མཚོ་སྔོན་གྱི་ཞིང་སྡེའི་འབྲོག་ཁུལ་གྱི་ཆུ་བེད་དམངས་འཚོའི་ཕན་བདེ་བརྟན་པོའི་ངང་མཐོར་འདེགས་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས6ཉིན་བསྡུས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་བརྗོད་གཞི་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཞིང་ཆེན་ཆུ་བེད་ཐིང་གི་ཆེད་དོན་ཚོགས་རའི་སྟེང་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་མཚོ་སྔོན་གྱིས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུའི་མཁོ་འདོན་སོགས་ཀྱི་ཞན་ཆར་དམིགས་ཏེ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུའི་མཁོ་འདོན་ཚད་ལྡན་ཅན་འཛུགས་སྐྲུན་དང་དོ་དམ་བྱེད་སྟངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་མཁོ་འདོན་གཞི་གཅིག་ཅན་དང་། གཅིག་བསྡུས་ཆུ་འདོན་གཞི་ཁྱོན་ཅན། ཆུའི་མཁོ་འདོན་ཆུང་བའི་ཚད་ལྡན་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས535ལག་བསྟར་བྱས་སྟེ་མི་ས་ཡ་གསུམ་དང་འབུམ་གཉིས་ལ་ཕན་བཏགས།

ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་རང་འབབ་ཆུའི་ཁྱབ་ཚད་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་གི་བརྒྱ་ཆའི78.1ནས་བརྒྱ་ཆའི87.5བར་ཇེ་མཐོར་བཏང་སྟེ། གཞི་ཁྱོན་ཅན་གྱི་ཆུའི་མཁོ་འདོན་ལས་གྲྭ་དེ་ཞིང་སྡེའི་འབྲོག་ཁུལ་གྱི་མི་འབོར་ཡོངས་ལ་ཁྱབ་པའི་བསྡུར་ཚད་བརྒྱ་ཆའི43.5ལ་སླེབས་པ་དང་། ཞིང་སྡེའི་འབྲོག་ཁུལ་གྱི་ཆུ་བེད་དམངས་འཚོའི་ཕན་བདེ་བརྟན་བརླིང་ངང་ཇེ་ཆེར་གྱུར།

དེའི་ཁྲོད་སྒྲིག་ཆས་གཅིག་བསྡུས་ཅན་གྱི་ཆུའི་མཁོ་འདོན་ལས་གྲྭ་གཙང་སེལ་དུག་སེལ་སྒྲིག་བཀོད1240ཡོད་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུའི་སྤུས་ཚད་ཚད་གཞི་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཡུལ་བབ་དང་བསྟུན་ནས་སྟོང་སྐོར་དང་།  མིན་ཧོ་སོགས་རྫོང་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུའི་མཁོ་འདོན་རྫོང་ཁོངས་སུ་གཅིག་གྱུར་དོ་དམ་ཐུབ་པ་དང་། ལས་གྲྭ་འཁོར་སྐྱོད་དོ་དམ་དེ“དོ་དམ་བྱེད་མཁན་ཡོད་པ”ནས“ཆེད་ལས་དོ་དམ”བར་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་སྟེ། ཁ་ཐོར་དུ་ཡོད་པའི་ཞིང་ཆུ་གཏོང་ཁུལ་སྒྲིག་ཆས་འབྲིང་གྲས25ལ་འཛུགས་སྐྲུན་དང་དེང་རབས་ཅན་གྱི་སྒྱུར་བཀོད་ལག་བསྟར་བྱས། ཆུ་འདྲེན་རྒྱ་ཁྱོན་མུའུ་འབུམ་དགུ་དང་ཁྲི་གཅིག་སྟོང་དྲུག་བརྒྱད་བརྒྱ་ཇེ་མང་དུ་ཕྱིན་ཏེ། ཞིང་ལས་ཀྱི་ཆུ་འདྲེན་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

མཚོ་སྔོན་གྱིས“ལས་གྲྭའི་སྔོན་འགོག་ཚོད་འཛིན་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ། འཕྲལ་བསྟུན་ཐག་གཅོད”བཅས་ཟུང་དུ་འབྲེལ་བའི་མ་ལག་ཧུར་ཐག་སྒོས་བཙུགས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་ཆུ་ལག་གཙོ་བོ་དང་། ཆུ་བོ་འབྲིང་ཆུང་སྤྱི་ལེ940ལྷག་ཙམ་ལེགས་སྒྲིག་བྱས་པ་དང་། ཆུ་ལོག་བྱུང་སའི་ལུང་ཤུར138བཅོས་སྒྲིག་བྱས། གཙང་པོ་དང་ཆུ་བོའི་ཆུ་རགས་ཁྱབ་ཚད70%ནས93%བར་འཕར་ཡོད། ཆར་ཆུའི་ས་ཚུགས་དང་། ཆུ་དཔྱད་ས་ཚུགས། ཆར་པ་ཚད་འཇལ་ལེ་ཏ་ལས་གྲུབ་པའི་ཆར་ཆུ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་བཏང་བའི“སྲུང་ཐིག་གསུམ”མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཆར་པ་འབབ་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས1906མཉམ་སྤྱོད་བྱས་ཏེ་གཙོ་གནད་ས་ཁོངས་ཀྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱོན་ཡོངས་ལ་ཁྱབ་ཡོད། ཆུའི་ལས་གྲྭ་མཉམ་འབྲེལ་བཀོད་གཏོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཚད་བརྒལ་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐག་གཅོད་འོས་འཚམ་བྱེད་པ། ལོ་རྒྱུས་ཐོག་གི་ཆར་ཆུ་འབབ་ཤུགས་ཆེ་ཤོས་དང་རྨ་ཆུའི་ཆུ་ལོག་ལ་དབྱེ་ཞིབ་བྱེད་པ། དེ་བཞིན་ཉེ་བའི་ལོ25ཡི་རིང་གི་མངོན་གསལ་ཅན་གྱི་གནམ་གཤིས་ཐན་པ་བཅས་ལ་ཁ་གཏད་འོས་འཚམ་བྱས་སྟེ། “མི་སྣ་ཤི་རྨས་མི་ཐེབས་པ་དང་། ཆུ་མཛོད་མི་ཤོར་བ།  ཆུ་རགས་གལ་ཆེན་མི་ཤོར་བ། རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་གནད་དོན་མི་འབྱུང་བ”བཅས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་ཡོང་བར་འགན་ལེན་བྱེད་པའི་དམིགས་ཚད་མངོན་འགྱུར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།