མདོ་ལ་རིང་བོ་རྒྱལ་ཁབ་སྤྱི་གླིང་གི་སྒུག་འདེམས་ཁུལ(མཚོ་སྔོན་ས་ཁུལ)གྱི་གཏེར་ལས་དབང་ཆ78ཕྱིར་འཐེན་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གཙོ་གནད་གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་དང་ཐག་གཅོད་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོ་གནད་གནད་དོན་44ཚང་མ་བཅོས་སྒྲིག་བྱས་ཟིན།མདོ་ལ་རིང་བོ་རྒྱལ་ཁབ་སྤྱི་གླིང་གི་སྒུག་འདེམས་ཁུལ(མཚོ་སྔོན་ས་ཁུལ)གྱི་གཏེར་ལས་དབང་ཆ78དང་མདོ་ལ་རིང་བོའི་ལྷོ་འདབས་(མཚོ་སྔོན་ས་ཁུལ)གཏེར་ལས་དབང་ཆ97དང་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གཏེར་ལས་དབང་ཆ་ཕྱིར་འཐེན་བྱས་པ་དང་འབྲེལ་སྣོད་བཅུད་སླར་གསོ་བཅོས་སྐྱོང་ལེགས་སྒྲུབ་བྱས་པ་རེད།

“ང་ཚོས་རྟ་ཐང་བྱང་གཞོང་ཆུའི་མགོ་ཁུངས་དང་།ཡ་རྫི་སྟོང་རི་མཚོ་ནག །མཚོ་སྔོན་པོ།རོང་པོ།ཚྭ་འདམ་གྱི་སོ་ཤིང་ནགས་ཚལ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་5ཡི་སྣོད་བཅུད་སྲུང་སྐྱོང་ཕན་འབྲས་ཚོད་སྐོར་ལེགས་གྲུབ་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་རྒྱུ་ཡིན”མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་གཞོན་པ་མིའོ་ཧུའེ་ཐེན་གྱིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས“ཕུབ་ལྗང་”རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྟ་སྐུལ་ཆེད་དོན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོས་ཡོད།

སྣོད་བཅུད་སྲུང་སྐྱོང་དམར་ཐིག་གི་སྣོད་བཅུད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ།《རང་བྱུང་ཐོན་ཁུངས་པུའི་སྣོད་བཅུད་ཁོར་ཡུག་པུའི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ(ཚོད་ལྟའི་ལག་བསྟར)》སྔ་རྗེས་སུ《སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་བྱེད་ཐབས་(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་སོགས་སྡེ་ཁག་དང་མཉམ་དུ་ས་གནས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་གི་ཚད་ཡོད་མིའི་བྱེད་སྒོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྐྱེ་ཁམས་གཏོར་བཤིག་གཏོང་དོགས་ཡོད་པའི་གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་ཏན་ཏིག་བྱེད་དགོས།དེ་དང་ཆབས་ཅིག་མ་ལག་ལྡན་པའི་སྒོ་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་དཔྱད་དཔོག་སྒྲིག་འཛུགས་བྱས་ཏེ་སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་།ཕྱི་རོལ་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ།སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་རྒྱུན་མཐུད་བརྟན་དུ་གཏོང་བ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།