མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས་31ཉིན་བར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རིམ་རྩིས་བྱས་ན་ནུས་གསོག་རྣམ་གྲངས་གསར་པ་ཆན་ཝ་ཁྲི60.5དྲ་སྦྲེལ་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་དུས་མཚུངས་ལས38.3%འཕར་བ་དང་ཞིང་ཆེན་དེ་ཡོངས་ཀྱི་ནུས་གསོག་འཕྲུལ་འཁོར་ཆན་ཝ་ཁྲི421.45ཟིན་ནས་ནུས་གསོག་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད།
སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས་མཚོ་སྔོན་གྱིས་ནུས་གསོག་ཐོན་ལས་འཕེལ་རྒྱས་ཀྱི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་དེ་ཞིང་ཆེན་ནུས་རྒྱུ་ཅུས་དང་། གློག་དྲ། གློག་གཏོང་ཁེ་ལས་བཅས་དང་མཉམ་འབྲེལ་ཐོག་ནུས་གསོག་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཞིང་ཆེན་དེ་ཡོངས་ཀྱི་ནུས་རྒྱུ་གསར་པ་བཀོད་སྒྲིག་འཛུགས་སྐྲུན་དང་གློག་ཤུགས་མཁོ་འདོན་འགན་ལེན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ནུས་གསོག་འཛུགས་སྐྲུན་གྱི་གཞི་ཁྱོན་དང་ལག་རྩལ་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོས་ཏེ་ནུས་གསོག་ཐོན་ལས་གོ་རིམ་ལྡན་ལ་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ནུས་གསོག་རྣམ་གྲངས་ཁག་གཅིག་གི་ཐོན་དབང་ཡོང་འབབ་ཀྱི་དབྱེ་མཚམས་རབ་རིབ་དང་བཀོད་གཏོང་དང་བཀོལ་སྤྱོད་གང་ལེགས་མེད་པ་སོགས་ལས་རིགས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་AGCཚོད་འཛིན་གཏན་ཚིགས་ལེགས་སུ་གཏོང་བ་དང་གྲངས་གཞི་སྤེལ་རེས་བྱེད་སྟངས་བསྐྱར་སྒྲིག་བྱས་པ་བརྒྱུད་ནུས་གསོག་གློག་ཁང་བརྟན་པོ་དང་རྒྱུན་རྣམ་ཅན་དུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཚད་འཇལ་ས་ཚིགས་བཀོད་སྒྲིག་ལེགས་སུ་བཏང་ནས་ཐོན་དབང་དང་ཁེ་བཟང་གི་མཐའ་མཚམས་གསལ་པོ་བཟོས་ཏེ་གསོག་འབོར་ནུས་གསོག་ཐོན་ཁུངས་ནུས་ལྡན་ངང་འཁྲུག་པོར་གཏོང་བ། ཟླ7པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་བཀོལ་སྤྱོད་ཆོག་པའི་ནུས་གསོག་གློག་ཁང་གི་གྲངས་འབོར་དུས་མཚུངས་ལས28%འཕར་ནས་ནུས་གསོག་ཐོན་ཁུངས་ཚད་ལྡན་ཅན་གྱི་བེད་སྤྱོད་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་།
དྲ་སྦྲེལ་ཞབས་ཞུའི་ཁྱབ་ཁོངས་སུ་རྒྱལ་ཁབ་དྲ་རྒྱ་མཚོ་སྔོན་གློག་ཤུགས་ཀྱིས་གློག་ཤུགས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་ནུས་གསོག་བརྒྱུད་རིམ་ཧྲིལ་པོའི་དྲ་སྦྲེལ་ དྲ་ཐོག་ཆེད་ལས་ཅན་གྱི་དོ་དམ་ལས་སྟེགས་ལ་བརྟེན་ནས་ནུས་གསོག་རྣམ་གྲངས་ཀྱི་དཔྱད་གཞིའི་ཡིག་རིགས་ཡར་བསྐུར་དང་། ཆེད་ལས་མང་པོས་མཉམ་འབྲེལ་ཐོག་ཞིབ་བཤེར་མིང་རྟགས་འགོད་པ། གནད་དོན་དག་ཐེར་དང་ཚུར་ལན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཁ་ཟུམ་བསྒྲུབ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། དྲ་སྦྲེལ་དོ་དམ་མ་ལག་དང་བཀོད་གཏོང་སྤྲིན་པའི་གློག་ཆད་པའི་དོ་དམ་དཔེ་དུམ་གྱི་གྲངས་གཞིའི་སྦྲེལ་ལམ་ཤར་གཏོང་ཐུབ་པ་བརྒྱུད་རྣམ་གྲངས་དག་ཐེར་ལེགས་བཅོས་ཀྱི་མྱུར་ཚད་དང་གློག་ཆད་པའི་དྲ་སྦྲེལ་འཆར་གཞི་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱས་ཏེ་རྣམ་གྲངས་དྲ་སྦྲེལ་དུས་འཁོར་ཐུང་དུ་ནུས་ལྡན་བཏང་བ་དང་ཆ་སྙོམས་དྲ་སྦྲེལ་དུས་ཡུན་དུས་མཚུངས་ལས་47%ཐུང་དུ་ཕྱིན་ནས་་ནུས་གསོག་རྣམ་གྲངས་དོན་འཁྱོལ་དང་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཕན་འབྲས་ཆེ་རུ་བཏང་།
ནུས་གསོག་སྙོམས་སྒྲིག་གི་རིན་ཐང་ཆེ་ཤོས་གཏོང་ཆེད། རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ཤུགས་ཀྱིས་བཀོད་གཏོང་འཁོར་སྐྱོད་བྱེད་སྟངས་རྒྱུན་མཐུད་ལེགས་སུ་བཏང་ནས་སྲོལ་རྒྱུན་གྱི་དུས་མཚམས་གཏན་འཇགས་ཀྱི་གློག་གསོག་གློག་གཏོང་འཁོར་སྐྱོད་བྱེད་སྟངས་མེད་པ་བཟོས་ཡོད། འགུལ་རྣམ་གནད་ལ་འཁེལ་བའི་སྒོ་ནས་གློག་དྲའི་བཅད་ངོས་ཀྱི་ཐེག་ཚད་དང་།ནུས་རྒྱུ་གསར་པའི་ནུས་ཤུགས་འདོན་པའི་ཁྱད་ཆོས།དེ་བཞིན་གློག་ཤུགས་མཁོ་སྤྲོད་ཀྱི་རྣམ་པ་བཅས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བརྒྱུད་ཁྱད་པར་ཅན་དང་ཞིབ་ཚགས་ཅན་གྱི་ནུས་གསོག་གློག་གསོག་བཀོད་གཏོང་ལག་བསྟར་བྱེད་དགོས། སྙོམས་སྒྲིག་ཚོད་ལྟ་བྱེད་རིང་གི་ནུས་གསོག་གློག་ཁང་གི་ཐོན་ཁུངས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་ནུས་རྒྱུ་གསར་པ་བསྡུ་ལེན་དང་གནོན་ཤུགས་ཐེག་པའི་དུས་མཚམས་སུ་གློག་གསོག་ནུས་གསོག་སྒྲིག་འཛུགས་བྱེད་པ་དང་། གློག་དྲར་གློག་ཤུགས་མི་འདང་བའི་སྐབས་སུ་གློག་གཏོང་ནུས་གསབ་བྱས་ཏེ་ནུས་གསོག་གི་རྩེ་གཞོག་གྲོག་རོང་ཁ་སྐོང་དང་ནུས་རྒྱུ་གསར་པ་བསྡུ་ལེན་ལ་རོགས་རམ་བྱེད་པའི་འགག་རྩའི་ནུས་པ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཟུར་གྱི་ནུས་གསོག་གློག་གསོག་ཆུ་ཚོད་དུས་མཚུངས་ལས37%འཕར་ནས་ནུས་གསོག་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།