མཚོ་སྔོན་གྱིས་ཕྱོགས་གསུམ་ནས་ཤུགས་བསྣན་ཏེ་རྫོང་ཁོངས་ཀྱི་ཕྱི་རྒྱལ་དངུལ་བརྗེས་ཞབས་ཞུ་མཐོར་འདེགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས4ཉིན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་ཕྱི་རྒྱལ་དངུལ་བརྗེས་དོ་དམ་ཅུས་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུས་ཀྱིས་གྲོང་ཁྱེར་དང་ཁུལ་ཡན་ལག་ཅུས་དང་། མངག་གཏོང་ལས་ཁུངས་གཉིས་ལ་བརྟེན་ནས། ཞབས་ཞུའི་རྨང་གཞི་བརྟན་པོ་བསྐྲུན་པ་དང་། ཞབས་ཞུའི་སྦྲེལ་ཐག་རིང་དུ་སྲིང་བ། ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་གསུམ་གྱི་སྟེང་ཤུགས་བསྣན་ནས། “གཤམ་སྤྲོད་ནུས་སྩོལ་དང་མཐུན་སྦྱོར་མཉམ་འགུལ། གནད་འཁེལ་རོགས་སྐྱོར”གྱི་རྫོང་ཁོངས་ཕྱི་རྒྱལ་དངུལ་བརྗེས་ཞབས་ཞུའི་མ་ལག་བཙུགས་ཏེ། རྫོང་ཁོངས་ཀྱི་ཕྱི་འབྲེལ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་ནུས་པ་བསྩལ།

ཕྱི་རྒྱལ་དངུལ་བརྗེས་ལས་སྒོ་གཤམ་སྤྲོད་དང་། སྲིད་ཇུས་བརྒྱུད་འདྲེན། ཡུལ་དངོས་དང་པོའི་ལས་སྒོའི་མཛུབ་སྟོན་བཅས་ལ་དམིགས་ནས། རྫོང་ཁོངས་ཁེ་ལས་ཀྱི་ཁོངས་གཏོགས་ས་ཁུལ་གྱི་རྒྱལ་ཁོངས་ལས་བརྒལ་བའི་རྩིས་རྒྱག་ཤར་གཏོང་རྒྱུ་ལམ་བཏོད་དེ།  རྫོང་ཁོངས་ཀྱི་ཕྱི་རྒྱལ་དངུལ་བརྗེས་དྲ་ཚིགས་མང་དུ་བཙུགས་པ་བརྒྱུད། ཕྱི་རྒྱལ་དངུལ་བརྗེས་སྒྲིག་བཀོད་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས། ནུས་ལྡན་སྒོས་རྫོང་ཁོངས་ཀྱི་ཞབས་ཞུའི་སྟོང་ཆ་ཁ་སྐོང་བྱས། མིག་སྔར་རྫོང་ཁོངས་ཀྱི་ཕྱི་རྒྱལ་དངུལ་བརྗེས་དྲ་ཚིགས་ཀྱིས་ཞིང་ཆེན་ཡོངས་ཀྱི29%བཟུང་བ་དང་། རྫོང་ཁོངས་གསོལ་མགྲོན་ཁང་གི་ཕྱི་དངུལ་ཚབ་སྤྲོད་ལས་ཁུངས15ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི54%བཟུང་ཡོད་ལ། ཕྱི་དངུལ་རང་འདེམས་བརྗེ་བའི་འཕྲུལ་འཁོར1ལས་གཉེར་བྱས་ནས་ཨ་སྒོར་དང་། ཡོ་སྒོར། དབྱིན་སྒོར་སོགས་ཕྱི་དངུལ་རིགས12བརྗེ་བའི་ཞབས་ཞུ་བཏོན་ཡོད།

རྫོང་ཁོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་བསྡོམས་རྩིས་སོགས་ཀྱི་ལྟེ་བའི་དགོས་མཁོར་དམིགས་ནས། རྫོང་ཁོངས་ཁེ་ལས་ཀྱི་ཡུལ་དངོས་དང་པོར་བརྟག་དཔྱད་ཞིབ་འཇུག་དང་། སྟབས་བདེ་ཅན་གྱི་སྲིད་ཇུས་སྒྲོག་བཤད་བྱས་ཏེ་ཁེ་ལས་ཀྱིས“སྲིད་ཇུས་ཤེས་པ་དང་། སྲིད་ཇུས་སྤྱོད་ཤེས་པ། སྲིད་ཇུས་ལེགས་པོར་སྤྱོད་པར་རོགས་འདེགས་བྱས། ཧུར་ཐག་གིས་སྤུས་ལེགས་ཁེ་ལས་ཀྱི་ཉོ་ཚོང་ཕྱི་རྒྱལ་དངུལ་བརྗེས་གཏོང་ཡོང་སྟབས་བདེ་ཅན་དུ་འགྱུར་བའི་ཚོད་ལྟའི་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་། དངུལ་ཁང་གིས་ཆ་རྐྱེན་དང་མཐུན་པའི་རྫོང་ཁོངས་ཁེ་ལས་ཚོད་ལྟའི་ལས་སྒོའི་ནང་འཇུག་པར་མཛུབ་སྟོན་བྱས་ཏེ། འཛིན་ཡིག་ཞིབ་བཤེར་གཏན་འབེབས་སྟབས་བདེ་རུ་བཏང་ནས་མ་དངུལ་འཁོར་རྒྱུག་ལས་ཆོད་མཐོར་འདེགས་བྱས། རྫོང་ཁོངས་ཁེ་ལས་ལ་དངུལ་བརྗེས་འཛའ་ཐང་ཉེན་གཡོལ་སྲིད་ཇུས་སྒྲོག་བཤད་ཀྱི་བྱེད་སྒོ་སྤེལ་ནས། དངུལ་ཁང་གིས་གྲོན་དངུལ་ཉུང་གཏོང་དང་ཁེ་སྤོགས་སྤྲོད་རྒྱུར་རྒྱུན་མཐུད་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཀྱིས་དངུལ་བརྗེས་འཛའ་ཐང་གི་ཉེན་ཁ་བར་སྙོམས་འདུ་ཤེས་ཆགས་པར་སྐུལ་འདེད་བཏང་། ཟླ4པའི་ཟླ་མཇུག་བར་རྫོང་ཁོངས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་གསར་འཕར་དངུལ་བརྗེས་འཛའ་ཐང་གི་ཉེན་གཡོལ་ཐེངས་དང་པོར་སྒྲུབ་མཁན་གྱིས་ཞིང་ཆེན་ཡོངས་ཀྱི60%ཟིན་པ་དང་། དངུལ་བརྗེས་འཛའ་ཐང་གི་ཉེན་གཡོལ་ལས་སྒོ་གཉེར་བའི་དངུལ་འབོར་ཨ་སྒོར་ས་ཡ་བདུན་དང་འབུམ་གཅིག་ཁྲི་བཞི་ལ་སླེབས།

ཕྱི་རྒྱལ་དངུལ་བརྗེས་ཚབ་ཨང་སྤྲོད་རྒྱུའི་ལས་སྒོའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་འགྱུར་བ་ཁྱབ་གདལ་བཏང་ནས། རྫོང་ཁོངས་དངུལ་ཁང་གློག་རྡུལ་ཅན་དུ་འགྱུར་བའི་འགྲོ་ལུགས་ཡོངས་སུ་མངོན་འགྱུར་བྱས། སྲིད་འཛིན་ཆོག་འཐུས་དེ“དྲ་ཐོག་ཏུ་གཉེར་བ”དང་“ཐེངས་གཅིག་གིས་སྒྲུབ་པ”སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་བྱེད་པོས་དྲ་ཐོག་ནས་གཉེར་རྒྱུར་ཁྲིད་སྟོན་བྱས་ཏེ། གཉེར་སྐྱོང་བྱེད་པོའི་ཕྱི་རྒྱལ་དངུལ་བརྗེས་ཞབས་ཞུའི་སྟབས་བདེ་ཆེ་རུ་བཏང་། ཟླ4པའི་ཟླ་མཇུག་བར་རྫོང་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་ལས་སྒོ་གཉེར་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི60%ཟིན་པ་དང་། དྲ་ཐོག་གི་གཉེར་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི33%ཟིན་ཡོད། རྒྱལ་ཁབ་ཕྱི་རྒྱལ་དངུལ་བརྗེས་དོ་དམ་ཅུས་ཀྱི་མིང་ཐོ་ཐོ་འགོད་བསྒྱུར་བཅོས་སྲིད་ཇུས་དོན་འཁྱོལ་བྱས་ནས། རྫོང་ཁོངས་ཁེ་ལས་ཀྱི་མིང་ཐོ་ཐོ་འགོད་ཀྱི་དགོས་མཁོར་དམིགས་ཏེ། དངུལ་ཁང་གིས་རྫོང་ཁོངས་ཁེ་ལས་ཀྱི་མིང་ཐོ17ཐོ་འགོད་ནུས་ལྡན་བྱ་རྒྱུར་མཛུབ་སྟོན་བྱས་ཏེ། ཁེ་ལས་ཀྱི་མ་གནས་ཇེ་དམའ་རུ་བཏང་། རྒྱལ་ཁོངས་ལས་བརྒལ་བའི་དངུལ་རྩའི་ཞབས་ཞུའི་ལས་སྟེགས་ཀྱི་བེད་སྤྱོད་བྱེད་གནས་བཞི་རྒྱ་ཆེར་བཏང་ནས། རྫོང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁོངས་ལས་བརྒལ་བའི་དངུལ་རྩའི་ཞབས་ཞུའི་ལས་སྟེགས་སྤྱད་དེ། མ་དངུལ་བསྡུ་སྒྲིལ་དང་ཡིད་རྟོན་སྒོར་བྱེ་བ་གསུམ་དང་འབུམ་གཉིས་ལ་སླེབས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།