན་ལ་འབྲེལ་གཏུག་དང་རྗེས་སུ་ཕྱིར་སློག”གི་མཉེན་གཤིས་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་ཏེ་སྲིད་ཇུས་གསལ་འགྲེལ་དང་ལས་སྒོའི་མཛུབ་ཁྲིད་གནད་ལ་འཁེལ་བའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་སྟབས་བདེའི་ངང་དངོས་པོ་ཕྱིར་སློག་དང་ཡང་བསྐྱར་ཕར་འགྲོ་ཚུར་འོང་བྱེད་པ་གཏན་འགོག་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ཐོབ་ཚོར་ཆེ་རུ་གཏོང་དགོས།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁེ་ལས་ལ་ཕན་པའི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཐོ་འགོད་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོ་རྒྱུན་མཐུད་ངང་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་པ་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས།