མཚོ་ནུབ་ཁུལ་གྱིས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་བྱེ་བ་བརྒྱད་ས་ཡ་བཞི་སུམ་འབུམ་བདུན་ཁྲི་ཟིན་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས20ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་ཧྥེང་ཧའེ་འཕང་འབྲས་ཚད་ཡོད་འགན་འཁྲི་ཀུང་སིའི་ནང་སྤུས་ཚད་ཚད་གཞི་ནན་སྲུང་དང་སྤུས་ཀ་ལེགས་པའི་སྐྱེ་ལྡན་འཕང་འབྲས་སྐམ་འབྲས་ནག་པོ་དང་དམར་པོ་སྒམ་རེ་རེ་བཞིན་གྲ་སྒྲིག་བྱས་ཏེ་སྐུར་ལ་ཉེ་བ་དང་། སུའེ་ཙེར་ལ་ཕྱིར་གཏོང་བྱས་ཏེ་ས་གནས་ཀྱི་ཕྱི་ཕྱོགས་ཉོ་ཚོང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།    

ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་མཚོ་ནུབ་ཁུལ་གྱིས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་བྱེ་བ་བརྒྱད་ས་ཡ་བཞི་སུམ་འབུམ་བདུན་ཁྲི་སུམ་སྟོང་ཟིན་པ་དང་ན་ནིང་གི་དུས་མཉམ་ལས24.8%འཕར་ནས་འཕར་ཚད་གྲལ་གནས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན།     སྔོན་དཔག་བྱས་ན་དུས་ཚིགས་དང་པོར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་གཉིས་ཟིན་ནས་ཕྱི་ཕྱོགས་ཉོ་ཚོང་གི་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་འབྱུང་རྒྱུ་རེད།    

ད་ལོར་མཚོ་ནུབ་ཁུལ་གྱིས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་ཆེའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཉོ་ཚོང་གཙོ་གཞི་འཛུགས་པར་སྐུལ་མ་བཏང་བ་དང་། ཁུལ་ཕྱི་རོལ་གྱི་ཁེ་ལས་གཞིས་ཆགས་པ་དང་ཁུལ་ནང་ཁུལ་གྱི་གཞི་གྲངས་ལོག་རྒྱུག་བྱེད་པར་བཀུག “རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས་ཁེ་ལས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་འགྲེམ་ཚོགས་ནང་ཞུགས་ཏེ་ཁྲོམ་ར་རྒྱ་བསྐྱེད་དང་ཚོང་ཟོག་མངག་ཐོ་བརྩོན་ལེན་བྱས་ཡོད།     ནང་འདྲེན་གྱི་ཞན་ཆ་ཁ་གསབ་ཧུར་ཐག་བྱས་ཏེ།     ཚྭ་མཚོའི་ཅཱ་ལུད་དང་འོད་དྲོད་རྣམ་གྲངས་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་ནང་འདྲེན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ།     ཉོ་ཚོང་གྲུབ་ཚུལ་དོ་སྙོམས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།

མཚོ་ནུབ་ཁུལ་གྱིས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་རིགས་སོགས་ཐོན་ལས་ལ་ཕྱི་ཕྱོགས་ཉོ་ཚོང་སྤུས་འདེགས་བྱ་སྤྱོད་སྤེལ་བར་དམིགས་ནས། ཕྱིར་གཏོང་ཐོན་རྫས་ཟུར་སྣོན་རིན་ཐང་མཐོ་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་མུ་ཕྲེང་སྣུར་སྲིང་དང་ཟོང་རྟགས་སྐྱེད་སྲིང་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་གིན་ཡོད།     ཁེ་ལས་ལ་རིམ་པ་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་།     སྲིད་ཇུས་དང་དངུལ་རྩ་སོགས་བདག་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།     བུལ་རྐྱང་དང་མཱེ་རྒྱུད་ཐོན་རྫས་སོགས་དགེ་མཚན་ལྡན་པའི་ཐོན་རྫས་ལ་དམ་པོར་དམིགས་ནས། དགེ་མཚན་ལྡན་པའི་ཐོན་རྫས་ཀྱི་ཁྲོམ་རའི་ཐོབ་སྐལ་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ཆེ་རུ་འགྲོ་བར་འགན་ལེན་ཏན་ཏིག་བྱས།  

མཚོ་ནུབ་ཁུལ་གྱིས་ཟོང་འགྲུལ་སྐྱེལ་འདྲེན་དང་འགག་སྒྲོལ་སྟབས་བདེ་ཅན་སོགས་ཀྱི་འགག་གནད་དང་དཀའ་གནད་སྔོན་ལ་མཐུན་སྦྱོར་ཐག་གཅོད་བྱས་པ་དང་།     ལྕགས་ལམ་དང་།     སྒོ་ཁྲལ།     ཁྲལ་དོན་སོགས་སྡེ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་།     ཁེ་ལས་ལ་བརྟན་བརླིང་ཆོད་ཆེ་སྟབས་བདེ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཟོང་འགྲུལ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་འཕར་བའི་རྨང་གཞི་ཇེ་བརྟན་དུ་བཏང་།    གཏེར་ལེན་ཁ་སྒོ་ཁྲལ་ལས་དོན་ཞབས་ཞུའི་ས་ཚིགས་འཛུགས་པར་སྐུལ་འདེད་བཏང་ནས་ན་གོར་མོ་སྒོ་ཁྲལ་དང་མང་ངེ་སྒོ་ཁྲལ་ལས་དོན་ཞབས་ཞུའི་ས་ཚིགས་དང་གསབ་རེས་མཉམ་འགུལ་གྱི་རྣམ་པ་ཆགས་པར་བྱེད་དགོས།    ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།     ཕྱི་ནང་སྦྲེལ་མཐུད་དང་བདེ་འཇགས་ཆོད་ཆེའི་ཟོང་འགྲུལ་དྲ་རྒྱ་འཛུགས་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།