ལོ་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་ཞིང་ཆེན་ཡོངས་སུ་འགྲུལ་པ་མི་ཐེངས་ས་ཡ་གཅིག་བཞི་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བསྐྱལ།

ཡོང་ཁུངས། གངས་ལྗོངས་མེ་ོལོང་།

ལོ་གསར་སྐྱེལ་འདྲེན་བྱེད་འགོ་བརྩམས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལོ་གསར་སྐྱེལ་འདྲེན་བྱ་བའི་ཆེད་སྒྲུབ་ཚན་ཆུང་གིས་ལས་ཆོད་ཆེ་ཞིང་གོ་རིམ་ལྡན་པའི་མཐུན་སྦྱོར་སྐྱེལ་འདྲེན་དང་།  དུས་ཐོག་ཏུ་འཕྲལ་བསྟུན་ཐག་གཅོད་ནུས་ལྡན་བྱེད་པ།     བདེ་འཇགས་དང་སེམས་དྲོ་བ། སྟབས་བདེའི་འགྲོ་འོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། མི་དམངས་མང་ཚོགས་བདེ་འཇགས་སྟབས་བདེ་དང་དྲོད་ཁོལ་ལྡན་པའི་ངང་འགྲོ་འོང་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།     ལོ་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་།   ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ས་ཡ་གཅིག་བཞི་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བསྐྱལ་བ་རེད།     དེའི་ནང་གཞུང་ལམ་ཐོག་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་དགུ་འབུམ་དྲུག་ཁྲི་དྲུག་སྟོང་དྲུག་བརྒྱར་སླེབས་པ་དང་། དེས་བསྡུར་ཚད་བརྒྱ་ཆའི་རེ་བདུན་གྲངས་ཆུང་བཞི་བདུན་ཟིན་ཡོད།     ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་སུམ་འབུམ་བཞི་ཁྲི་དགུ་བརྒྱ་བསྐྱལ་བ་དང་། དེས་བརྒྱ་ཆའི་ཉེར་གསུམ་གྲངས་ཆུང་བདུན་དགུ་ཟིན་ཡོད།     དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཆིག་འབུམ་ཉིས་ཁྲི་ལྔ་སྟོང་ཉིས་བརྒྱ་བསྐྱལ་བ་དང་། དེས་བརྒྱ་ཆའི་བརྒྱད་གྲངས་ཆུང་བདུན་བཞི་ཟིན་ཡོད།    

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན།     ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་འགྲིམ་འགྲུལ་ཚད་ཀྱི་རླངས་འཁོར་ས་ཡ་གཅིག་དགུ་འབུམ་ཆིག་ཁྲི་ལྔ་སྟོང་ཉིས་བརྒྱར་སླེབས་པ་དང་། དེའི་ནང་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཚད་ཀྱི་རླངས་འཁོར་ས་ཡ་གཅིག་ལྔ་འབུམ་ཉིས་སྟོང་དགུ་བརྒྱར་སླེབས་པ་དང་། དེ2025ལོའི་ལོ་གསར་སྐྱེལ་འདྲེན་གྱི་དུས་མཉམ་ལས་བརྒྱ་ཆའི་བཞི་གྲངས་ཆུང་ཐིག་བཞི་མར་ཆག་ཡོད་པ་དང་།    སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་ཚད་ཀྱི་རླངས་འཁོར་བཞི་འབུམ་ཆིག་ཁྲི་ཉིས་སྟོང་སུམ་བརྒྱར་སླེབས་པ་དང་། དེ2025ལོའི་ལོ་གསར་སྐྱེལ་འདྲེན་གྱི་དུས་མཉམ་ལས་བརྒྱ་ཆའི་གཉིས་གྲངས་ཆུང་བདུན་དྲུག་མར་ཆག་ཡོད།     སྦྲག་སྲིད་ཀྱི་མྱུར་སྐྱེལ་འཁོར་སྐྱོད་ཐད་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་སྦྲག་སྲིད་ཀྱི་མྱུར་སྐྱེལ་དངོས་ཐུམ་ས་ཡ་གཉིས་ཉིས་འབུམ་བརྒྱད་ཁྲི་བདུན་སྟོང་བདུན་བརྒྱ་དང་ལེན་བྱས། དེ2025ལོའི་ལོ་གསར་སྐྱེལ་འདྲེན་གྱི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་གྲངས་ཆུང་བདུན་དྲུག་འཕར་ཡོད།     སྦྲག་སྲིད་ཀྱི་མྱུར་སྐྱེལ་དངོས་ཐུམ་བྱེ་བ་གཅིག་ས་ཡ་གཅིག་དྲུག་འབུམ་བཞི་ཁྲི་ཆིག་བརྒྱ་བསྐྱལ་བ་དང་། དེ2025ལོའི་ལོ་གསར་སྐྱེལ་འདྲེན་གྱི་དུས་མཉམ་ལས་བརྒྱ་ཆའི་གཉིས་གྲངས་ཆུང་ལྔ་དྲུག་མར་ཆག་ཡོད།    

ལོ་གསར་སྐྱེལ་འདྲེན་སྐབས་སུ་ཞིང་ཆེན་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལོ་གསར་སྐྱེལ་འདྲེན་བྱ་བའི་ཆེད་སྒྲུབ་ཚན་ཆུང་གིས་ལས་སྒྲུབ་ཚན་ཆུང་གཉིས་མངགས་ནས་ཟི་ལིང་དང་།     མཚོ་ཤར།    རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་སུ་སོང་ནས་ལོ་གསར་སྐྱེལ་འདྲེན་བྱ་བར་ཞིབ་བཤེར་བྱས་ཏེ། ཉེན་ཁ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་དང་།     ཉེན་ཁའི་འབྱུང་ཁུངས་གལ་ཆེན་རིམ་པ་སྤར་ནས་དོ་དམ་ཚོད་འཛིན་བྱེད་པ།     བགྲོད་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།     གཞན་ཡང་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལོ་གསར་སྐྱེལ་འདྲེན་བྱ་བའི་ཆེད་སྒྲུབ་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་རང་སའི་ཁྱབ་ཁོངས་སུ་བྱེད་ཐབས་མང་པོ་གཞིར་བཟུང་ནས། ལོ་གསར་སྐྱེལ་འདྲེན་སྐབས་ཀྱི་ཞབས་ཞུ་དང་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་སྟེ་རྒྱ་ཆེའི་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།