མཚོ་སྔོན་ཞིང་ཆེན་གྱིས་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་དཔལ་ཡོན་ལག་ལེན་གྱི་བརྗོད་དོན་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས13ཉིན། “བྱིས་སེམས་ཏང་ལ་ཕྱོགས་ཏེ་ལྗང་མདོག་གི་མཚོ་སྔོན་བསྐྲུན། རང་བྱུང་སྤྲོ་སྣང་གིས་གཙང་བོའི་འགོ་ཁུངས་སྲུང་”ཞེས་པའི། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་དཔལ་ཡོན་ལག་ལེན་གྱི་བརྗོད་དོན་བྱེད་སྒོ་ཟི་ལིང་དུ་སྤེལ་ནས། སྐྱེ་ཁམས་ལག་ལེན་སློབ་གསོ་དང་ལུས་རྩལ་སྦྱོང་བརྡར་མཉམ་འདྲེས་ཟབ་སྤེལ་བྱས་ཏེ། གཞོན་ནུ་ལོ་ཆུང་རང་བྱུང་ཁམས་སུ་བསྐྱོད་པ་དང་རང་བྱུང་ཁམས་ངོ་ཤེས་བྱེད་པ། རང་བྱུང་ཁམས་འཚོལ་ཞིབ་བྱེད་པ། རང་བྱུང་ཁམས་རྒྱུས་ལོན་བྱེད་པ་བཅས་ཀྱི་ཐད་སྣེ་སྟོན་བྱས།

ད་ཐེངས་ཀྱི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་ཞིང་ཆེན་ནགས་ཚལ་ལ་དོ་ཁུར་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི“བྱིས་སེམས་ཏང་ལ་ཕྱོགས་ནས་ལྗང་མདོག་གི་ཀྲུང་གོ་བསྐྲུན”ཞེས་པའི། གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་བརྗོད་དོན་དྲིལ་སྒྲོག་ལག་ལེན་བྱེད་སྒོའི་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་ནང་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཚན་རིག་ཁྱབ་བརྡལ་གྱི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཕ་མ་དང་བུ་ཕྲུག་གིས་གྲུབ་པའི་ཁྱིམ་ཚང་ཚན་ཆུང120ཡོངས་བསྒྲགས་ངང་བསྡུས་ཏེ། དེའི་ནང་ཞུགས་རྒྱུ་དེ་ནི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་ཤིག་ཡིན་པ་དང་། སྲོལ་རྒྱུན་གྱི་ཁང་པའི་ནང་རིགས་པའི་གཞུང་ལུགས་སློབ་ཁྲིད་བྱེད་པའི་བཀག་རྒྱ་མེད་པར་བཟོས་ནས། “རང་བྱུང་སྤྲོ་སྣང་དང་ཉམས་ལེན་རྣལ་དུ་ཐིངས་པའི”རྣམ་པར་བརྟེན་ཏེ། རང་བྱུང་སློབ་གསོའི་སློབ་ཁང་བརླན་སའི་རང་བྱུང་བར་སྟོང་དུ་སྤོར་རྒྱུ་རེད།

ཟི་ལིང་ཙོང་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་ནི་མཚོ་སྔོན་གྲོང་ཁྱེར་གྱི་བརླན་སའི་སྐྱེ་ཁམས་སླར་གསོའི་གསོན་ཉམས་ལྡན་པའི་བསྡུས་གཟིགས་ཤིག་ཡིན། ད་ཐེངས་ཀྱི་བྱེད་སྒོ་དེ་ཟི་ལིང་ཙོང་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་སྐྱེ་ཁམས་གཞི་རྩར་བརྟེན་ནས། ཆེད་གཏོགས་རང་བྱུང་འཚོལ་ཞིབ་ལམ་ཐིག་འཆར་འགོད་བྱས། བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ4.5ཡི་བརླན་སའི་སྐྱེ་ཁམས་སྤྲོ་སྣང་ལམ་ཐིག་བཀོད་སྒྲིག་བྱས་པ་དང་། ལམ་རྒྱུད་དུ་ས་གནས་ཀྱི་རྩི་ཤིང་དབྱེ་འབྱེད་དང་དུས་བྱའི་གོམས་གཤིས་ཚན་རིག་ཁྱབ་བརྡལ་དུ་གཏོང་བ། སྐྱེ་ཁམས་བརླན་ས་མ་ལག་ལྟ་ཞིབ་སོགས་མཉམ་འགུལ་མཁྲེགས་གཏོར་གྱི་ལྷུ་ཚིགས་མང་པོར་སྦྲེལ་ནས། གཞོན་ནུ་ལོ་ཆུང་གིས་གོམ་སྟབས་ལ་བརྟེན་ནས་བརླན་ས་སྐྱེ་ཁམས་འགྲམ་རྒྱུད་ཚད་འཇལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་རྙེད་པའི་མཐོང་མྱོང་ཚོར་དེ་གཞོན་ནུ་ལོ་ཆུང་གི་རང་རྟོགས་བྱ་སྤྱོད་དུ་བསྒྱུར། དུས་མཚུངས་སུ། “ཆེ་བས་ཆུང་བར་རོགས་རམ་བྱས་ཏེ”ཟབ་ཞུགས་བྱས་ནས། ཁྱིམ་ཚང་སྔར་ལས་མང་བ་རང་འགུལ་ངང་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་མཁན་དང་ཁྱབ་སྤེལ་བྱེད་མཁན་དུ་འགྱུར་རྒྱུར་སྐུལ་ཁྲིད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།