ལུའོ་ཏུང་ཁྲོན་གྱིས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡི་པུའུ་ཀྲང་ཕེ་ཅིན་ཅ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ9ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་ཕེ་ཅིན་ཅ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཕེ་ཅིན་ཅ་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་འདི་ཉིད་ཞིན་ཅང་བརྟན་སྲུང་དང་བོད་ལྗོངས་བརྟན་འཇགས་འཐབ་ཇུས་ཀྱི་གཙོ་གནད་ས་ཁུལ་དུ་གནས་པ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ལྡན། ཉེ་བའི་ལོ་ཤས་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་དེ་རྨང་གཞིའི་རང་བཞིན་གྱི་བཟོ་བསྐྲུན་དུ་བཟུང་ནས་དམ་འཛིན་བྱས་ཡོད་ལ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྲིད་ཇུས་ཀྱི་ནུས་འདོན་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་གཡུལ་ས་སྲ་བརྟན་དུ་གཏོང་བ། ལས་ཞུགས་རོགས་སྐྱོར་ལེགས་པོར་སྒྲུབ་པ། གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

ཕེ་ཅིན་ཅ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ། ལས་དོན་ཁག་མང་པོ་ཞིག་མདུན་གྲལ་དུ་སླེབས་ཡོད། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང་། སྔོན་ཆད་ནང་བཞིན་མཚོ་སྔོན་ལ་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཕུལ་བྱུང་དེ་བས་མང་བོ་ཞིག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་བྱས་རྗེས་གསར་པ་འཇོག་པར་ཁྲིད་སྟོན་བྱས་ཏེ། ཐུན་མོང་གིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཚའོ་ཅུན་དང་དབྱང་ཀྲི་ཝུན་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།