མཚོ་སྔོན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། ཆ་སྙོམས་ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ་དང་། བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཐག་གཅོད་བྱེད་ཚད་དང་ཆེད་གཉེར་མི་དམངས་འདུམ་འགྲིག་པའི་གྲངས་འབོར་སོགས་ལྟེ་བའི་ཚད་འབེབས་དམིགས་ཚད་ཁག13ཚང་མ་ཚད་གཞིར་སླེབས་ཡོད། དེའི་ནང་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་བསྒྲུབས་ཚད་དམིགས་ཚད་བརྒྱ་ཆའི་གྲངས12ལས་བརྒལ་བ་དང་། ཐད་སྦྲེལ་དྲ12348འབྲེལ་མཐུད་བྱེད་ཚད་བརྒྱ་ཆའི་གྲངས3ལས་བརྒལ་བ། བཅའ་ཁྲིམས་རོགས་སྐྱོར་མ་ལག་གི་གྱོད་གཞི་ནང་འཇུག་བྱེད་ཚད་བརྒྱ་ཆའི་གྲངས30ལས་བརྒལ་བ།

ཏང་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་མགོ་ཁྲིད་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། ཞིང་ཆེན་ཡོངས་སུ་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་ཀྲི་པུའུ68དང་། གཞུང་དཔང་སྒྲིག་གཞིའི་ཏང་ཀྲི་པུའུ4ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཏང་ཀྲི་པུའུ1བཅས་བཙུགས་ཡོད། ཏང་ཡོན་བཅའ་ཁྲིམས་ཞབས་ཞུའི་མི་སྣ1300ཙམ་ཡོད་པ་དང་། སྒྲིག་གཞིའི་ཏང་འཛུགས་སྐྱོང་མཛུབ་ཁྲིད་མི་སྣ་འདེམས་མངགས་ཡོངས་ཁྱབ་ཏུ་ཁྱབ་པ་དང་། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱུང་བས། ཞབས་ཞུའི་སྤུས་ཚད་དང་ཀུན་གྱིས་ཡིད་ཆེས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱ་ཁྱོན་ཡོངས་ནས་བསྐྲུན་པ་དང་གྲངས་འཛིན་ནུས་སྤྲོད་ཀྱི་ཡིག་ཚགས་མཐོ་རུ་བཏང་བ། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་པ་བཞི་བའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་སྟེགས་བུ460བསྐྲུན་པ་དང་གྲོང་ཁྱེར་དང་། རྫོང་ཞང་རིམ་པ་གསུམ་པའི་དངོས་ཚན་སྟེགས་བུ་དེ་རིམ་པ་གཅིག་མཚུངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་མཉམ་འདྲེས་བྱེད་པ་མ་ཟད་ད་དུང་འབྲེལ“གཅིག་འཐུས་རང་བཞིན”གྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་པ། མཚོ་སྔོན་གྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་གྲངས་ཀ་ཅན་དུ་འགྱུར་བའི་འཛུགས་སྐྲུན་མུ་མཐུད་འཐུས་ཚང་དུ་བཏངསྟེ12348མཚོ་སྔོན་ཁྲིམས་ལུགས་དྲ་བའི་གློག་ཀླད་སྣེ་ལྟེ་བར་བྱས་པའི་དྲ་རྒྱའི་སྟེགས་བུ་བསྐྲུན་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་འདྲི་རྩད་སོགས་དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་པ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་གྱིས་གཉེར་སྐྱོང་བྱེད་པའི12348མཚོ་སྔོན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་གཞི་གཅིག་ཅན་གྱི་འབོད་ལྟེ་གནས་བསྐྲུན་ནས་ཆུ་ཚོད“7×24”ཡི་བཅའ་ཁྲིམས་བློ་འདྲི་ཞབས་ཞུ་མཁོ་འདོན་བྱས་ནས་བཅའ་ཁྲིམས་ཞབས་ཞུ“མྱུར་དུ་སྒྲུབ་པའི”དང་། “ཁ་པར་སྟེང་དུ་སྒྲུབ་པའི”ཞབས་ཞུ་མངོན་འགྱུར་བྱུང་ཡོད།

དམངས་ཚིས་འགན་སྲུང་སྲ་བརྟན་དང་ནུས་ལྡན་ཡོང་བ་དང་། ཁྲིམས་སྐྱོང་གི་དྲོ་སྐྱིད་ཀྱིས་མང་ཚོགས་ལ་ཕན་པ་ཐོབ་པ། ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཁྲི4.4ལྷག་བསྒྲུབས་ནས་མི་ཐེངས་ཁྲི4.8ལྷག་ལ་ཕན་པ་ཐོབ་པའི་ནང་གླ་ཕོགས་ཆད་རིགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི9000ལྷག་ཡོད་པ་དང་ཞིང་པ་ལས་མི་རྣམས་ལ་གླ་ཕོགས་སྒོར་དུང་ཕྱུར1ཙམ་བླངས་པ་དང་། ཞིང་ཆེན་ཡོངས་སུ་འདུམ་འགྲིག་རྩ་འཛུགས5917བཙུགས་པ་དང་མི་དམངས་འདུམ་འགྲིག་པ་ཁྲི2.58ལྷག་བཀོད་སྒྲིག་བྱས་ཡོད། མི་དམངས་འདུམ་འགྲིག་པའི་གྲངས་འབོར་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་མཇུག་དང་བསྡུར་ན2247འཕར་བ་དང་འཕར་ཚད9.5%ཟིན་ཡོད།

བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཁྲི17.1ལྷག་གིས་བཅའ་ཁྲིམས་སློབ་སྦྱོང་ཡོངས་སུ་ཁྱབ་ཐུབ་པ་དང་། “བཅའ་ཁྲིམས་ཤེས་མཁན”ཁྲི1.8ལྷག་གསོ་སྐྱོང་བྱས་པ། “མཚོ་སྔོན་གྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”སྨྱན་སྦྱོར་གསར་པས་ཆ་འཕྲིན་ཁྲི8.35ལྷག་ཙམ་བརྒྱུད་སྤྲོད་བྱས་པ་དང་ཀློག་ཚད་མི་ཐེངས་དུང་ཕྱུར8.27ལས་བརྒལ་ཡོད།

གཞན་ཡང་ཁྲིམས་རྩོད་པའི་བཅའ་ཁྲིམས་ཞབས་ཞུའི་གཙོ་ཤུགས་དམག་དཔུང་གི་ནུས་པ་གང་ལེགས་མངོན་ཡོད། རང་ཞིང་དུ་ཐོ་འགོད་ཁྲིམས་རྩོད་པའི་ལས་དོན་ཁང162ཡོད་པ་དང་། ཁྲིམས་རྩོད་པ2334ཁྲིམས་རྩོད་པ་ཁྲི་གཅིག་གི་སྡུར་ཚད3.78ཟིན་ནས2021ལོ་ལས60%འཕར་ཡོད། གཞུང་ཞབས་དང་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་གཞུང་ཞབས་ཁྲིམས་རྩོད་པ་ལས་ཁུངས159ལ་ཁྱབ་པ། ཞིང་ཆེན་ཡོངས་ཀྱི་སྡེ་བ(སྡེ་ཁུལ)ཀྱི་བཅའ་ཁྲིམས་ཞབས་ཞུ་ཡོངས་སུ་ཁྱབ་པ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།