མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རིག་ནུས་ཅན་གྱི་དོ་དམ་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས19ཉིན་བར“ཁུངས་མང་གཞི་གྲངས་མཉམ་འདྲེས་ལག་རྩལ་དེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤུས་ཚད་ལ་གདེང་འཇོག་དང་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས”ཀྱིས་སྤྱི་ཆིང་ཁྲི12.19ཟིན་པའི་སྲུང་སྐར་རྒྱང་ཚོར་འོད་ཤལ་མང་བའི་རྒྱང་ཚོར་གཟུགས་བརྙན་གཞི་གྲངས་འཚོལ་བསྡུ་དང་བཟོ་སྐྲུན་ལེགས་འགྲུབ་ཟིན་པ་དང་། འོད་ཤལ་མང་བ་དང་། སྐུལ་འོད་ལེ་ཏར། ཚ་བའི་དམར་ཕྱིའི་འོད་སོགས་ལག་རྩལ་ཁྱབ་པའི་མི་མེད་གནམ་གྲུའི་གཞི་གྲངས་འཚོལ་བསྡུ་སྒྲིག་ཆས་མ་ལག་བསྐྲུན་པ་དང་། མི་མེད་གནམ་གྲུའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཁུལ2བཙུགས་པ། ལི་སྨི་རིམ་པའི་ཞིབ་ཚད་འོད་ཤལ་མང་བའི་གཞི་གྲངས་འཚོལ་བསྡུ་བྱེད་པའི་ལམ་ཚད་སྤྱི་ལེ200ལས་བརྒལ་བ། ལས་འགན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད་པ་རེད།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་རྒྱ་ཆེ་བ་དང་ས་དབྱིབས་རྙོག་འཛིང་ཆེ་བ།  2026ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་ཚོད་སྐོར་ལྟེ་གནས་ཀྱིས“ཁུངས་མང་གཞི་གྲངས་གཞི་མཉམ་འདྲེས་ལག་རྩལ་དེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤུས་ཚད་ལ་གདེང་འཇོག་དང་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས”ལག་བསྟར་བྱས་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤུས་ཚད་གནད་འཁེལ་ཅན་དང་དུས་ཐོག་ཅན་གྱི་ལྟ་ཞིབ་ཚད་ལེན་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་ནས། ས་ཁོངས་སྐྱེ་ཁམས་ཀྱི་ཕུགས་ཕན་ལྟ་ཞིབ་ཚད་ལེན་དང་གནད་འཁེལ་སྲུང་སྐྱོང་མངོན་འགྱུར་ཐུབ་པ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད།

རང་ཞིང་གི་རྟ་ཐང་པེ་ཁྲོན་ཆུ་མགོའི་ཁུལ་དང་ཞུན་ཧྭ་མེང་ཏ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་དཔེ་སྟོན་ས་ཁོངས་སུ་བདམས་པ་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སུའོ་ལག་རྩལ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། ཞིབ་ཚད་མཐོ་བ་དང་འོད་རིམ་མང་བའི་མི་མེད་གནམ་གྲུའི་གཟུགས་བརྙན་གཞི་གྲངས་ལ་གཞིགས་ནས་སྐྱེ་ཁམས་དམིགས་ཚད་ལྡོག་སྟོན་རྩི་ཐབས་ཞིབ་འཇུག་གསར་སྤེལ་བྱས་ཏེ་སྲུང་སྐྱོང་ཁུལ་གྱི་རྒྱང་ཚོར་སྐྱེ་ཁམས་སྤུས་ཚད་དང་། རྩི་ཤིང་ཁེབས་ཚད། ས་ཆ་ཞན་འགྱུར། ཐང་རྒོད་ཅན། དེ་བཞིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་ཁུལ་གྱི་འགུལ་རྣམ་འགྱུར་ལྡོག་བཅས་ཚད་འབེབས་དབྱེ་ཞིབ་བྱས་ནས་སྐྱེ་ཁམས་ཉམས་ཞན་ཁུལ་གནད་ལ་འཁེལ་བའི་ངང་ངོས་འཛིན་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་དེ་མི་ཐབས་ལ་བརྟེན་ནས་ཡུལ་དངོས་སུ་་སྐོར་གཡེང་བྱེད་པ་ནས་གཞི་གྲངས་ཅན་གྱི་རིག་ནུས་དོ་དམ་ཚོད་འཛིན་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་ཚོད་སྐོར་ལྟེ་གནས་ཀྱིས་སྲུང་སྐྱོང་ཁུལ་གྱི་མཁའ་ཐོག་པར་ལེན་ལས་དོན་མུ་མཐུད་དུ་གཅིག་གྱུར་འཆར་འགོད་བྱས་ནས། སྨི1གི་དབྱེ་འབྱེད་ཚད་ཀྱི་དྲ་མིག་རྒྱང་ཚོར་གཟུགས་བརྙན511དུས་བཀག་ལྟར་འཚོལ་བསྡུ་ལེགས་འགྲུབ་བྱ་རྒྱུ་དང་སྐྱེ་ཁམས་རིག་ནུས་ལྟ་ཞིབ་ཚད་ལེན་མཉེན་ཆས་ཀྱི་མདུན་རྒྱབ་སྣེའི་སྒྲོམ་གཞི་འཛུགས་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། ལྟེ་བའི་སྐྱེ་ཁམས་སྤུས་ཚད་དམིགས་ཚད་ཁག7གྱི་དཔེ་དབྱིབས་རྩིས་རྒྱག་ལེགས་འགྲུབ་བྱ་རྒྱུ་རེད།  སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུའི་མཁའ་ཐོག་པར་ལེན། ས་ངོས་ཀྱི་སྐྱེ་དངོས་དུས་རྟགས་ལྟ་ཞིབ་ཚད་ལེན། ཕྱི་རོལ་གྱི་མ་དཔེ་བརྟག་དཔྱད་སོགས་ཁུངས་མང་མཉམ་འདྲེས་གཞི་གྲངས་ལ་བརྟེན་ནས་གྲངས་ཚད་གཏན་འཁེལ་གྱི་དབྱེ་ཞིབ་གྲུབ་འབྲས་ཆགས་པར་བྱས་ཏེ་སྐྱེ་ཁམས་སླར་གསོའི་ཁུལ་དབྱེ་དང་རིགས་དབྱེ་ནས་ཁྱད་པར་ཅན་གྱི་སྲུང་སྐྱོང་བཅོས་སྐྱོང་བྱེད་ཐབས་བཟོས་ཏེ་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་སྐོར་གཡེང་སྲུང་སྐྱོང་དང་། སྐྱེ་ཁམས་དང་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་བརྡ། སྐྱེ་ཁམས་སླར་གསོ་ལག་བསྟར་བཅས་ལ་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།