རེ་བ་གསར་པ་བཅངས་ནས་སློབ་ལོ་གསར་པར་འགྲིམས། མཚོ་སྔོན་གྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མགོ་ཚུགས་པའི་མཐོང་ཐོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟི་ལིང་གྲོང་ཁྱེར་དབྱང་ཅ་ཀྲོང་སློབ་ཆུང་གི་སློབ་མ་རྣམས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད།

ཟི་ལིང་གྲོང་ཁྱེར་ཤིས་ཀོན་ཁྲོམ་གཞུང་སློབ་ཆུང་གི་སྨྱུག་འཛིན་མཛད་སྒོའི་ཡུལ་དངོས།  

ཟི་ལིང་གྲོང་ཁྱེར་ཀོང་ཧྭ་སློབ་ཆུང་གི་སློབ་མ་སློབ་ཐུན་པར་བསྐྱོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་དགུ་པའི་མཚོ་སྔོན་གྱི་ནམ་མཁའ་སྔོ་ཞིང་དྭངས་ཞིང་སྟོན་རླུང་བསིལ་མོ་ཞིག་ངང་གིས་ལྡང་བ་ནམཐོ་སྒང་གི་ས་གཞི་ཆེན་པོ་དེ་གུང་གསེང་གི་ལྷིང་འཇགས་ཁྲོད་སད་བ་དང་། སློབ་གྲྭའི་ནང་སླར་ཡང་དཔེ་ཆ་དང་དགའ་སྤྲོའི་དགོད་སྒྲ་གྲགས་བྱུང་། ཟླ9པའི་ཚེས1ཉིན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་སློབ་ལོ་གསར་པའི་སློབ་མགོ་ཚུགས་པའི་ཉིན་དང་པོ་བསུས། ཕྲུ་གུ་ཚོས་དཔེ་ཁུག་ཁུར་ནས་ཞོགས་པའི་འོད་ཟེར་བསུས་ཏེ་སློབ་གྲྭའི་ནང་བསྐྱོད་པ་རེད། ལ་ལས་འབྱུང་འགྱུར་ལ་བྲིས་པའི་བསམ་འདུན་བྱང་བུ་བཟུང་ཡོད་པ་དང་། ལ་ལས་འཚར་ལོངས་མཚོན་པའི་ཚོན་ཁྲ་ཅན་གྱི་སྒོ་ལམ་བརྒལ། ལ་ལས་རྒྱལ་དར་འོག་ཏུ་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག འཛུམ་མདངས་རེ་རེས་བརྗོད་བྱ་གཙོ་བོ་གཅིག་བཤད་བཞིན་ཡོད། སློབ་སྐབས་གསར་བ། ང་ཚོ་སླེབས་བྱུང་།

ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའིབརྩེ་སེམས་ཀྱིས་སེམས་པ་བརླན།

ཞོགས་པར་ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ལམ་སློབ་ཆུང་གི་ལུས་རྩལ་ཐང་དུ་སྐར་ལྔའི་དར་དམར་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུ་སྒྲའི་ཁྲོད་དལ་གྱིས་སྐྱོད་བཞིན་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག93987དཔུང་སྡེའི་དཔོན་དམག་རྣམས་གདན་ཞུས་ལྟར་སློབ་གྲྭར་བསྐྱོད་དེ་དགེ་སློབ་དང་མཉམ་དུ་སློབ་སྐབས་གསར་པའི་སློབ་ཚན་དང་པོའི་མགོ་ཚུགས་པ་རེད། བྱེད་སྒོའི་ཁྲོད་དཔུང་སྡེའི་དཔོན་དམག་གིས་སློབ་མར་མཁའ་འགྲུལ་དཔེ་དབྱིབས་སློབ་ཆས་འཁྱེར་ཡོང་བ་མ་ཟད་ད་དུང་ཡུལ་དངོས་སུ་ཚན་རིག་ཁྱབ་གདལ་འགྲེལ་བཤད་བརྒྱབ་པ་དང་། སློབ་གྲྭས་དཔུང་སྡེར་དར་ཆ་དང་དེ་བཞིན་དགེ་སློབ་ཀྱིས་བཟོས་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་བརྩམས་ཆོས་ཕུལ་ནས་དམག་དམངས་ཀྱི་བརྩེ་དུང་ཟབ་མོ་ལ་གུས་འདུད་ཞུས། དཔུང་སྡེའི་དགེ་རྒན་གྱིས་ཡུལ་དངོས་སུ་ཆེད་དོན་རྒྱལ་སྲུང་སློབ་གས་སྒྲོག་འགྲེལ་བྱས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཚབ་མཚོན་བརྩམས་ཆོས“ལོ་ཆུང་གི་མིང་ཐོག་ནས་རྒྱལ་སྲུང་གི་ཕུགས་འདུན་བསྐྲུན”ཞེས་པའི་བརྗོད་དོན་གཙོ་བོ་མཉམ་སྤྱོད་བྱས་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་བསམ་བློའི་ཆབ་སྲིད་ཀྱི་རྒྱལ་སྲུང་སློབ་གསོའི་སློབ་ཚན་དེས་ཕྲུ་གུའི་སེམས་ལ་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འགན་འཁུར་ཕྲག་ཏུ་ཐེག་དགོས་པའི་ས་བོན་བཏབས།

དུས་མཚུངས་སུ་ལེ་དབར་སྟོང་ཕྲག་གི་སར་ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་གྲྭའི་ལོ་རིམ་དྲུག་པའི་སློབ་མས“ང་ཚོ་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས”ཞེས་པ་ཁ་བྱང་དུ་བྱས་ནས་རྒྱལ་དར་འོག་གཏམ་བཤད་གནང་ཞིང་། ཡུལ་ཤུལ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་སློབ་གྲྭར་བསྐྱོད་དེ་གསོན་ཉམས་ལྡན་པའི་གྱོད་དཔེ་དང་མཉམ་འགུལ་ཉམས་ལེན་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཕྲུ་གུའི་སེམས་སུ་འཇགས་ཅི་ཐུབ་བྱས། “ང་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་པ་ཆུང་ཆུང་ཞིག་བྱེད་རྒྱུ་ཡིན”ཞེས་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་ཉི་མ་ཚེ་རིང་གི་མིག་མདངས་འོད་འཁྱིལ་བཞིན་སྐད་ཆ་ནན་ཏན་གྱིས་བཤད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སློབ་ཆུང་གི་སློབ་ཁང་ནང་འཛིན་བདག་གིས་གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེར་བརྟེན་ནས་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། གོམས་གཤིས་བཅས་སློབ་ཁང་ནང་མཉམ་འདྲེས་བྱས་ཡོད། བརྙན་ཤེལ་ཐོག་མེས་རྒྱལ་གྱི་རི་ཆུ་ནི་རི་མོ་ལྟར་བརྗིད་ཉམས་ལྡན། ཉེ་འགྲམ་གྱི་མི་རིགས་སོ་སོའི་སློབ་གྲོགས་ཚོས་ཕན་ཚུན་རོགས་བར་རེས་བྱེད་པའི་སེམས་དྲོ་ངང་ཚུལ་དེ་མིག་མདུན་དུ་མངོན།  ཕྲུ་གུ་ཚོས་སྐབས་འགར་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཉན་པ་དང་སྐབས་འགར་འཛུམ་དམུལ་དམུལ་གྱིས་མིང་ལ“རྒྱལ་ཁབ”ཅེས་པའི་ས་བོན་དེ་བབ་ཆགས་ཟོལ་མེད་ཀྱི་གཏམ་བཤད་ཁྲོད་རྩ་བ་ཚུགས་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཅང་ཡོན་ལམ་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པས“དབྱང་ཀྲེན་ཉིང་རུ་འབྲིང་”གི་ཐོབ་ཐང་ཐོག་ནས་སློབ་སྐབས་གསར་པ་མགོ་ཚུགས། སློབ་ཁང་ནང་སློབ་གྲོགས་ཚོས་འཚོལ་བསྡུ་བྱས་པའི་ཚན་རིག་གི་གཏམ་རྒྱུད་མཉམ་སྤྱོད་དང་སྐུ་ཞབས་དབྱང་ཀྲེན་ཉིང་གི་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་བརྙན་གཟུགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བལྟས། “ཆན་ཞུའེ་སེན་རུ་འབྲིང”དང“ཡོན་ལུང་ཕིང་རུ་འབྲིང་”གཉིས་ཕན་ཚུན་བརྗེ་རེས་ཀྱི་གསར་བརྗེ་ལམ་སྲོལ་དེ་སློབ་གྲྭའི་ནང་ལོ་དྲུག་ལ་རྒྱུན་མཐུད་བྱས་པས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ནམ་ཡང་གམ་ན་གནས། ཁོང་ཚོ་ནི་མིག་དཔེ་དང་། སྒྲོན་སྟེགས། ཕྲུ་གུ་ཚོའི་ཕུགས་སེམས་ཏེ“ནར་སོན་རྗེས་ང་ཁྱེད་རང་ཏུ་འགྱུར་སྲིད”ཅེས་པའི་འོད་ཆེན་པོ་དེ་རེད།

འཚར་ལོངས་གི་ལམ་དུ་རང་འབད་རང་གཅེས་བྱས།

“སློབ་སྐབས་གསར་པར་ངས་ཉིན་ལྟར་ཐ་སྙད་མང་པོ་བློར་འཛིན་པ་དང་སློབ་ཚན་ཐོག་ལག་པ་ཡར་བཀྱགས་ནས་གཏམ་བཤད་མང་ཙམ་བྱེད་དགོས”ཞེས་རྐང་ཚ་རྫོང་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་ཕི་ཡུས་ཡའོ་ཡིས་གྲོགས་པོ་ཆུང་ཆུང་གི་ཕྲག་པར་རྡེབ་ནས་ནན་ཏན་གྱིས་བཤད། འབད་བརྩོན་སྐར་མ་གཅིག་བྱས་ན་གྲུབ་འབྲས་སྐར་མ་གཅིག་ཐོབ་ཀྱི་ཡོད། བབ་ཆགས་ཀྱི་རང་གཅུན་དེ་ནི་འཚར་ལོངས་ཀྱི་ཆེས་དོན་དངོས་ཀྱི་མཆན་བཀོད་ཅིག་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་སློབ་ཆུང་གཉིས་པར་ལོ་རིམ་དྲུག་པའི་ཧན་ཀྲི་ཏུང་གིས་དཔེ་ཆ་གསར་པ་བླངས་རྗེས་ས་མེད་འདེབས་གསོ་ཁང་དུ་འཛུལ་ནས་གུང་གསེང་གི་སྔོན་ལ་བཏབས་པའི་ས་བོན་ལ་ལྟ་རྟོག་ཞིབ་ཚགས་བྱས། ལོ་རིམ་ལྔ་པའི་ཀྲའོ་གོ་རུའེ་ཡིས་ཡུན་རིང་མ་ཐུག་པའི་སློབ་ཚན་གཉིས་པར་རེ་སྒུག་བྱེད་བཞིན་ཡོད། སློབ་གཙོ་ལི་ཆུང་གིས་སློབ་གྲྭས་གཙང་སྦྲ་དང་། བདེ་འཇགས་ནང་སྦྱོང་། ཉི་འོད་སློབ་གསེང་སོགས་ཀྱི་བྱེད་སྒོ་བརྒྱུད་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་རྣམ་པ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་རོགས་རམ་བྱས།

མཚོ་ཤར་གྲོང་ཁྱེར་སློབ་འབྲིང་གཉིས་པའི་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ(2)པའི་སློབ་ཁང་དུ། AIསྐོར་གྱི་རྟོག་དཔྱོད་ཅིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཀྲུའུ་མིང་ཅ་ཡིསAIའཆར་འགོད་སློབ་སྦྱོང་དམིགས་ཚད་ཀྱི་སྟབས་བདེ་མཉམ་སྤྱོད་བྱས་པ་དང་ཁྲའེ་ཀྲུང་དབྱང་གིས་སྐབས་འགར་བརྟེན་དགོས་ཞེས་དྲང་མོར་བཤད། འཛིན་གྲྭའི་ཀྲུའུ་རེན་དགེ་རྒན་པའེ་ཡུས་ཧྭ་ཡིས“ཚན་རྩལ་གྱིས་ང་ཚོར་གཤོག་པ་སྤྲད་གྱི་ཡོད་མོད། ཕྱོགས་གང་དུ་འཕུར་དགོས་ན་ད་དུང་རང་ཉིད་ཀྱིས་ཁ་ཕྱོགས་སྟངས་འཛིན་ལ་རག་དགོས”ཞེས་བཤད། སྲོལ་རྒྱུན་སློབ་ཚན་དང་རིག་ནུས་ཚན་རྩལ་འཕྲད་སྐབས་ལོ་ཆུང་དེ་དག་གིས་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་སྟེ། ལག་ཆ་སྤྱོད་ལ་མཁས་ཀྱང་ལག་ཆས་ཚོད་འཛིན་ཡོངས་སུ་མི་བྱེད་པར་སློབ་སྦྱོང་བྱེད་བཞིན་ཡོད།

མཚོ་ནུབ་ཁུལ་གཏེར་ལམ་རྫོང་སློབ་ཆུང་དང་པོའི་སློབ་མའི་ཁྱིམ་བདག་ཨ་ལ་ཐན་ཨོ་རི་དགེ་ལགས་ཀྱིས་བྱིས་པར་ལག་སྐྱེས་ཆུང་ཆུང་ཞིག་གྲ་སྒྲིག་བྱས་པ་དེ“ཁོང་ལ་མཛད་སྒོའི་ཚོར་སྣང་ཞིག་སྦྱིན་ནས་སེམས་ལྷོད་པར་སྐུལ་མ་གཏོང་རྒྱུ་དེ་རེད”ཅེས་བཤད་པ་དང་། སློབ་གྲྭས་བཀོད་སྒྲིག་ཞིབ་ཚགས་བྱས་པའི“ཁྱིམ་ཚང་སློབ་གསོ་དང་སེམས་ཁམས་བདེ་ཐང་སྲུང་སྐྱོབ”ཅེས་པའི་ཆེད་དོན་འཆད་ཁྲིད་ནང་དོན་དངོས་ཀྱི་དཔེ་མཚོན་སྤྱད་དེ་སློབ་མའི་གུང་གསེང་གི་གནས་ཚུལ་སྙོམས་སྒྲིག་དང་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་རོགས་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུང་རིན་གྲོང་ཁྱེར་བུ་བཅོལ་ཁང་གཉིས་པའི་ནང་སློབ་མ་གསར་པ་བུ་བཅོལ་ཁང་དུ་ཞུགས་པའི་ཉིན་དང་པོར་བརྩེ་སེམས་ཀྱིས་ཁེངས་ཡོད། དགེ་རྒན་གྱིས་སྔ་མོ་ནས་སྒོ་འགྲམ་དུ་སྒུག་ནས་ཆེད་གཏོགས་སློབ་ཞུགས་ལག་ཁྱེར་ཕྲུ་གུའི་ལག་ཏུ་སྤྲད་དེ་ཨ་མའི་ལག་པ་གློད་མི་ཕོད་པའི་བྱིས་པ་ཚང་མར་ཞི་འཇམ་ངང་སེམས་གསོ་བྱས། “ཕ་མས་དྲོ་སྐྱིདལྡན་པའིསྲུང་སྐྱོབ་འོག་ཕྲུ་གུ་ཚོས་སྤྲོ་སྐྱིད་ཀྱི་འཚོ་བ་རོལ་སྟངས་རྙེད་དེབདེ་ཐང་ངང་ནས་འཚར་ལོངས་ཡོང་བར་ཡིད་ཆེས་ཡོད”ཅེས་བུ་བཅོལ་ཁང་གི་བསམ་འདུན་ནི་བབ་ཆགས་ལ་མཛེས་སྡུག་ལྡན་པ་ཞིག་རེད།

ཕུགས་འདུན་སྲུང་བར་དྲོད་ཀྱིས་ཁེངས།

འཚར་ལོངས་ནི་བྱིས་པ་གཅིག་པུ་རྒྱང་སྐྱོད་བྱེད་པ་ཞིག་གཏན་ནས་མིན། སློབ་གྲྭའི་ཕྱི་ནང་དུ་སྤྱི་ཚོགས་ལས་རིགས་སོ་སོས་བྱ་སྤྱོད་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་ཀྱི་ཡོད། 

གཏེར་ལམ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་སློབ་གྲྭར་བསྐྱོད་དེ་གསོན་ཉམས་ལྡན་པའི་གྱོད་དཔེ་སྤྱད་དེ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་དང་། སློབ་གྲྭ་སོ་སོས“སློབ་མགོ་ཚུགས་པའི་སློབ་ཚན་དང་པོའི”བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དུས་གཅིག་ཏུ་འཚོགས་ནས་བདེ་འཇགས་སློབ་གསོ་དང་། སེམས་ཁམས་བདེ་ཐང་། བྱ་སྤྱོད་ཚད་ལྡན་བཅས་ལ་དམིགས་ནས་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བར་འགན་སྲུང་བྱས། གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་པ་དབྱིན་པ་ཐེའར་གྱིས“སློབ་གསོའི་ཐད་བློ་རྩེ་གཅིག་སྒྲིམ་དང་། སློབ་མའི་ཁྱད་པར་ལ་བརྩི་འཇོག་བྱས་ནས་ངང་རྒྱུད་རིང་པོས་ཁྲིད་སྟོན་དང་འདུག་རོགས་བཅས་བྱེད་དགོས”ཞེས་བཤད། འགན་འཁྲི་དེ་སློབ་ཚན་རེ་རེ་དང་། ཟུར་ཁྲིད་བྱེད་ཐེངས་རེ་རེ། དོ་སྣང་བྱེད་ཐེངས་རེ་རེ་བཅས་ཀྱི་མིག་མདངས་སུ་ལྷུང་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་ནང“གཞི་གྲངས་ཀྱིས་མང་སྒྲུབ་དང་མང་ཚོགས་ཉུང་རྒྱུག་གི”འཕོ་འགྱུར་ཞིག་འབྱུང་བཞིན་ཡོད། ཁུལ་ཡོངས་ཀྱི་ཉི་འོད་སློབ་བསྡུའི་དྲ་ཐོག་མིང་ཐོ་འགོད་པའི་ཚོད་ལྟའི་སློབ་གྲྭ་ཞིག་ཡིན་པའི་ངོས་ནས་སློབ་ལོ་རན་པའི་བྱིས་པའི་ཁྱིམ་བདག་གིས་མཚོ་སྔོན་སྲིད་དོན་ཞབས་ཞུའི་དྲ་བ་བརྒྱུད་རེ་ཞུ་བྱེད་དགོས་པ་དང་སྤྱི་བདེ་ཐེམ་ཐོ་དང་། གཏན་ཚུགས་ནོར་རྫས། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཆ་འཕྲིན་ལས་སྟེགས་ཐོག་ནས་རང་འགུལ་ངང་ཞིབ་བསྡུར་ཞིབ་བཤེར་བྱས་པས་དེ་སྔའི་དྲ་ཐོག་ཕྱི་རོལ་དུ་གྲལ་སྒྲིག་པའི་བྱེད་སྟངས་རྙིང་པར་རྩ་བ་ནས་བསྒྱུར་ཡོད། སློབ་ཁྲིད་ཀྱི་སློབ་གཙོ་གཞོན་པ་ཁུང་ལིང་ཡུས་ཀྱིས་སློབ་གྲྭ་དང་ཅུས་རིམ་པ་གཉིས་ཀྱི་ཞིབ་བཤེར་ལམ་སྲོལ་ཚད་ལྡན་དང་གོ་རིམ་ལྡན་པ་དང་། གོམ་སྟབས་རེ་རེའི་བཀོལ་སྤྱོད་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་བཞག་ནས་ཁུར་པོ་ཇེ་ཡང་དུ་བཏང་བས་དམངས་ཕན་དང་ཁུར་པོ་ཇེ་ཡང་དུ་ཕྱིན་ལ་དྲང་གཞག་གི་མ་མཐའི་མཚམས་ཐིག་སྲུང་ནས་འོས་འགན་སློབ་གསོའི་སློབ་མ་བསྡུ་བ་ཚད་ལྡན་དུ་གཏོང་བ་དང་སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་སྦྱོང་འགན་སྲུང་བྱས་ནས་རྨང་གཞི་བརྟན་པོ་བཏིངས།

རྒྱལ་སྲུང་སློབ་གསོ་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་བར་དང་། སེམས་ཁམས་སྣེ་ཁྲིད་ནས་དམངས་བདེ་མིང་ཐོ་འགོད་པ། འགྲིམ་འགྲུལ་བདེ་འཇགས་ནས་མི་རིགས་མཐུན་སྒྲིལ་བར་བཅས་སློབ་སྐབས་གསར་པའི་རིས་ལྗོངས་ཤིག་མཚོ་སྔོན་གྱི་ས་གཞི་ཆེན་པོར་རིམ་བཞིན་བཀྲམསཞིབ་ཕྲ་ལས་ཀ་རེ་ན་བརྩེ་དུང་ཟབ་མོ་མངོན། སྲུང་སྐྱོབ་ལེགས་པོ་རེ་ན་འོས་འགན་ཆེན་པོ་ཉར། 

ཉིན་དེར་ཕུགས་འདུན་གསར་པ་གྲངས་ལས་འདས་པ་ཞིག་མངོན་འགྱུར་བྱེད་མགོ་ཚུགས་པ་དང་། དེ་དག་ནི་བབ་ཆགས་དང་ཡང་ན་དོན་ཆུང་ཕྲན་བུ་་ཙམ་དུསྲིད་མོད་ཀྱང། ཡོད་ཚད་དོན་དངོས་ཏེ་ནུས་སྟོབས་ཀྱིས་རྫོགསད། སློབ་ལོ་གསར་པ་ནི་དུས་ཚོད་ཀྱི་བརྐོས་རིས་ཡིན་ལ་འཚར་ལོངས་ཀྱི་མགོ་འཛུགས་ས་ནི་དེ་བས་ཡིན། བུ་ཕྲུག་ཚང་མས་དྲོ་སྐྱིད་ལྡན་པའི་སྲུང་སྐྱོང་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཏན་ཏན་ཏིག་ཏིག་གི་སློབ་སྦྱོང་ཁྲོད་སྔར་ལས་ལྷག་པའི་རང་ཉིད་ངོ་མ་དེ་རྙེད་རྒྱུ་རེ་བ་ཡོད་ཅེས་གསུངས་པ་རེད། ཕུགས་འདུན་ནི་ནམ་ཡང་རྒྱང་ཐག་རིང་པོ་ཞིག་མིན། དེ་ནི་དུས་ད་ལྟའིརྐང་འོག་ན་ཡོད་ཅིང་། བློ་རྩེ་གཅིག་སྒྲིམ་་གྱིས་ཉན་དུས་དང་། ལག་པ་ཡར་བཀྱགས་ནས་ལན་རྒྱགདུས། ། མི་གཞན་ལ་རོགས་རམ་བྱེད་དུས། སློབ་སྦྱོང་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་དུས་སུ་འདམ་བཞིན་ངང་གིས་གྲོལ་ངེས།

རེ་བ་བསྣམས་ཤིང་གྲ་སྒྲིག་ཡོད་པའི་སྒོ་ནས་ལམ་ལ་ཆས། སློབ་ལོ་གསར་པར་མཚོ་སྔོན་གྱི་བྱིས་པ་་ཚོས་དཔའ་ཉམས་ཆེ་ཞིང་ཡར་ཐོན་གྱི་ཉམས་འགྱུར་ཐོག་ནས་ཁོང་ཚོར་དབང་བའི་ཡངས་ཤིང་རྒྱ་ཆེ་བའི་རྒྱང་རིང་གི་ཕུགས་འདུན་ཕྱོགས་སུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།