ཟླ7པའི་ཚེས31ཉིན་བར། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་མར་སྟེང་ཆུ་གློག་ས་ཚིགས་ཀྱི་ཟླ་རེའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར11བརྒལ་བ་དང་། མ་རྩ་བཏང་བའི་རིང་གི་ཟིན་ཐོ་གསར་བ་སྐྲུན་ཞིང་། འཕྲུལ་ཆས་ཀྱིས་དུས་ཚོད་ཁ་ཤས་དང་། ཆུ་ནུས་བེད་སྤྱོད་བྱེད་ཚད་སོགས་རྟགས་ཚད་དུས་མཉམ་དུ་ཟིན་ཐོ་སྐྲུན་ནས། དབྱར་དུས་ཀྱི་ནུས་ཁུངས་མཁོ་འདོན་ཐད་བྱས་རྗེས་བཞག
མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ཚན་རིག་སྒོས་ཕན་ནུས་སྔོག་འདོན་བྱས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འཛོམས་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། གློག་འདོན་ས་ཚིགས་སུ་སྔོན་དཔག་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ། འགུལ་རྣམ་ཆུ་མཛོད་འཁོར་རྒྱུག་ཇེ་ལེགས་སུ་བཏང་ནས། སྨད་རྒྱུད་ཀྱི་གློག་འདོན་ས་ཚིགས་དང་ཤུགས་བསྣན་ཏེ། ཆུའི་ཐོན་ཁུངས་ཕྱིར་ཐོན་པར་བྱས། ཚ་གྲང་མཐོ་བར་གདོང་གཏད་དེ། སྒྲིག་ཆས་ཀྱི་དོ་དམ་དང་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་ནས། “པ་སེ་གཉིས་དང་སྒྲིག་སྲོལ་གསུམ”ལག་བསྟར་ནན་མོ་བྱས་ཏེ། ལྟ་སྐུལ་ཚད་ལེན་སོགས་རིག་ནུས་ཅན་གྱི་བརྡར་གཅོད་སྤྱད་དེ། འཕྲུལ་ཆས་འཁོར་རྒྱུག་གཏན་འཇགས་ཡོང་བར་ཁག་ཐེག་བྱས།
རིག་ནུས་དོ་དམ་ཚོད་འཛིན་སྟེགས་བུར་བརྟེན་ནས། AGCདངAVCརང་འགུལ་སྡེབ་སྒྲིག་བྱེད་ནུས་འདོན་སྤེལ་བྱས་པ་དང་། ཟླ7པའི་རིང་གི་སྡེབ་སྒྲིག་ཡང་དག་ཚད100%ལ་སླེབས་པ་དང་། གློག་དྲའི་བདེ་འཇགས་གཏན་འཇགས་ཡོང་བར་གཞོགས་འདེགས་བྱས། དེ་མིན། གློག་འདོན་ས་ཚིགས་ཀྱིས་བདེ་འཇགས་ཐོན་སྐྱེད་དོ་དམ་ཚོད་འཛིན་དོན་འཁྱོལ་དང་། ལས་གནས་བདེ་འཇགས་འགན་འཁྲི་གཟབ་ནན་དུ་བཏང་སྟེ། ཉེན་ཁའི་རྩད་ཞིབ་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ཐོན་སྐྱེད་གནས་བབ་གཏན་འཇགས་ཀྱིས་གློག་ཐོན་ཚད་མུ་མཐུད་ནས་མཐོ་རུ་འགྲོ་བར་བྱས། །