——མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས།
ད་ལྟའི་མཚོ་སྔོན་ནི་སྣོད་བཅུད་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་མངོན་གསལ་ཡིན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ནི་མཚོ་བོད་ས་མཐོའི་ཐོག་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
——ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་ལས་ཁྱུ་ཚོགས་ཆེན་པོ་ལྔ་རིམ་བཞིན་ཆགས་ཏེ། རྒྱལ་ཡོངས་ཀྱི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ།
——ནུས་རྒྱུ་གཙང་མ་དེ་འབྱུང་ཁུངས་དྲ་བའི་ཐེག་ཚད་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ཤིང་། རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་མགྱོགས་པོར་བསྐྲུན་ནས་རྒྱལ་ཡོངས་ཀྱི་སྔོན་ལ་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱིས“གཙོ་གཟུགས་གཉིས”བཟུང་བ་དང་། ཞིང་ཆེན22ལ་དུས་ཡུན་འབྲིང་ཤོས་དང་རིང་ཤོས་ཀྱི་ལྗང་མདོག་གློག་མཁོ་འདོན་བྱས།
——ཞིང་ཆེན་བར་གྱི་ཡུལ་སྐོར་སྐོར་ལམ་ཆེན་པོ་དང་ཞིང་ཆེན་ནང་ཁུལ་གྱི་ལམ་ཐིག་རྩེ་གྲའི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འགུག་ཤུགས་ཆེ་རུ་ཕྱིན་ནས“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་གསོ”མཉམ་འདྲེས་འཕེལ་རྒྱས་བྱུང་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་དུང་ཕྱུར་2.1ལ་སྣེ་ལེན་བྱས་ཤིང་།ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1975ལས་བརྒལ།
——རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་རྫས་དང་།སྐྱེ་ལྡན་འཕང་འབྲས།ཆུ་འཁྱག་ཉ་བཅས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ནས་རྒྱལ་ཡོངས་ཀྱི་སྔོན་ལ་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ་དང་།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་མི་འདྲ་བ་རྒྱལ་ཁབ་དང་ས་ཁུལ30ལྷག་ཙམ་ལ་ཕྱིར་འཚོང་བྱས་པ།“དག་གཙང་མཚོ་སྔོན།ས་མཐོའི་སྤུས་རྟགས”ཀྱི་སྤུས་རྟགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ།མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱ་བར་དམ་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་།འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་དང་།རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས།རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་འཛུགས་སྐྲུན་གྱི་ཁྲོད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་མཚོ་བོད་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་མུ་མཐུད་དུ་སྐུལ་འདེད་བྱས།
“ཐོན་ཁུངས་ཀྱི་ལེགས་ཆ”ནས“ཐོན་ལས་ཀྱི་ཚད་ཤིང”ལ་སྤར་བའི་ལྗང་མདོག།
རང་རྒྱལ་གྱི་ཅཱ་ལུད་དང་ལིས་ཚྭ་སོགས་འགག་རྩའི་མ་བཅོས་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས་སྔར་བཞིན་དུ་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ“འཛམ་གླིང་རིམ་པ”དམིགས་ཚད་དུ་བཟུང་ནས་འབྲེལ་ཡོད་སྐུལ་འདེད་སྲོལ་ཡིག་ཆེད་མངགས་ཁྱབ་བསྒྲགས་བྱས་པ་མ་ཟད།ད་དུང“སྣ་ཁ་མང་དུ་གཏོང་བ་དང་།སྤུས་ཚད་མཐོ་རུ་གཏོང་བ།སྤུས་རྟགས་གཏོད་པ”བཅས་ལྟེ་བར་བྱས་ཏེ་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིངས་ནས་ཆད་པ་ཁ་གསབ་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཡོངས་ཀྱི་བསམ་གཞིགས་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ་སྟེ།ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་།གྲངས་རིག་ནུས་པ།ཚན་རྩལ་གསར་གཏོད་བཅས་ལ་མཉམ་དུ་ཤུགས་རྒྱག་པར་མཐའ་འཁྱོངས་བྱས་ཏེ་ཚྭ་མཚེའུ་ཡི་ལིས་རྫས་འདོན་རྩལ་སོགས་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་ནས་ཚྭ་མཚེའུ་ཐོན་ལས་ཀྱི་ཚད་གཞི195བཟོ་བའིལས་སུ་ཞུགས་པར་གཙོ་ཁྲིད་ཐོག ན་གོར་མོའི་ཚྭ་མཚེའུ་ལྗང་མདོག་ཐོན་ལས་གླིང་འཛུགས་སྐྲུན་གྱི་མགོ་བཙུགས་ནས་ཅཱ་དང་།ནཱ།མཱེ།ཁིལ་བཅས་ཐོན་ལས་ཚོགས་ལྔ་གྲུབ། དེ་ལས་ཅཱ་ལུད་ཀྱི་ལོ་རེའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆ80ཡན་ཟིན་པ་དང་། ཐཱན་སྐྱུར་ལིས་ཀྱིས་བརྒྱ་ཆ20ཡན་ཆད་ཟིན་པ། ལྷད་མེད་བུལ་ཏོག་གིས་བརྒྱ་ཆའི15ཡན་ཆད་བཟུང་། མཱེ་རྒྱུད་ཐོན་རྫས་ཀྱིས་རྒྱལ་ཡོངས་ཀྱི་རྩེར་སོན་ཁྲོམ་ར་བཟུང་བ་བཅས་ཀྲུང་གོའི་ཕོར་བ་བརྟན་པོ་ཡོང་བ་དང་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་འདེགས་སྐྱོར་ཐད་མཚོ་ནུབ་ཀྱིས་ལེགས་སྐྱེས་ཕུལ་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ་སྐྱོད་སྐབས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་གསེར་ཆེན་ཀུང་སི་མཚོ་སྔོན་དང་ཧོ་ནན་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་སྟོང་ཝ་ཁྲི90ཟིན་པའི་འོད་ཤུགས་རྣམ་གྲངས་ཀྱི་མཐོ་ཚད་ནས་རྒྱང་ལྟ་བྱེད་སྐབས། འོད་ཧྥུ་པང་ལེབ་འོག་ལུག་ཁྱུ་རྣམས་ཀྱིས་རྩྭ་ཟ་བ་དང་།རི་སྐྱེས་མེ་ཏོག་སྣ་ཚོགས་ཀྱིས་རྩྭ་ཐང་གི་བར་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ཡོད།“ང་ཚོས‘པང་ལེབ་ཐོག་ནས་གློག་གཏོང་བ་དང་།པང་ལེབ་བར་ནས་ཕྱུགས་འཚོ་བ།པང་ལེབ་འོག་རྩྭ་འདེབས་པ’བཅས་མཉམ་དུ་འཕེལ་རྒྱས་བཏང་ཡོད་ཡོད”ཅེས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་སྤྱི་མཐུན་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་པུའུ་ཝང་ཅུན་ཁོའོ་ཡི་དེ་ལྟར་བརྗོད་ལ། ཁོའི་སྐད་ཆ་ལས་སྣོད་བཅུད་དང་ཐོན་ལས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ནི་ཐབས་མཆོག་ཅིག་ཡིན་པ་མཚོན་ཡོད།
རྣམ་གྲངས་རྟེན་གཞིའི་ཕུགས་ལ་ཤེས་རྟོགས་བྱེད་དུས་སྣོད་བཅུད་ཀྱི་འགྱུར་ལྡོག་དེ་སྔར་བས་མངོན་དུ་གསལ་བ་སྟེ།རྟེན་གཞིའི་ཕྱི་རོལ་དུ་དཀའ་ཚེགས་ཆེ་བའི་ཐང་རྒོད་ཅན་གྱི་ས་ཆ་ཞིག་ཡིན་པ་དང་།རྟེན་གཞིའི་ནང་འོད་ཤུགས་པང་ལེབ་ཀྱིས་རླུང་འཚུབ་འགོག་ཐུབ་པ་དང་།ནགས་ཚལ་དང་རྩྭ་འབྲུ་ཟུང་འབྲེལ་ཡག་པོ་བྱས་ནས་མཁའ་རླུང་ཁྲོད་དུ་རྩྭ་དྲི་ཞིམ་པོ་ཡོད།རྣམ་གྲངས་དེས་ལོ་རེར་ལྗང་མདོག་གློག་གཏོང་ཐུབ་ཚད་ཆ་སྙོམས་སུ་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར19ཟིན་ནས་ཁྱིམ་ཚང་ཁྲི50ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་བ་དང་། ཚད་ལྡན་རྡོ་སོལ་ཏུན་ཁྲི58གྲོན་ཆུང་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་སྐྱེད་དང་ཐང་རྒོད་ཅན་བཅོས་སྐྱོང་གི་མཉམ་ལས་གཉིས་ཕན་མངོན་འགྱུར་བྱས།
ཆ་སྙོམས་ས་བབ་མཐོ་ཚད་སྨི3500ཙམ་ཟིན་པའི་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་མཚོ་འཁྱག་གྲོང་རྡལ་དུ་དྲོད་ཚད་ཀླད་ཀོར་མན་ལ་བསླེབས་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་མཚོ་ནུབ་ཀྱི་སྟོང་ཝ་ཁྲི50ཟིན་པའི་རླུང་གློག་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ལག་རྩལ་པས་རླུང་གློག་འཕྲུལ་འཁོར་གྱི་དཔྱང་སྒྲིག་གི་ཞིབ་ཕྲའི་གནས་ཚུལ་ཚང་མར་དམ་པོར་དམིགས་ནས་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟའི་ལས་དོན་ཚོགས་ཆུང་གིས་སྐེད་པ་སྒུར་ནས་དཔྱད་གྲངས་ཞིབ་བསྡུར་བྱས་པས་མི་ཚང་མའི་སྙིང་སྟོབས་ཆེར་སྐྱེད་ཀྱིས་ངར་ཤུགས་ཆེན་པོ་ལྡན་ཡོད།“12·30”དྲ་སྦྲེལ་དམིགས་ཚད་ལ་ཕྱོགས་པའི་མཐའ་མའི་གདོང་མཆོང་གི་མཉམ་ལས་ཆེན་པོ་ཞིག་དེ་གར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་བཀོད་སྒྲིག་གི་འགག་རྩའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་རྣམ་གྲངས་དེའི་ནང་གློག་འདོན་ཚད་ཧ་ཅང་མཐོ་བ་སྟེ།གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི50ཟིན་པ་དང་། ལེ་ལག་ཚང་བའི་ནུས་གསོག་གཞི་ཁྱོན་ཆུ་ཚོད་རེར་ཀྲའོ་ཝ་རེར50འམ་ཀྲའོ100ཡིན་པ་དང་། ཁྱོན་བསྡོམས་ཆུ་ཚོད་རེར་ཤོང་ཚད་ཀྲའོ་ཝ6.25ཅན་གྱི་འཕྲུལ་འཁོར་རྐྱང་པ8080བསྒྲིག་ནས་སྟོང་ཧྥུ330ཡི་གློག་གནོན་ས་ཚིགས་དང་གློག་གཏོང་སྐུད་ལམ་བཀོད་སྒྲིག་བྱས།རྣམ་གྲངས་དེ་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་སྔོན་དཔག་ཐུབ་པ་ཞིག་ནི། ལོ་ལྟར་ནུས་རྒྱུ་གཙང་མ་སྟོང་ཝ་ཆུ་ཚོད་དུང་ཕྱུར7.48ཕྱིར་གཏོང་ཐུབ་རྒྱུ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི26གྲོན་ཆུང་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི67ཉུང་གཏོང་ཐུབ་པ་དང་ཆབས་ཅིག མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་ས་ཁོངས་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་ཐུབ་རྒྱུ་དེ་རེད།
ས་གཞི་དེའི་ལྗང་མདོག་ལ་འགྱུར་ལྡོག་བྱུང་བ་དེ་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ཟླ10པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི7300ལས་བརྒལ་བ་དང་། དེས་བསྡུར་གྲངས་ཀྱི93.1%བཟུང་ནས་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས34ཡིས་མཐོ་བ་དང་། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས90.6%བཟུང་།ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་5600ཟིན་པ་དེ་2020ལོ་ལས་ལྡབ་འཕར་བ་དང་།གློག་འདོན་འཕྲུལ་འཁོར་གྱིས71.8%དང་གློག་གཏོང་ཚད་ཀྱིས་50.2%བཟུང་ནས་རྒྱལ་ཡོངས་སུ་སྔོན་ལ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱི་བསྡུར་ཚད“གཙོ་གཟུགས་གཉིས”བཟུང་ཡོད།ནུས་རྒྱུ་གཙང་མ་འཕེལ་རྒྱས་ཕྱིན་པ་ལས་མཚོ་སྔོན་དུ་མཐོ་ཞིང་གྲང་ངར་ཆེ་བའི་དུས་སྐབས་ཤིག་ཤར་ཡོད།
“ཡུལ་སྐོར་གནས་མཆོག”ནས“རིན་ཐང་གཞན་སྒྱུར”གྱི་དཔེ་སྟོན་རྣམ་པའི་གསར་བཅོས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་གྱིས་སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་སྣོད་བཅུད་ཡུལ་སྐོར་དེ“རྒྱུག་ཚད”ནས“འཇོག་ཚད”དང“གཱ་ལེན་པ”ནས“ཉམས་མྱོང”བར་རིམ་སྤོར་བར་སྐུལ་འདེད་བཏང་།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ“སྣོད་བཅུད་ཡུལ་སྐོར”གྱི་འདུ་ཤེས་སྔ་ས་ནས་མི་སེམས་སུ་འཇགས་པ་དང་།“ཞིབ་ཚགས་ཅན་གྱི་དོ་དམ”གྱིས་ཡུལ་སྐོར་གྱི་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ཡུལ་སྐོར་བ“ལྟ་སྐོར་གཱ་ལེན་པ”ནས“ཉམས་ལེན་གཏིང་ཟབ་བྱེད་པའི”བར་འགྱུར་ལྡོག་ལ་ཁྲིད་སྟོན་བྱས།མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིག་གནས་ལ་བརྟེན་ནས3Dགློག་བརྙན་ཁང་དང་སྣོད་བཅུད་ཟློས་གར་ཁང་སོགས་རྣམ་གྲངས་སྐྱེད་སྲིང་བྱས་ཏེ“ཉ་ལོ”དང“སྐྱར་མོ་སྐྱ་མོ”རིག་གནས་གསར་གཏོད་IPདང་ཁྱད་ལྡན་ཐོན་རྫས་བཏོད་དེ་ཡུལ་སྐོར་བར་ས་མཐོའི་སྣོད་བཅུད་ཀྱི་མཛེས་སྡུག་མྱོང་རོལ་གཏིང་ཟབ་ལ་ཁྲིད་སྟོན་བྱས།
དེས་མ་ཚད་སྣོད་བཅུད་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ས་གནས་དེ་གའི་འབྲོག་པར་ཕན་པ་ཏན་ཏིག་ཐོབ་པ་དང་། དེ་སྔ“ལུག་ལ་བརྟེན་ནས་འཚོ་བ་སྐྱེལ་བའི”འབྲོག་པ་གཞན་སྒྱུར་བྱས་ནས“འབྲོག་པའི་སྤྲོ་སྐྱིད་ཁང”གཉེར་ནས་ལོའི་ཡོང་འབབ་སྔོན་མ་ལས་ལྡབ་ཁ་ཤས་འཕར་བ་དང་།“སྣོད་བཅུད་ལ་བརྟེན་ནས་ཡོང་འབབ”དངོས་འབྲེལ་ཐུབ་ཡོད་པ་རེད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5613.63ལ་སྣེ་ལེན་བྱས་པ་དང། དེ་ནི་དུས་མཚུངས་ལས20.36%འཕར་བ་དང་།ཡུལ་སྐོར་གྱི་འགྲོ་སོང་བསྡོམས་སྒོར་དུང་ཕྱུར535.66ཟིན་པ་དང་། དེ་ནི་དུས་མཚུངས་ལས20.05%འཕར།
དེ་དང་ཆབས་ཅིག་མཚོ་སྔོན་གྱིས“རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་གཏོད་པར”མཛུབ་ཁྲིད་དུ་བྱས་ཏེ། ཇུས་འགོད་རྩེ་གྲ་ལ་ཤུགས་སྣོན་དང་།ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་པོར་བཏང་བ་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད།ཡུལ་སྐོར་གྱི་སྤུས་ཚད་མཐོར་འདེགས། འཛད་སྤྱོད་ཀྱི་མི་མངོན་སྟོབས་ཤུགས་དར་སྤེལ།སྤུས་རྟགས་མ་ལག་གསར་གཏོད་ལ་སོགས་སྣོད་བཅུད་རིག་གནས་ཡུལ་སྐོར་ཁུལ་མང་པོ་ལེགས་སྒྱུར་བྱས་བྱས། རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་ལས་འགུལ་ལག་བསྟར་བྱས་ཏེ། མཐོ་སྒང་གི་ཁམས་གསོ། སྐྱེ་ཁམས་ཞིབ་འཇུག་སོགས་ཀྱི་ཁྱད་ལྡན་ཐོན་རྫས་གསར་སྤེལ་ལ་བརྟེན་ནས་སྔོ་ཞིང་དྭངས་པའིི་རི་ཆུ་མུ་མཐུད་དུ་གསེར་རི་དངུལ་རིར་བསྒྱུར།
མཚོ་སྔོན་དུ་སྣོད་བཅུད་དགེ་མཚན་གྱི་གཏམ་རྒྱུད་དེ་མཚོ་སྔོན་པོའི་ངོགས་ཁོ་ན་ཙམ་མིན། རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ས་གཞི་ཆེན་མོར“ལྗང་མདོག་མིང་བྱང”གཞན་ཞིག་ཀྱང་བཀྲག་མདངས་འཚེར་བཞིན་ཡོད།མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཐའེ་ཙེ་ཤང་ཐའེ་གྲོང་ཚོ་གཉིས་པར་ས་མཐོའི་གྲང་ངར་ཆེ་བའི་ཤོག་བྱང་སྦྱར་ཡོད་པའི་སྔོ་ཚལ་འཁྱག་སྦྲེལ་རླངས་འཁོར་བརྒྱུད་བྱང་ཕྱོགས་དང་ཀོང་ཁུལ་རུ་ཐད་ཀར་འབྱོར་གྱི་ཡོད།“སྣེ་ཁྲིད་པ”ཅིན་ཡུང་མིང་གི་ཞིང་ཕྱུགས་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གིས་སྤྱི་ཆིང་66.67ཀོང་ཏུང་དང་། ཤང་ཀང་།ཨའོ་མོན་བཅས་སུ་སྔོ་ཚལ་རྟེན་གཞི་བསྐྲུན་ནས་མཐའ་འཁོར་གྱི་ཞིང་དུད1500འདེབས་འཛུགས་ནང་ཞུགས་པར་སྐུལ་ཁྲིད་བྱས། 2023ལོའི་ཟླ8པར་མཉམ་ལས་ཁང་གི་གྲང་འཁྱག་སྔོ་ཚལ་ཤང་ཀང་གི་གྲོང་མིའི་གསོལ་ཅོག་ཐོག་ཐོག་མར་བཏོན་པ་དང་སྐབས་དེ་དུས་ཁོང་གིས“སྔོ་ཚལ་ཆུང་ཆུང”ཡང“ཁྲོམ་ར་ཆེན་པོར”བསྐྱོད་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
མཚོ་བོད་ས་མཐོའི་བར་བརྒལ་ཁུལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་དང་དྭངས་གཙང་ས་ཆུའི་རང་བྱུང་ལེགས་ཆར་བརྟེན་ནས་མཚོ་ཤར་གྲོང་ཁྱེར་གྱིས་མུའུ་ཁྲི་ཡི་རྟེན་གཞི1དང་།མུའུ་སྟོང་གི་རྟེན་གཞི4། མུའུ་བརྒྱའི་རྟེན་གཞི57བཅས་བསྐྲུན་ཟིན་པ་དང་ས་མུའུ་ཁྲི32(མུའུ་1གི་མུའུ0.067)བཏབས་། ལོའི་ཐོན་ཚད་ཏུན་ཁྲི75ཙམ་ཟིན་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར36ཐོན་སྐྱེད་བྱས། གནས་འདིའི་ས་མཐོའི་གྲང་ཚལ་སྣ་ཁ284ཡིས“སོས་པ་དང་།གསོན་ཤུགས་ལྡན་པ།མགྱོགས་པ”བཅས་ཀྱི་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་དབང་དུ་བསྡུས་པ་མ་ཟད།ཕྱི་ཕྱོགས་ཚོང་དོན་འཕར་བའི་སྒུལ་ཤུགས་གསར་པར་གྱུར།
“ས་མཐོའི་གྲང་ངར་ཆེ་བའི་ས་མཐོ”དེ་མཚོ་སྔོན་གྱིས“ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ”གཏོད་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང(2021ལོ་ནས་2025ལོའི་ཟླ་དང་པོ་ནས་དགུ་པའི་བར)མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་18.7ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་25.2%ཟིན་པའི་ནང་ཙོང་ཉ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་78ཟིན་པ་དེས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་གྱི་91.2%བཟུང་ཡོད།གྲང་ཉ་དང་།གྲང་གྲང་སྔོ་ཚལ།ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ།འཕང་འབྲས་སོགས་ཞིང་ཟས་ཐོན་རྫས130ལྷག་ཙམ་ཕྱི་རྒྱལ་གྱི་ཁྲོམ་རར་བཏོན་ནས“དག་གཙང་མཚོ་སྔོན། ས་མཐོའི་ཐོན་རྫས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད།ཚགས་ཤ་གསོ་ཚགས་བྱེད་པར་ཤང་ཀང་ཁྲོམ་རའི་ཐོག་གི་ལམ་ཡིག་ཐོབ་པ་དང་འབྲེལ་ཕྱིར་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།
“གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་བ”ནས“སྤུས་ཚད་གསར་པའི་འཕེལ་རྒྱས”ཀྱི་ལྗང་མདོག་འཕེལ་རྒྱས།
ཀྲུང་གོའི་གློག་ཤུགས་མཚོ་སྔོན་ཀུང་སིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་ཚྭ་འདམ་དང་གོར་མོའི་ཤར་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར800ཙམ་བཏང་བ་དེ་ནི་རྒྱལ་ནང་གི་འཆར་འགོད་འཛུགས་སྐྲུན་གྱི་ཤོང་ཚད་ཆེ་ཤོས་དང་།མ་འཇོག་བྱེད་མང་ཤོས།ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མངོན་གསལ་དོད་ཤོས་བཅས་ཀྱི་ནུས་རྒྱུ་གསར་པའི་རྣམ་གྲངས་ཤིག་ཡིན་པ་མ་ཟད།རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་དཔལ་འབྱོར་གཉེར་ཁུལ་གྱི་ནུས་རྒྱུ་གསར་པའི་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཐོག་མ་དེ་ཡང་ཡིན་པས། མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་དུས་མཚམས་གསར་པར་བསླེབས་པ་མཚོན།
“མིག་སྔར་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཁག་གི་སྤྱི་ཡོངས་ཞིབ་འཇུག་བྱེད་ཆོག་པ་དང་སྣོད་བཅུད་བཅོས་སྐྱོང་སོགས་ཀྲུང་གོའི་བློ་འདྲི་ཀུང་སིའི་ཞིབ་བཤེར་དང་བསྡུ་ཆོག་པའི་འགག་སྒོ་ལེགས་གྲུབ་ཟིན་པ་དང་།ལེ་ལག་ཚང་བའི་སྟོང་ཝ་ཁྲི66ཟིན་པའི་སོལ་གློག་རྣམ་གྲངས4ལ་ཞིབ་མཆན་བཀོད།སྦགས་བཙོག་དངོས་པོའི་ས་ཁོངས་ཉུང་དུ་གཏོང་བའི་ཇུས་གཞི་དང་སྤྱི་འབོར་གྱི་དམིགས་ཚད་དོན་འཁྱོལ་བྱས།ཁོར་ཡུག་དཔྱད་དཔོག་སྙན་ཞུར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་མཆན་འགོད་བཀའ་ལན་ཐོབ་པ།རྩད་ཞིབ་ཇུས་འགོད་དང་།འཕྲུལ་འཁོར་གཙོ་བོ་གསུམ།ལས་གྲྭའི་ལྟ་སྐུལ་དོ་དམ་འོས་འགུགས་བཅས་བྱས།ཨར་ལས་ཧྭ་གློག་མཚོ་སྔོན་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གོ་རིམ་གསལ་པོ་མངོན་ཡོད།
དྭངས་གཙང་ནུས་རྒྱུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་མཚོ་སྔོན་ལ་ཐོན་ལས་གསར་པ་སྐྱེད་སྲིང་དང་འགྲན་ལམ་གསར་པ་གཏོད་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་མཇུག་ཏུ་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་གཞི་རྟེན་དུ་བྱས་ནས་ལྗང་མདོག་རྩིས་རྒྱག་ནུས་པ་སོགས་འགྲན་ལམ་གསར་པ་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་ཐོན་ལས་འཕེལ་རྒྱས་དེ་སྲོལ་རྒྱུན་གྱི་ཐོན་ཁུངས་ལ་བརྟེན་པ་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།
ངེས་གནས་ནི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་སྟེ།མཚོ་སྔོན་གྱི་གནམ་གཤིས་གྲང་ལ་མཁའ་རླུང་གཙང་བ་དང་།ལོ་རེའི་ཆ་སྙོམས་དྲོད་ཚད་3.9℃ཡིན་པ།གྲངས་གཞིའི་ལྟེ་གནས་ཀྱི་ནུས་རྒྱུ་ཟད་གྲོན་རྒྱལ་ནང་གི་ཆ་སྙོམས་ཆུ་ཚད་ལས་40%དམའ་བ།རྩིས་རྒྱག་ནུས་པའི་མ་འཇོག་མ་གནས20%ཆག་པ།གཉེར་སྐྱོང་མ་གནས་30%ཆག་པ།PUEརིན་ཐང་ལོ་འཁོར་མོར1.2མན་རྒྱུན་འཁྱོངས་ཐུབ་པ་བཅས་ལས་བྱུང་བ་ཞིག་ཡིན་པས་ལྗང་མདོག་རྩིས་རྒྱག་ནུས་པ་འཕེལ་རྒྱས་གཏོང་བའི“རང་བྱུང་གྲུ་ཁ་བཟང་པོ”ཞིག་རེད།
ལོ་གཅིག་རིང་གཏན་འཇགས་ཀྱི་ལྗང་མདོག་གློག་གཏོང་མཁོ་སྤྲོད་དང་།རྒྱ་ཆེ་བའི་འཕེལ་རྒྱས་བར་མཐོངས། རྒྱུན་མཐུད་ལེགས་སུ་གཏོང་བའི་ཚོང་གཉེར་ཁོར་ཡུག་བཅས་ལ་བརྟེན་ནས་པའེ་ཏུའུ་དང་།360 ། ཚན་རྩལ་སློབ་ཆེན་གྱི་ཞུན་ཧྥེ་སོགས་རྩིས་རྒྱག་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཁེ་ལས་མཚོ་སྔོན་དུ་བཙུགས།ཞིང་ཆེན་ཡོངས་སུ་སྐྲུན་བཞིན་པའི་ཚད་ལྡན་འཕྲུལ་འཁོར་སྒྲོམ་ཁྲི་19ལས་བརྒལ་བ་དང་།རིག་ནུས་རྩིས་རྒྱག་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་གྱི་གཞི་ཁྱོན་ཁྲི་1.8ལས་བརྒལ་བ།རྩིས་རྒྱག་ཤུགས་ཀྱི་གཞི་ཁྱོན་ལོ་གཅིག་གོང་ལས་ལྡབ་40ལྷག་ཙམ་འཕར་བ།ལྗང་མདོག་གློག་རྩིས་མཐུན་སྦྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་བཅས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
གླེང་རིན་ཡོད་པ་ཞིག་ནི།2024ལོའི་ཟླ12པ་ནས་བཟུང་གོ་ལ་ཧྲིལ་པོའི་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ལྟེ་གནས་དང་པོ་དང་།ཀྲུང་གོ་སྦྲེལ་འཕྲིན་ཨ་ལི་ཡུན་དབན་གཱའི་ལྗང་མདོག་རྩིས་རྒྱག་རྣམ་གྲངས་སྔ་རྗེས་སུ་དོན་འཁྱོལ་བྱས་པ་དང་།“མཚོ་སྔོན་ཐུའུ་ལིང་གྲོང་རྡལ་ཆུང་ངུ”གན་རྒྱ་བཞག་ནས་ལག་ལེན་བསྟར་འགོ་ཚུགས་པ།རྒྱལ་ཡོངས་ཀྱི་རང་རྒྱལ་ནས་ཐོན་པའི་གཞི་ཁྱོན་ཆེ་བའི་ལྗང་མདོག་རྩིས་རྒྱག་ནུས་པའི་ཞབས་ཞུའི་ཐོན་རྫས་ཐོག་མ་དེ་ཁྱབ་བསྒྲགས་བྱས་པ་སོགས་དུས་ཐུང་ཟླ་བ་ཁ་ཤས་ནང་ལྗང་མདོག་རྩིས་རྒྱག་ནུས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་པ་རེད།དེ་དང་ཆབས་ཅིག“གྲངས་གཞིའི་མཚོ་སྔོན”འཛུགས་སྐྲུན་ལ་དུས་གཅིག་ཏུ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་གྲངས་གཞི་ཆེ་མོའི་ལས་སྟེགས་བསྐྲུན་པ་དང་གྲངས་གཞིའི་མཁར་རྫོང་མེད་པ་བཟོས་ནས་ལྗང་མདོག་འཕེལ་རྒྱས་ལ་གྲངས་གཞི་ཅན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ད་ལྟའི་ཆར་མཚོ་སྔོན་གྱིས་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས་ས་མཐོའི་ས་གཞི་ཆེ་མོ“སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཚོད་ལྟའི་ཞིང་ཁ་གལ་ཆེན”གྱི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད་པ་དང་།འབྱུང་འགྱུར་རྒྱལ་ཡོངས་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་མཚོ་སྔོན་གྱི་འགྲེལ་སྟངས་མང་པོ་འབུལ་རྒྱུ་རེད།