ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་བསྡུའི་ལྟེ་བའི་དམིགས་ཚད་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ9པའི་ཚེས10ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཚུགས་ལོར་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་གྲོན་བསྡུ་དོ་དམ་གྱི“རྨང་གཞི་སྲ་བརྟན་དུ་གཏོང་བའི་འདུ་འགོད”དེ་སྤྱིའི་དམ་འཛིན་བྱ་ཡུལ་དུ་བྱས་ནས་ཁྲལ་གྲོན་ཡོང་འབབ་དང་། དཔྱ་ཁྲལ་ཆག་ཡང་གཏོང་བ། གྲངས་གཞིར་བརྟེན་ནས་ ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་། ཁྲལ་བསྡུའི་ལྟེ་བའི་དམིགས་ཚད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཁྲལ་ཁུངས་ཀྱི་འདེགས་སྐྱོར་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་།

ཁྲལ་ཁུངས་ཁྱོན་ཡོངས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད། ཞིང་ཆེན་དེ་ཡོངས་ཀྱི་གཉེར་སྐྱོང་གཙོ་བོ་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་འཛིན་ཤོག་སྤྲད་པའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་4649.19ཟིན་པ། རིམ་རྩིས་བྱས་ན་རྩ་འཛུགས་ཀྱི་ཁྲལ་གྲོན་ཡོང་འབབ་སྒོར་དུང་ཕྱུར495.77ཟིན་པ་དེ་དུས་མཚུངས་ལས་11.42%འཕར་བ་དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་258.32ཟིན་པ་དེ་དུས་མཚུངས་ལས་17.46%འཕར་ཡོད། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཀྱིས་ཐཱན་སྐྱུར་ལིས་དང་། ཅཱ་ལུད། གློག་འབྱེད་ཧ་ཡང་བཅས་ཀྱི་ཐོན་ལས་ལ་བརྟེན་ནས་ཁྲལ་འབབ12.91%དང་། 23.93%42.55%བཅས་སོ་སོར་འཕར་ནས་བསྡོམས་ཡོང་འབབ་སྒོར་དུང་ཕྱུར་40.98འཕར་ནས་ཞིང་ཆེན་དེ་ཡོངས་ཀྱི་ཡོང་འབབ་འཕར་བའི་གཙོ་ཤུགས་ཡིན།

ཐོན་ལས་འགྲན་ལམ་མང་པོར་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཆེ་རུ་གཏོང་དགོས། ཚྭ་མཚེའུའི་ཐོན་ལས་ཀྱི་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་ཅཱ་ལུད་དང་སྐྱེ་མེད་ཚྭ་བཟོ་སྐྲུན་དང་ཕྱིར་ཚོང་ཡོང་འབབ་71.3%དང་123.8%སོ་སོར་འཕར་བ། ལིས་གློག་སྣུར་སྲིང་ཐོན་ལས་མགྱོགས་མྱུར་འཕར་བ། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཤོང་ཚད་ཆེ་རུ་ཕྱིན་ནས་ནུས་རྒྱུ་གསར་པའི་གློག་གཏོང་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་31.7%འཕར་བ། ལྗང་མདོག་རྩིས་ཤུགས་ཀྱི་འབྲེལ་ཐག་ཡོངས་ཀྱི་འཛིན་ཤོག་འབྲི་བའི་ཡོང་འབབ་19.6%འཕར་བ་དང་། ལྗང་མདོག་རྩིས་ཤུགས་ཀྱིས་ཞིང་ཆེན་ཕྱི་རོལ་གྱི་ཁེ་ལས་དུད་ཚང་9000 སྐྱེ་ལྡན་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུའི་ལས་རིགས་བཅས་དུས་གཅིག་ཏུ་མགྱོགས་སུ་ཕྱིན་པ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་རོལ་དུ་ཕྱིར་ཚོང་བྱེད་པའི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་།

ཕྱི་ནང་གི་ཉོ་ཚོང་མཉམ་འགུལ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། ཞིང་ཆེན་ནང་ཁུལ་གྱི་ཐོན་རྫས་ཞབས་ཞུ་ས་གནས་ཅན་དུ་འགྱུར་བའི་མཁོ་སྤྲོད་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་1.7འཕར་བ་དང་། ཞིང་ཆེན་ཕྱི་རོལ་དུ་ཕྱིར་ཚོང་བྱས་པའི་ཐོན་རྫས་ཞབས་ཞུའི་དངུལ་གྲངས་དུས་མཚུངས་ལས་6.5%འཕར་བ། ཕྱིར་ཚོང་གི་འཕར་ཚད་ཞིང་ཆེན་ཕྱི་རོལ་དུ་ཉོ་སྒྲུབ་བྱས་པ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ། གློག་འབྱེད་ཧ་ཡང་དང་། ཐཱན་སྐྱུར་ལིས། ཁིལ་འགྱུར་ཅཱ་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་འབོར་ཆེ་བའི་ཚོང་ཟོག་ཕྱིར་འཚོང་བྱས་རྗེས་འབུར་དུ་ཐོན་པ་དང་། མཚོ་རྒྱུད་དང་། ལན་ཞི་གྲོང་ཁྱེར་ཁྱུ་ཚོགས། རྨ་ཆུའི་འབབ་རྒྱུད་བཅས་སུ་ཕྱིར་ཚོང་བྱེད་པའི་གཞི་ཁྱོན་ཆེས་ཆེར་འཕར་ཡོད།

དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲལ་ཁུངས་རྒྱུན་མཐུད་ངང་རྒྱ་སྐྱེད་བཏང་ཡོད། སློབ་གསོ་དང་། རྒན་གསོའི་གསོ་གསོ། གྲོང་མིའི་ཞབས་ཞུའི་ལས་རིགས་བཅས་ཀྱི་འཛིན་ཤོག་འབྲི་བའི་ཡོང་འབབ་དུས་གཅིག་ཏུ་འཕར་ནས་ལས་ཞུགས་ཀྱི་གཞི་རྩ་བརྟན་པོ་ཡོང་བར་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།