བྲག་དཀར་རྫོང་ཏ་ཐང་འོད་ཤུགས་རྣམ་གྲངས་ཀྱིས་ནུས་ཁུངས་གཙང་མའི་མཐོ་སའི་སྣེ་ཁྲིད་ཁུལ་བཏོད་པར་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གསར་འགོད་པ། ཡེ་ཤེས་སྒྲོལ་མ།

ཟླ8པའི་ཚེས20ཉིན་གྱི་སྔ་དྲོར། 2026ལོའི“ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད”ཅེས་པའི་སྨྱན་སྦྱོར་མཚོ་ལྷོ་བོད་རང་སྐྱོང་ཁུལ་དུ་སྐྱོད་པའི་བཅར་འདྲི་ཚོགས་པ་བྲག་དཀར་རྫོང་ཏ་ཐང་འོད་ཤུགས་རྣམ་གྲངས་ཀྱི་ཡུལ་དངོས་སུ་སོང་སྟེ། རྣམ་གྲངས་ཀྱིས་ནུས་ཁུངས་མཁོ་སྤྲོད་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོའི་འགན་སྲུང་སོགས་ཀྱི་ཐད་ཐོན་པའི་ནུས་པར་རྒྱུས་ལོན་གསལ་བོ་བྱས། ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་སའི་སྣེ་ཁྲིད་ཁུལ་བཏོད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཕུན་སུམ་ཚོགས་པའི་འོད་ཤུགས་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་ནུས་ཁུངས་གསར་པའི་ཐོན་ལས་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་བཏང་བས། བྲག་དཀར་ཡི་ཏ་ཐང་འོད་ཤུགས་ནུས་གསོག་དཔེ་སྟོན་རྣམ་གྲངས་དེ་རྫོང་ཁོངས་ཀྱི་ནུས་ཁུངས་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྣམ་གྲངས་དེའི་སྤྱིའི་སྒྲིག་ཆས་ཀྱི་གློག་འདོན་ནུས་པ་སྟོང་ཝ་ཁྲི90ཟིན་པ་དང75MW/300MWhཡི་ནུས་གསོག་སྒྲིག་བཀོད་ཆ་ཚང་བསྐྲུན་ནས་འོད་ཤུགས་ནུས་གསོག་གཞི་གཅིག་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད། ལོ་རེར་ཆ་སྙོམས་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར10ལས་བརྒལ་ཏེ། རྡོ་སོལ་ཟད་གྲོན་དང་ཐཱན་ཕྱིར་འདོན་ཚད་ནུས་ལྡན་སྒོས་ཇེ་ཉུང་དང་སྐྱེ་ཁམས་ཕན་འབྲས་མངོན་གསལ་དོད་པོར་ཕྱིན་ཡོད།

རྣམ་གྲངས་དེས“པང་ལེབ་ཐོག་གློག་གཏོང་བ་དང་། པང་ལེབ་བར་རྩྭ་འདེབས་པ། པང་ལེབ་འོག་ལུག་གསོ་བའི”སྐྱེ་ཁམས་འོད་ཤུགས་རྣམ་པ་ཁྱབ་གདལ་བཏང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ངང་སླར་གསོ་བྱས་ཏེ་ནུས་ཁུངས་གསར་པའི་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་མཉམ་གནས་ཡོང་བར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག རྫོང་ཁོངས་ཀྱི་དྲོད་རླངས་མཁོ་འདོན་དང་གློག་སྤྱོད་ལ་འགན་ལེན་བྱས་ནས་མི་སྡོད་ཁོར་ཡུག་ནུས་ལྡན་སྒོས་ཇེ་ལེགས་སུ་བཏང་བ་དང་། འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་དུས་གཅིག་ཏུ་ཆེ་རུ་འགྲོ་བ་མངོན་འགྱུར་བྱུང་ཡོད།

རྗེས་མར། བྲག་དཀར་རྫོང་གིས་ཏ་ཐང་འོད་ཤུགས་དཔེ་སྟོན་རྣམ་གྲངས་ལ་བརྟེན་ནས་ནུས་ཁུངས་གསར་པའི་ཐོན་ལས་ཁྱབ་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ནུས་ཁུངས་གཙང་མའི་ཐོན་ལས་ཕྲེང་འབྲེལ་མུ་མཐུད་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།