《མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་ལ་སྐུལ་འདེད་དང་སྲུང་སྐྱོང་སྲོལ་ཡིག》ཟླ5པར་ལག་བསྟར་བྱ་རྒྱུ་རེད།  

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་ལ་སྐུལ་འདེད་དང་སྲུང་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《སྲོལ་ཡིག》དེ2026ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  《སྲོལ་ཡིག》གིས་གསར་གཏོད་ལ་སྐུལ་མ་གཏོང་བ་དང་། ཆེད་ཁེ་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཆེད་ཁེ་སྤྱོད་རྒྱུར་སྐུལ་འདེད་བྱེད་པ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་། མཚོ་སྔོན་གྱི་ཚན་རིག་ལག་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས།

《སྲོལ་ཡིག》གིས“གནས་བཞིའི”འཛུགས་སྐྲུན་འཐབ་ཇུས་དང་དམ་པོར་འབྲེལ་ནས་ཚྭ་མཚེའུའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས་རིན་ཐང་མཐོ་བའི་ཆེད་ཁེ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་བྱ་དགའ་དཔྱད་འདེམས་བྱེད་པ་དང་ཆེད་ཁེ་དེ་ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་གདན་ཞུའི་དམིགས་ཚད་ནང་འཇུག་རྒྱུ་སོགས་ཀྱི་བྱེད་ཐབས་བརྒྱུད་ཆེད་ཁེ་དེ“གྲངས་འབོར་མཐོར་འདེགས”ནས“སྤུས་ཚད་མཐོར་འདེགས”སུ་སྒྱུར་རྒྱུར་ཁྲིད་སྟོན་བྱས་ཡོད། མཐོ་རིམ་སློབ་གྲྭའི་སློབ་གླིང་དང་སུའོ་ཡིས་ལས་གནས་གསར་གཏོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བར་བསྔགས་སྐུལ་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱ་དགོས། དེ་དང་ཆབས་ཅིག་ཆེད་ཁེ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། དངུལ་རྩའི་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ། ཁེ་ལས་ཀྱི་ཞིབ་དཔྱད་གཏན་འཁེལ་ཁྲོད་ཆེད་ཁེ་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ལམ་ སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་སྟེགས་བུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས“ཆེད་ཁེ་དང་ཚད་གཞིའི”རྣམ་པ་ཁྱབ་གདལ་བཏང་སྟེ་ཆེད་ཁེ་ལག་རྩལ་དང་གཙོ་གནད་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། 

《སྲོལ་ཡིག》ནང་ཆེད་ཁེ་སྲུང་སྐྱོང་མ་ལག་འཐུས་ཚང་དུ་བཏང་བ་དང་ས་ཁོངས་དང་སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་སྦྲེལ་མཐུད་དང་། ཁྲིམས་ཆད་ལག་བསྟར་སྦྲེལ་མཐུད། རྩོད་གཞི་ཐག་གཅོད། འདུམ་འགྲིག་སོགས་ གཞན་ཡང་《སྲོལ་ཡིག》ནང་ཆེད་ཁེ་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ཐད་བླང་བྱ་གསར་པ་བཏོན་ཏེ་ཆེད་ཁེ་དབྱེ་ཞིབ་དཔྱད་མོལ་དང་གཞུང་ཁོངས་རྒྱུ་ནོར་དཔྱད་དཔོག་ལམ་ལུགས་ཚད་ལྡན་དུ་བཏང་ནས་ལག་རྩལ་ནང་འདྲེན་དང་ཞིབ་འཇུག་གསར་སྤེལ་གྱི་ཉེན་ཁ་སྔོན་འགོག་ མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས་བཅས་ཀྱི་ཆེད་ཁེའི་དོ་དམ་ལས་དོན་སྔར་ལས་ཚད་ལྡན་དུ་གཏོང་དགོས། ཆེད་ཁེ་ཞབས་ཞུའི་སྒྲིག་གཞིར་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ཁེ་ཕྱོགས་སྟོན་གྱི་འབྲེལ་ཡོད་གཏན་འབེབས་གསར་དུ་བསྣན་ནས་ཞབས་ཞུའི་གནད་འཁེལ་ཚད་མཐོ་རུ་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།