ཟླ8པའི་ཚེས7ཉིན། ཞིན་ཧེ་རྫོང་དུ"རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ"ཞེས་པའི2026ལོའི་སྐྱེ་ཁམས་བྲག་དཀར་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་སྤེལ་ཞིང་། རྫོང་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལྷན་དུ་འཛོམས་ནས་རིག་གནས་ཡུལ་སྐོར་གྱི་དགའ་སྟོན་ལ་རོལ་བ་རེད།

བྱ་འགུལ་མགོ་རྩོམ་པའི་ཡུལ་དངོས།
བྲག་དཀར་རྫོང་གི་ས་ཁོངས་རྒྱ་ཆེ་ཞིང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན། "ལོ་ལྔའི་འཆར་གཞི་བཅུ་བཞི་པའི"སྐབས་སུ། ས་གནས་དེས་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར30ལས་བརྒལ་བ་དང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞི་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དུ་བདམས་ཡོད།
མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། ཚོན་དུ་འཕྱུར་བ་དང་ལྒང་བུ་འཕུར་ཏེ། མི་རིགས་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་བ་བཅས་ཀྱིས་མཐོ་སྒང་འབྲོག་ལས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མངོན་པར་བྱས།

བྱ་འགུལ་གྱི་ཡུལ་དངོས།
ཐེངས་འདིའི་རིག་གནས་ལུས་རྩལ་ཡུལ་སྐོར་ཕྲེང་བསྟར་བྱ་འགུལ་ལས་བྲག་དཀར་གྱི་རང་བྱུང་མཛེས་པ་དང་མི་ཆོས་མཛེས་པ། འཕེལ་རྒྱས་ཀྱི་མཛེས་པ་སོགས་ཕྱོགས་མང་པོ་ནས་མཚོན་ཡོད་པ་མ་ཟད། ས་གནས་དེའི་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཡོད། མ་འོངས་པར་བྲག་དཀར་རྫོང་གིས་ལས་དོན་གཙོ་བོ་གཏིང་ཟབ་ཏུ་སྒྲུབ་པ་དང་། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མི་ཆོས་ཁོར་ཡུག་བཟང་པོ་བེད་སྤྱད་དེ། རིག་གནས་དང་ལུས་རྩལ། ཡུལ་སྐོར་གསུམ་ཟུང་འབྲེལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་སྣོན་རྒྱུ་རེད། །