མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་གྱི་ལག་ལེན་དཔེ་མཚོན་དུ་བསྐྲུན་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་གཙོ་བོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཚོ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་སྤྱི་ཡོངས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་སྲ་བརྟན་དུ་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་ལ་གསོན་ཤུགས་སྩོལ་བའི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱས་ཤིང་། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་མ་ལག་ཚང་བའི་སྒོ་ནས་ཇུས་འགོད་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་པས། སྐྱེ་ཁམས་གསོ་སྐྱོང་ནུས་པ་བརྟན་འཇགས་ངང་མཐོར་འདེགས་བྱུང་བ་དང་། ཆུ་འོད་ཚ་ནུས་གསོག་འཇོག་བཅས་ཕྱོགས་བསྡུས་ནུས་ཁུངས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་ལ། ནོར་གནག་དང་བོད་ལུག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས་དྲུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཞིང་། མཚོ་སྔོན་པོ་བསྐོར་བ་དང་རྨ་ཆུའི་འགྲམ་རྒྱུད་གཉིས་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་རིམ་སྤར་བྱས་པ་དང་། དམངས་ཕན་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་གི་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་དྲུག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལོ་མཇུག་གི་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བཞི་དུང་ཕྱུར་དྲུག་བྱེ་བ་གཉིས་དུང་ཕྱུར་དྲུག་ལ་འཕར་ཡོད་པ་དང་། ཆ་སྙོམས་ཀྱིས་ལོ་རེར3.9%འཕར་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད5%ཡི་དམིགས་འབེན་གཙོ་བོར་དམིགས་ནས། མཚོ་ལྷོ་ཁུལ་གྱིས་ས་ཁོངས་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། ཐཱན་རྩེར་སོན་གྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་མ་ཟད། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཐཱན་བསྡུ་ནུས་པ་སྲ་བརྟན་མཐོར་འདེགས་བཏང་སྟེ། མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་གྱི་ལག་ལེན་དཔེ་མཚོན་དུ་བསྐྲུན་རྒྱུ་རེད། མཚོ་ལྷོའི་དག་གཙང་ནུས་ཁུངས་རྟེན་གཞི་ཆེན་པོ་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ། མཚོ་ལྷོ་ཁུལ་གྱི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་མུ་མཐུད་བརྟན་སྲུང་བྱས་ཡོད། གོ་སྐབས་བཟང་པོ་བེད་སྤྱད་དེ་དག་གཙང་ནུས་ཁུངས་ཐོན་ལས་སྦྲེལ་ཐག་དེ་བཟོ་སྐྲུན་དང་ཞབས་ཞུ་མཉམ་འབྲེལ་ཕྱོགས་སུ་རྒྱ་བསྐྱེད་གཏོང་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་ཐོན་ལས་གླིང་རྒྱ་སྐྱེད་རིམ་སྤོར་བྱེད་པ། གཞི་གྲངས་རྟགས་འགོད་དང་གྲངས་འཛིན་སྲུང་སྐྱོང་སོགས་ཞབས་ཞུའི་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ། ནུས་ཁུངས་ཀསར་པ་དང་རྩིས་ནུས་ཕན་ཚུན་སྐུལ་འདེད་གཏོང་བའི་ཁྱད་ལྡན་ཐོན་ལས་ཚོགས་པ་སྐྲུན་བཞིན་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་འབད་བརྩོན་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ལས་དེ་སྲོག་ཤིང་ཐོན་ལས་དང་དམངས་ཕྱུག་ཐོན་ལས་སུ་འགྱུར་བར་བྱ་དགོས། ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དེ། ཡུལ་སྐོར་གྱི་རྣམ་པ་དེ་ལྟ་སྐོར་དང་ཉམས་ལེན། གུང་གསེང་མཉམ་འདྲེས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་ཚིགས་བཞིའི་ཡུལ་སྐོར་མྱོང་ཚོར་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ལས་གཞི་ཆེན་པོ་གཉིས་དང་གསར་དར་གཉིས། དྲ་བ་དྲུག་སོགས་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ནས། ད་ལྟ་ཁེ་ཕན་ཆེ་བ་དང་ཕུགས་རྒྱང་རིང་བོར་ཕན་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་མང་པོ་ལག་བསྟར་བྱ་དགོས། བཟོ་སྐྲུན་སྟོང་ཕྲག་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་ཞིང་མཛེས་སྡུག་ལྡན་པའི་གྲོང་ཚོ་བརྒྱ་ཙམ་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་དགོས། མུ་མཐུད་དུ་དམངས་འཚོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུ་མཁོ་སྤྲོད་ལེགས་བཅོས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་རིགས་

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།