ཟླ9པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས2026ལོའི་གྲོས་གཞི་འདོན་པ་དང་གྲོས་གཞི་སྒྲུབ་གཉེར་སྐོར་ནས“ཕྱོགས་གཉིས་གྲོས་བསྡུར”གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་སྲིད་ཐིང་གིས་སྒྲུབ་འགན་འཁུར་བའི་གྲོས་གཞིའི་སྤུས་ཚད་དང་སྒྲུབ་གཉེར་གྱི་སྤུས་ཚད་ཐད་ནས་གྲོས་བསྡུར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་ཚོགས་འདུར་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ད་ཐེངས་གྲོས་བསྡུར་བྱས་པའི་གྲོས་གཞི་ལྔ་ནི། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དང་དམ་པོར་སྦྲེལ་ཏེ། ཁྱིམ་སྡོད་དང་སྡེ་ཁུལ། སྒྲིག་གཞི་བཅས་ཀྱི་རྒན་གསོའི་མུ་ཕྲེང་ཧྲིལ་པོར་ཁྱབ་པ་དང་། མཐིལ་བརྟོལ་འགན་ལེན་དང་ཀུན་ཕན་ཞབས་ཞུ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཕྱོགས་སོ་སོར་ཁྱབ་ཡོད། བརྗོད་གཞི་གནད་འཁེལ་དངོས་སྒྲུབ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པར་བརྟེན། སྲིད་གྲོས་ཨུ་ཡོན་གྱིས་མང་ཚོགས་ལ་སེམས་ཁུར་དང་ལོ་ལོན་གྱི་བྱ་གཞག་ལ་སེམས་ཁུར། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་བ་དང་དམངས་དོན་གྱི་བརྩེ་སེམས་གང་ལེགས་སྒོས་མངོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་བསྟར་གང་ལེགས་བྱས་ནས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། “ཕྱོགས་གཉིས་པར”ཤུགས་བསྣན་ནས། གྲོས་གཞི“འདོན་པ་དང་འཛུགས་པ། སྒྲུབ་པ། ལྟ་སྐུལ། དཔྱད་འཇོག བེད་སྤྱོད་བཅས་ཀྱི་འབྲེལ་ཐག་ཡོངས་ཀྱི་ལས་རིམ་ཧྲིལ་བོའི་ལས་ཀའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། སྲིད་གྲོས་ཀྱིས་གནད་ལ་འཁེལ་བའི་ཐབས་འདོན་དང་སྡེ་ཁག་གིས་ཕན་འབྲས་ཆེ་བའི་སྒོ་ནས་དོན་འཁྱོལ་བྱེད་པ། མཉམ་འབྲེལ་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། གྲུབ་འབྲས་རྒྱུན་རྣམ་བེད་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས། རྒན་གསོའི་ཁྱབ་ཁོངས་ཀྱི་གྲོས་གཞིའི་ལས་དོན་གྱི་སྤུས་ཚད་དང་སྲིད་གྲོས་ཨུ་ཡོན་དང་འཇོན་མི་མཉམ་འདུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒན་གསོའི་སྲིད་ཇུས་ཀྱི་འགག་གནད་དང་མི་སེར་གྱི་དཀའ་གནད། ལས་ཀའི་གཙོ་གནད་བཅས་ལ་དམ་པོར་དམིགས་ཏེ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས། གྲོས་གཞི་སྤུས་ལེགས་འདོན་ཐུབ་པར་འབད་དེ། སྤུས་ཚད་མཐོ་བའི་གྲོས་གཞིར་བརྟེན་ནས་སྤྱི་ཚོགས་ཀྱི་རེ་ལྟོས་ལ་ལན་སྟེར་བ་དང་རྒན་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།
གྲོས་བསྡུར་བྱེད་མཁན་ཕྱོགས་སོ་སོས་འདོད་དོན། གྲོས་གཞིས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་དང་ལོ་ལོན་རྒན་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཡོད་པ་དང་། བརྗོད་གཞི་འདེམས་པ་གནད་འཁེལ་ཁ་གསལ་ཡིན་ལ། གྲོས་འགོ་དངོས་སྒྲུབ་གོ་ཆོད་པ་ཞིག་རེད། ཞིང་ཆེན་དམངས་སྲིད་ཐིང་གིས་གྲོས་གཞི་སྒྲུབ་པར་མཐོང་ཆེན་གང་ལེགས་བྱས་ཏེ། རྣམ་གྲངས་རེ་རེ་བཞིན་ཞིབ་འཇུག་དང་བཀོད་སྒྲིག དོན་འཁྱོལ་ལ་སྐུལ་འདེད་བཅས་བྱས་པར་བརྟེན། གྲོས་གཞི་སྒྲུབ་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།