《མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི》བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་པ་རེད། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཆར་གཞི་རྩ་གནད》ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི》ཡི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་དང་ལེན་བྱེད་པ་ནི “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

《འཆར་འགོད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་བྱ་རྒྱུ་གཙོ་རྐང་དུ་བྱེད་པ།  དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱ་གཞིར་བྱེད་པ། དམངས་ཚིས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་དམིགས་ཚད་དུ་བྱེད་པ།  ལས་ཞུགས་ཇེ་བརྟན་དུ་གཏོང་བ་དང་། དམངས་ཚིས་འགན་སྲུང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  རྒྱུད་རིམ་ལྡན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་གཙོ་བོ་དང་སྔོན་དཔག་རང་བཞིན་གྱི་དམིགས་ཚད་བཏོན།

《འཆར་འགོད》ནང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི30གསར་དུ་འཕར་བ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི500གཞན་སྒྱུར་བྱ་རྒྱུའི་དམིགས་ཚད་ལས་འགན་ཁ་གསལ་བཏོན་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་གཏོང་བ་དང་། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན། ཡོང་འབབ་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཞི་མཐུན་ངལ་རྩོལ་འབྲེལ་བ་འཛུགས་པ། སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས་ཞིབ་ཕྲའི་ལག་བསྟར་ཐབས་ལམ་དང་ལས་འགན་གཙོ་བོ34བཏོན་པ་མ་ཟད། ཆེད་བསྒྲིགས་ལེ་ཚན6བཀོད་སྒྲིག་བྱས་ནས་ལས་ཞུགས་སྤུས་ཚད་ཇེ་མཐོར་གཏོང་བ། “རྩལ་ནུས་ཀྱིས་མདུན་ལམ་གསལ་བར་བྱེད་པ”གསོ་སྦྱོང་བྱེད་པ། སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣའི་རྨང་གཞི་སྲ་བརྟན་དུ་གཏོང་བ།  གྲངས་རིག་ཅན་གྱི་ནུས་པ་མཐོར་འདེགས་སོགས་འགུལ་སྐྱོད་འཆར་གཞི་གལ་ཆེན་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།