2026ལོའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག2025ལོའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང2026ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བཀོད་སྒྲིག་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཚུགས་ཡག་པོ་བརྩམས་བའི་འགན་སྲུང་བྱས་ཏེ་མཚོ་སྔོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཆེད་དམངས་སྲིད་སྟོབས་ཤུགས་འབུལ་རྒྱུ་རེད།

ཚོགས་འདུས་བསྟན་དོན། 2025ལོར་མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་མ་ལག་གིས་རིམ་པ་དབྱེ་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་བ་དང་། ལོ་ཧྲིལ་པོར་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར30་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི50ཡི་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་བྱས་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་ཆ་འཕྲིན་ཅན་གྱི་དམིགས་ཚད་མ་ལག་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི5.47གསར་དུ་བཅུག  འཚོ་བ་མི་རུང་བ་དང་དཀའ་ངལ་འཕྲད་པའི་མང་ཚོགས་མི་ཐེངས4012རོགས་སྐྱོབ་བྱས་པ་དང་། དཀའ་ངལ་འཕྲད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི4700ལྷག་སྤྲད་པ། དཀའ་ངལ་འཕྲད་པའི་བྱིས་པ5172ལ་འགན་སྲུང་བྱས་པ། 《མཚོ་སྔོན་ཞིང་ཆེན་གྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག》བཟོ་བཅོས་བརྒྱབ་ནས་ཁྱབ་སྒྲོག་བྱས་པ་དང་། རྒན་གསོའི་སྒྲིག་གཞི16ཡི་སྒྲིག་བཀོད་བསྒྱུར་བཀོད་ནུས་པ་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང108བསྒྱུར་བཀོད་ལེགས་འགྲུབ་བྱུང་བ་དང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད100%ཟིན་པ། དཔལ་འབྱོར་དཀའ་ངལ་དང་ལོ་ན་མཐོ་བའི་རྒན་རྒོན་ཁྲི12ལ་རྒན་གསོའི་ཞབས་ཞུའི་ཁ་གསབ་སྤྲོད་པ། དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང2056ལ་རྒན་རྒོན་འཚམ་པའི་བསྒྱུར་བཀོད་བྱས་པ། འཛད་སྤྱོད་ཁ་གསབ་སྒོར་ཁྲི311སྤྲད་པ་དང་རྒན་རྒོན་གྱི་མཁོ་ཆས་འཛད་སྤྱོད་སྒོར་ཁྲི207ལ་སྐུལ་ཁྲིད་བྱས་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སྐུལ་སློང་བྱས་ནས་ཁེ་ལས370ལ་གྲོན་དངུལ་སྒོར་ཁྲི2040ཆག་ཡང་བྱས་པ། གཉེན་སྒྲིག་ཐོ་འགོད་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྒྲུབ་ཐུབ་པ། 2025ལོར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར20མཐོ་རུ་གཏོང་རྒྱུ་དང་ལོ་ཧྲིལ་པོར་དབང་པོ་སྐྱོན་ཅན་ཁྲི་10.21ལ་ཁ་གསབ་སྒོར་དུང་ཕྱུར1.56སྤྲོད་རྒྱུ་དང་། ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར13.8ཕྱིར་ཚོང་བྱས་པ་དང་། སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར4.12གྲབས་གསོག་བྱས་པ། དམངས་འཚོའི་དགེ་སྒྲུབ་རྣམ་གྲངས་རབ་དང་རིམ་པ་སྒོར་ཁྲི655བཏང་ནས་མང་ཚོགས་མི་ཐེངས་ཁྲི10ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

ཚོགས་འདུས་བསྟན་དོན། 2026ལོར་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་གིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཐབ་ཇུས་གནས་ངེས་ལ་གཞི་ཚུགས་ནས་གཞི་རིམ་དུ་བརྟག་དཔྱད་གཏིང་ཟབ་བྱས་ཏེ། ཚོགས་ཇུས་མང་ཚོགས་དང་བློ་རིག་སྟོབས་ཤུགས་གཅིག་སྡུད་ཀྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་འཆར་འགོད་བཟོ་འགོད་དང་ལག་བསྟར་ཡག་པོ་བྱ་དགོས། མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་འཚོལ་ཞིབ་བྱས་ཏེ། རྒན་རྒོན་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒན་རྒོན་བྱ་བའི་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ། རྫོང་དང་གྲོང་གསེབ་ཀྱི་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ནུས་པ་ཤོར་བ་དང་རིག་པ་ཤོར་བའི་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒན་གསོའི་འཛད་སྤྱོད་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱེད་པ། དུས་རབས་གསར་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚོ་བའི་འགན་སྲུང་ཚད་གཞི་ཐོ་འགོད་ལམ་ལུགས་འཚོལ་ཞིབ་ཧུར་ཐག་བྱེད། ལེ་ལག་ཚང་བའི་རོགས་སྐྱོབ་ཁ་གསབ་མ་དངུལ་ལ་ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཁྱམ་པོ་དང་སླུ་སློང་མི་སྣའི་རོགས་སྐྱོབ་དོ་དམ་ལས་དོན་བྱེད་སྟངས་གསར་པ་འཚོལ་ཞིབ་དང་འཛུགས་རྒྱུ་ཧུར་ཐག་བྱེད། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དངོས་པོ་རྐྱང་རྐྱང་གི་རོགས་སྐྱོབ་ནས“དངོས་པོ་དང་ཞབས་ཞུའི”ཕྱོགས་བསྡུས་རོགས་སྐྱོབ་བྱེད་སྟངས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བ་དང་། སྨན་བཅོས་བདེ་ཐང་། སེམས་ཁམས་བདེ་ཐང་སོགས་ཀྱི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དང་འཐུས་ཚང་དུ་གཏོང་དགོས། དབང་པོ་སྐྱོན་ཅན་ལ་ཁ་གསབ་ལམ་ལུགས་ཁག་གཉིས་དོན་འཁྱོལ་བྱས་ཏེ་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སེམས་ཁམས་འགོག་རྐྱེན་ཡོད་པའི་སྡེ་ཁུལ་གྱི་བདེ་ཐང་དང་འཁྱམ་པོ་ཞུ་བ་དང་འབྲེལ་བ་ཡོད་པའི་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས།

དེ་དང་ཆབས་ཅིག་དུར་འཇུག་གི་ཁྲིམས་སྲོལ་ལམ་ལུགས་ལེ་ལག་ཚང་བའི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ས་ཞིང་གྲོན་ཆུང་དང་སྐྱེ་ཁམས་དུར་འཇུག་སོགས་དུར་འཇུག་སྒྱུར་བཅོས་བྱེད་ཐབས་ལག་ལེན་བསྟར་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱི་བྱེད་སའི་ནུས་པའི་ཁུལ་འཛུགས་སྐྲུན་དང་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་གཉེན་སྒྲིག་གོམས་སྲོལ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི“གནས་བཞི”གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་རྩིས་རྒྱག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “རྒན་པ་གཅིག་དང་བྱིས་པ་གཅིག”སྤྱི་ཚོགས་རྩ་འཛུགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། “དགེ་སྒྲུབ་དང་དང་བླངས”“དགེ་སྒྲུབ་དང་དམངས་འཚོ་རྣམ་གྲངས”ཀྱི་ཞབས་ཞུའི་རྣམ་པ་མུ་མཐུད་ལེགས་སུ་བཏང་སྟེ་དགེ་སྒྲུབ་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཕན་བདེའི་རྒྱན་ཤོག་སྣ་མང་ཅན་གྱི་ཐབས་ལམ་ཕྱིར་ཚོང་གི་རྣམ་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།