ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2026ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས(ཞིང་ཆེན་སྲིད་འཛིན་སློབ་གླིང་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང)2026ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ(ཞིང་ཆེན་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང)ཚའོ་ཅུན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། 

ཚའོ་ཅུན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་དུས་རབས་གསར་བའི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ལོ་རྒྱུས་ཀྱི་གོ་གནས་དང་གཞུང་ལུགས་ཀྱི་ནང་དོན། ལག་ལེན་གྱི་རིན་ཐང་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཏང་འཛུགས་དགོངས་པར་སློབ་སྦྱོང་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བྱེད་པར་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཐད་ནུས་ཤུགས་ཡོད་རྒུས་འདོན་དགོས། སྦྱངས་པ་དེ་སྤྱོད་གོ་ཆོད་པར་བྱེད་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དེ་ཞིང་ཆེན་གྱི་གནས་ཚུལ་རྒྱུས་ལོན་བྱེད་པའི་རྒྱང་མཐོང་ལྟ་བུ་དང་དཀའ་གནས་སེལ་བའི་གསེར་གྱི་ལྡེ་མིག་ལྟ་བུར་བསྒྱུར་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་། ཏང་སྲོལ་སྲིད་སྲོལ་འཛུགས་སྐྱོང་བཅས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། དགོངས་པ་འདི་ཉིད་མཚོ་སྔོན་གྱི་ས་གཞི་ཆེན་པོར་ཁྱབ་པར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་གཞིགས་ནས་རང་ངོས་ཞིབ་བཤེར་བྱེད་པ་དང་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་བློ་སྦྱོང་དང་རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་རང་རྟོགས། དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ཁག་ཁུར་བཅས་སྦྱོང་བརྡར་བྱས་ཏེ། རང་ངོས་ལེགས་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ཉིད་མཐོར་འདེགས་བཅས་ཀྱི་ཐད་ལ་བསྟུད་མར་ཤུགས་འདོན་དགོས།

ཚའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་སློབ་སྦྱོང་ནི་རང་ཉིད་ཀྱི་ནུས་པ་སྦྱོང་བརྡར་དང་མཐོར་འདེགས་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། སློབ་སྲོལ་བཟང་པོ་ནི་སློབ་སྦྱོང་གི་ཕན་འབྲས་ཀྱི་འགན་སྲུང་གལ་ཆེན་ཞིག་པས། སློབ་མ་ཚང་མས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོར་སྲུང་བ་དང་ཏང་གི་སློབ་གྲྭའི་དོ་དམ་དང་ལེན་བྱེད་པ། སྤྱོད་ཚུལ་དང་སློབ་སྲོལ་དམ་འཛིན་ནན་མོ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་པའི་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་འཐབ་པ་ཞིག་ཏུ་བརྩོན་ལེན་བྱ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།