ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་དེ་དམངས་འཚོ་ཆེ་ཤོས་སུ་བརྩིས་ནས་ཇུས་འགོད་ནན་ཏན་བྱས་ཤིང་། རིགས་སྣ་ཚོགས་ཀྱི་ལས་ཞུགས་མ་དངུལ་སྒོར་ཁྲི9791.86དོན་འཁྱོལ་བརྩོན་ལེན་བྱས་ཏེ། མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་རར་རོགས་རམ་བྱས། མིག་སྔའི་བར། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.19ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱས་པ་མི2003གསར་དུ་འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད1.59%བར་ཚོད་འཛིན་བྱས་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“ཐད་གཏོང་ལས་གནས་སྣེ་ཁྲིད་དང་། ཐད་གཏོང་ཡུལ་དངོས་ལ་གདན་འདྲེན་བྱེད་པའི”རྣམ་པ་བཏོད་དེ། ལས་ཞུགས་ཀྱི་ལས་གཏོད་ཞབས་ཞུའི་ཁ་གསབ་མ་དངུལ་སྒོར་ཁྲི5.16དོན་འཁྱོལ་བྱས་པ་དང་། དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་སོགས་གདན་ཞུའི་བྱེད་སྒོ་སྤེལ་ནས་ལས་ཞུགས་ཀྱི་ལས་གནས་ཁྲི2ལྷག་མཁོ་འདོན་བྱས་ཡོད་པ་རེད། ཧྲན་ཏུང་གི་རོགས་སྐྱོར་འཛུགས་སྐྲུན་མ་དངུལ་སྒོར་ཁྲི40དོན་འཁྱོལ་བྱས་ཏེ་རིམ་སྤར་གྱི་ལས་ཀ་ ས་ཚིགས་ཀྱི་ཞབས་ཞུའི་བྱེད་ནུས་ལ་རྒྱབ་སྐྱོར་བྱས་ནས་ནོར་སྲིད་མ་དངུལ་སྒོར་ཁྲི48.4བརྩོན་ལེན་བྱས་ཏེ། སྡེ་བ་དང་སྡེ་ཚོགས་ཀྱི་ལས་ཞུགས་འབྲེལ་གཏུག་པའི་དཔུང་ཁག242ཀྱི་བརྟན་ལྷིང་འགན་ལེན་བྱས་ཡོད། དཀའ་ཁག་ཆེ་བའི་མི 194ལ་ལས་ཞུགས་ཐད་རོགས་རམ་བྱས་ནས་ལས་ཞུགས་མངོན་འགྱུར་བྱུང་། ལས་ཤོར་མི་སྣར་ཡང་བསྐྱར་ལས་ཞུགས་བྱེད་དུ་འཇོག་ཚད975ཟིན་པས། ལས་ཞུགས་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པའི་དམིགས་འབེན་དངོན་འགྱུར་བྱུང་དུ་བཅུག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཕན་ལས་གནས3898གསར་སྤེལ་བྱས་པ་དང་། རིམ་རྩིས་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྒོར་ཁྲི5716.24དང་། སྤྱི་ཚོགས་འགན་བཅོལ་ཁ་གསབ་སྒོར་ཁྲི3130.44 དངུལ་སྤྲོད་སྟབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྒོར་ཁྲི614.25བཅས་དོན་འཁྱོལ་བྱས་ཡོད།
“རྩལ་ནུས་ཀྱིས་མདུན་ལམ་གསལ་སྟོན་བྱེད་པའི”བྱ་སྤྱོད་དང་དེ་བཞིན་གཞི་ཁྱོན་ཆེན་མོའི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་བླང་བྱ་དོན་འཁྱོལ་བྱས་ནས“ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་ཕྱོགས་བཞི་གཞི་གཅིག་གི་རྣམ་པ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་ཁྲོམ་ར་དང་། ཁེ་ལས། མི་སྒེར་བཅས་ཕྱོགས་གསུམ་གྱི་དགོས་མཁོ་འཚོལ་ཞིབ་བྱས་ཏེ། དམིགས་སའི་རང་བཞིན་གྱིས་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་མི་ཐེངས1706བྱས་པ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་སྒོར་ཁྲི95.74དོན་འཁྱོལ་བྱས་པ་རེད། རྒྱུན་མཐུད་གྱིས་ལས་གཏོད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། ལས་གཏོད་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་སྐུལ་སྤེལ་ལས་གཏོད་ཀྱིས་ལས་ཞུགས་ལྡབ་འཕར་ནུས་འབྲས་ལ་སྐུལ་ཁྲིད་ནུས་ལྡན་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི115སྤྲད་པ་དང་། དངུལ་སྤྲོད་ལས་གཏོད་ཀྱི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི6སྤྲད་པ་རེད། ཁུལ་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིའི་ཞབས་ཞུའི་བྱེད་ནུས་ལ་ཤུགས་བསྣན་ཏེ་ཐོག་མར་གསར་གཏོད་བྱས་པའི་ཁེ་ལས16སྒྲིག་འཛུགས་བྱས་ནས། གསོ་སྐྱོང་བྱེད་པར་བཅའ་སྡོད་བྱས་ཏེ་ཆ་འཕྲིན་ཇུས་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ལས་གཏོད་མ་རྩ་ཇེ་དམའ་རུ་བཏང་། །