ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་རྣམ་གྲངས16གསར་དུ་བསྐྲུན་རྩིས་ཡོད་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་དགུ་བཏང་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ལོ་འགོ་ཚུགས་པ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ཚྭ་འདམ་གཞོང་སྐྱེ་ཁམས་བདེ་འཇགས་ལྕགས་རིའི་ལྟེ་བའི་ཁུལ་གྱི་ངེས་གནས་ལ་རྐང་ཚུགས་ཏེ་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་འགུལ་སྐྱོད་སྤེལ། ད་ལོར་ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་རྣམ་གྲངས16གསར་དུ་བསྐྲུན་རྩིས་ཡོད་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་དགུ་བཏང་སྟེ། “བྱང་གསུམ”བཟོ་སྐྲུན་དང་འཁྱགས་རོམ་སྲུང་སྐྱོབ།     གནོད་ལྡན་སྐྱེ་དངོས་འགོག་བཅོས།     མཛེས་ལྗོངས་སྤུས་འདེགས་ཕན་སྐྱེད་སོགས་ཁྱབ་ཁོངས་ཚུད་ཡོད།     མིག་སྔར་རྣམ་གྲངས8ལ་བཀའ་མཆན་ཐོབ་ནས་དུས་འགོའི་ལས་དོན་སྒྲུབ་བཞིན་ཡོད་པ་དང་།     གདང་ལ་རི་བོའི་བྱང་འདབས་ཀྱི་འཁྱགས་ཀླུང་སྲུང་སྐྱོབ་དང་ཆུ་ཁུངས་གསོ་འཁྱོངས་སོགས་རྣམ་གྲངས་ཉིས་བརྩེགས་ལ་ཡིག་ཐོག་སྙན་ཞུའི་མཛོད་འཇུག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་གཞན་དག་དམ་འཛིན་བྱས་ནས་ཇུས་འགོད་སྒྲིག་བཟོ་བྱེད་ཀྱིན་ཡོད།    

སྐྱེ་ཁམས་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ན་གོར་མོ་གྲོང་ཁྱེར་གྱིས“བྱང་གསུམ”གྱི་དུས་རིམ་དྲུག་པའི་བཟོ་སྐྲུན་བླང་བྱ་ལྟར། དཔྱིད་དུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ གཞི་ཁྱོན་ཆེ་བའི་བཟོ་སྐྲུན་གྱི་བྱེ་བརྟན་དང་བྱེ་བཀག་ནགས་རྩྭ་གསོས་ཤིང་། ས་ཞིང་ཐང་རྒོད་ཅན་དུ་འགྱུར་བའི་འཕེལ་རིམ་བཀག་འགོག་ནུས་ལྡན་བྱས་ཡོད།     དུས་ཚིགས་དང་པོར་རིམ་པ་ཁག་གི་ནགས་དཔོན་དང་སྐྱེ་ཁམས་དོ་དམ་པས་རིམ་རྩིས་བྱས་ན། ནགས་ཚལ་དང་རྩྭ་ས་སྲུང་ཐེངས400ལྷག་བྱས་པ་དང་།     ཁྲིམས་འགལ་ངང་སྐྱེ་ཁམས་ཀྱི་ས་ཆ་སྤྱད་པའི་གྱོད་གཞི་མང་པོ་ཞིབ་བཤེར་ཐག་གཅོད་བྱས་ཤིང་།    མེ་སྐྱོན་རྐྱེན་ངན་དག་ཐེར་བྱས་པ་དང་འབར་སླ་བའི་དངོས་པོ་གཙང་བཤེར་བྱས་ནས་མེ་འགོག་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་བཏང་།

དེ་དང་ཆབས་ཅིག་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཚོང་ཁྱིམ་དང་ཟ་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་འཚོང་བྱེད་པའི་བྱ་སྤྱོད་མེད་པ་དང་། ངང་དཀར་སོགས་རི་སྐྱེས་སྲོག་ཆགས་བསྐྱབས་ནས་ཕྱིར་བཏང་ཡོད།     སྤྱི་པའི་སྐྱེད་ཚལ་གྱི་དཔྱིད་ཀའི་ཆུ་འདྲེན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་སྟེ།  རིག་ལྡན་གྲོང་ཁྱེར་དོ་དམ་ལས་ཤེས་རྟོགས་བྱུང་བའི་སྐྱེད་ཚལ་བདག་སྐྱོང་གི་གྱོད་གཞི་ཚང་མ་ཆོད་ཆེའི་ངང་ཐག་གཅོད་བྱས་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།