འབའ་རྫོང་གིས་ཏང་འཛུགས་འཐུས་ཚང་ཅན་ལག་ལེན་བྱེད་པ།ཐང་མགོ་གྲོང་རྡལ་གྱིས་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་རྒྱལ་ཁའི་ངང་སྤེལ།

ཡོང་ཁུངས། འབའ་རྫོང་སྨྱན་སྦྱོར་ལྟེ་གནས།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར105འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་ཏང་འཛུགས་འཐུས་ཚང་ཅན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ།ཐང་མགོ་གྲོང་རྡལ་གྱིས་བསམ་པའི་རིག་གནས་ཚོགས་ཆུང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཏུ་གཏོང་བ་དང་།ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་གི་གསར་སྐྲུན་གྲུབ་འབྲས་རྒྱ་སྐྱེད་དུ་གཏོང་ཆེད།ཉེ་ཆར།ཐང་མགོ་གྲོང་རྡལ་གྱི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་མགོ་མང་བཅའ་སྡོད་སློབ་ཆུང་དུ་སྤེལ་བ་དང་།གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོ་དང་སྡོད་ཁུལཁག་གི་རོང་འབྲོག་པའི་ལུས་རྩལ་པ་རྣམས་མཉམ་གཅིག་ཏུ་འཛོམས་ནས་ལུས་རྩལ་འགྲན་བསྡུར་བྱས་ཏེ་དུས་རབས་གསར་པའི་འབྲོག་ཁུལ་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་ཐོ་དང་དཔའ་ངར་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཞིང་ལས་དངུལ་ཁང་དང་འབའ་རྫོང་ཞིང་སྡེ་ཚོང་དོན་དངུལ་ཁང་གཉིས་ཀྱིས་རྒྱབ་སྐྱོར་བྱས་ལ།རྣམ་གྲངས་བཀོད་སྒྲིག་དེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་དམ་པོར་འབྲེལ་ནས་མི་རིགས་ཀྱི་ཁྱད་ཆོས་དང་མང་ཚོགས་ཞུགས་ཚད་མངོན་གསལ་དོད་པོ་ཡིན་པ་རེད། ཐག་འཐེན་དང་སྨི་བརྒྱའི་ཐུང་རྒྱུག  ས་སྒྱེ་འགྱོག་པ། གླིང་ཆེན་ས་གཤེགས་དང་བོད་ཀྱི་བཙུར་འགྱིག་སོགས་མི་རིགས་སྲོལ་རྒྱུན་འགྲན་བསྡུར་གྱིས་ཚང་མར་ལུས་རྩལ་འགྲན་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་པ་རེད།    འགྲན་བསྡུར་ཡུལ་དངོས་སུ་རྣམ་པ་འཁྲུག་པོ་དོད་ཞིང་གོ་རིམ་ལྡན་ལ་ལུས།རྩལ་པ་རྣམས་སྙིང་སྟོབས་ཀྱིས་ཁེངས་ཤིང་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་བྱས་ཏེ།འགྲན་བསྡུར་གྱི་ཁྱད་ཆོས་དང་ཆུ་ཚད་མངོན་པར་བྱས་ནས་འགྲན་བསྡུར་འགྲམ་གྱི་ལྟད་མོ་བས་ཤུགས་སྣོན་བརྒྱབ་པ་དང་དགའ་སྤྲོའི་དགོད་སྒྲ་རྒྱུན་མི་ཆད་པ་རེད། ཚང་མས་མཉམ་འགུལ་སྤེལ་རེས་ཁྲོད་བརྩེ་དུང་ཇེ་ཟབ་ཏུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ། ཁྱིམ་མཚེས་མཐུན་སྒྲིལ་དང་ཞི་མཐུན་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད་པ་རེད།    འགྲན་བསྡུར་མཇུག་འགྲིལ་རྗེས།གྲོང་རྡལ་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་བྱ་དགའ་སྤྲད་དེ་ཚང་མས་དཔའ་ངར་ཞུམ་མེད་ཀྱིས་འབད་བརྩོན་དང་ཧུར་ཐག་གིས་ཟབ་ཞུགས་བྱས་པའི་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚང་མས་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་ཁྲོད་སྐྱིད་སྣང་དང་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ནས་འགྲན་བསྡུར་ལ་བརྟེན་ནས་མི་སེམས་གཅིག་བསྡུ་དང་བྱེད་སྒོ་ལ་བརྟེན་ནས་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་རྣམ་པ་མངོན་པར་བྱས་པ་རེད།

ད་ལོ་ནས་བཟུང་ཐང་མགོ་གྲོང་རྡལ་གྱིས་ཏང་འཛུགས་འཐུས་ཚང་ཅན་དམ་འཛིན་བྱས་ནས་བསམ་པའི་རིག་གནས་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ།མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་རྒྱུ་དེ་ཞིང་སྲོལ་དཔལ་ཡོན་མཐོ་རུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།རྒྱུན་རྣམ་ཅན་གྱི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་ལག་རྩལ་སྤོ་ལོའི་འགྲན་བསྡུར་སོགས་མང་ཚོགས་ཀྱིས་བལྟ་འདོད་ཆེ་བའི་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།

ལས་རིམ་རྗེས་མར།ཐང་མགོ་གྲོང་རྡལ་གྱིས་ཏང་འཛུགས་འཐུས་ཚང་ཅན་བཅུ་མུ་མཐུད་དུ་མཛུབ་ཁྲིད་དུ་བཟུང་སྟེ་རིག་གནས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། གྲོང་རྡལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།