སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་ཉི་འོད་སློབ་བསྡུའི་ཆེད་དམིགས་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་གཞུང་ལས་ཐིང་གིས་བརྡ་སྦྱོར་བཏང་སྟེ། སློབ་གྲྭ་ཆུང་འབྲིང་གིས་ཉི་འོད་སློབ་བསྡུའི་ཆེད་དམིགས་འགུལ་སྐྱོད(2026ལོ)སྤེལ་བར་བཀོད་སྒྲིག་བྱས།

《བརྡ་ཐོའི》ནང་ཆེད་དོན་འགུལ་སྐྱོད་ཀྱི་བྱ་བའི་དམིགས་ཚད་ཁ་གསལ་བཟོས་ཡོད། ཆེད་དོན་བྱ་སྤྱོད་བརྒྱུད་འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་འགུལ་སྐྱོད་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས། ཁྱབ་ཁོངས་དེ་སློབ་གྲྭ་ཆུང་འབྲིང་བར་རྒྱ་ཆེར་བཏང་ནས། འོས་འགན་སློབ་གསོའི་དུས་མཚམས་སུ་རྒྱུགས་སྤྲོད་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཁོངས་གཏོགས་ས་ཁུལ་གྱི་སློབ་བསྡུ་དང“སྤྱི་དམངས་མཉམ་བསྡུ”སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འོས་འགན་སློབ་གསོའི་དོ་སྙོམས་འཛིན་གྲྭ་བཟོ་སྒྲིག་གི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གི་དམིགས་བསལ་རིགས་ཀྱི་སློབ་བསྡུ་ཚད་ལྡན་ནན་མོ་བཟོ་བ། དྲང་གཞག་ཡོངས་བསྒྲགས་དང་ཚད་ལྡན་ཁ་གསལ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་ཡུན་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། སློབ་གསོའི་དྲང་གཞག་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཡིད་ཚིམ་ཚད་མཐོར་འདེགས་སུ་གཏོང་དགོས།

《བརྡ་ཐོའི》ནང་ཆེད་དོན་འགུལ་སྐྱོད་ཀྱི་གཙོ་གནད་ལས་འགན་ཁག་བརྒྱད་བཏོན་ཡོད་པ་སྟེ། ཐོན་ཁུངས་སྔོན་མཐོང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་སློབ་མ་བསྡུ་རིགས་སྣ་ཚོགས་གཏན་འགོག་བྱེད་པ། དམིགས་བསལ་རིགས་ཀྱི་སློབ་བསྡུ་ཚད་ལྡན་ནན་མོ་བཟོ་བ། འོས་འགན་སློབ་གསོའི་འཛིན་གྲྭ་དོ་མཉམ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སློབ་་བསྡུ་སློབ་ཞུགས་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། “སློབ་གསོའི་སློབ་ཞུགས་བྱ་བ་གཅིག”ཟབ་སྤེལ་བྱེད་པ། ཐེམ་ཐོ་དང་ས་ཁང་བདག་ཁོངས། གནས་སྡོད་ལག་ཁྱེར། སྤྱི་ཚོགས་འགན་བཅོལ། སློབ་ཁོངས་སོགས་སློབ་ཞུགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཕན་ཚུན་སྤེལ་རེས་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཉེན་ཁ་སྔོན་འགོག་བྱ་བར་ཤུགས་སྣོན་རྒྱག་པ་བཅས་ཡིན། 

《བརྡ་ཐོའི》ནང་བྱ་བའི་བླང་བྱ་བཞི་ནན་བཤད་བྱས་ཡོད་པ་སྟེ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་འགལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་དང་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་ཡིན། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།