ཟླ9ཚེས23ཉིན། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་ཐོག་མ་དང་འཁེལ་ཡོད་པས། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས2026ལོའི"མཚོ་སྔོན་གསར་པའི་འཆད་ཁྲིད་ཆེན་མོ"ཐེངས་གསུམ་པ་སྤེལ་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་མཚོ་སྔོན་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཀྲུའུ་རིན། རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་མཱ་མིང་ཀྲུང་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་འགན་འཁུར་བློ་མཐུན་གཙོ་བོ་དང་ཏང་ཡོན་ལས་བྱེད་འཐུས་མི160ལྷག་སློབ་སྦྱོང་ལ་ཞུགས།
སྙན་ཞུ་ཚོགས་འདུའི་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། ལག་ལེན་བླང་བྱ་བཅས་ལ་གོ་བདེ་ཞིང་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད། སློབ་ཁྲིད་ཀྱི་ནང་དོན་ཐད་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་རིགས་གཞུང་གི་ནང་དོན་གཏིང་ཟབ་ཅིང་དོན་དངོས་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་ནི་མ་ལག་ཚང་བའི་ཏང་གི་མི་རིགས་གཞུང་ལུགས་སློབ་གསོ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་སློབ་ཚན་ཞིག་ཀྱང་ཡིན་ལ། དེས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལས་ཁུངས་སུ་སྤེལ་བའི་བྱ་བར་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་དང་མཛུབ་ཁྲིད་ནུས་པ་ཆེན་པོ་འདོན་སྤྲོད་བྱས་ཡོད།
ཚོགས་འདུར་ཞུགས་མཁན་ཚོས་བསྟན་དོན། རང་ཉིད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡིན་པའི་ཆ་ནས་སྔོན་ལ་སློབ་པ་དང་གོ་བ་ཟབ་མོ་ལེན་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་དགོངས་དོན་ཤེས་རྟོགས་མཐར་ཕྱིན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྣེ་ཁྲིད་པ་ཡག་པོ་བྱེད་དགོས། ཞིང་ཆེན་ཐད་གཏོགས་རིམ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཞིར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་བླང་བྱར་དམིགས་ནས། མངགས་བཅོལ་བློ་ལ་བརྟན་པོར་འཛིན་པ་དང་དང་དྲིན་བསམ་མདུན་སྐྱོད་བྱེད་པ། ལས་ཁུངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགུལ་སྐྱོད་བཀོད་སྒྲིག་དམ་འཛིན་བྱས་ཏེ། རང་ལས་ཁུངས་དང་རང་གི་ལས་རིགས། རང་གི་ཁྱབ་ཁོངས་ཀྱི་བྱ་བའི་ཁྲོད་གནས་པའི་གནད་དོན་གསེད་བཀྲོལ་བྱེད་པ་དང་། ཞན་ཆ་གསབ་པ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དོན་འཁྱོལ་ཡོང་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།