མཚོ་ནུབ་ཀྱི་དམངས་གཉེར་དཔལ་འབྱོར་ཚོགས་པ་ཁྲི་དྲུག་ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ལམ།  གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།    2025ལོར་མཚོ་ནུབ་ཁུལ་གྱི་དམངས་གཉེར་དཔལ་འབྱོར་གྱིས་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་ཡོང་བའི་གནས་བབ་སྲུང་འཛིན་བྱས་པ་དང་།     དཔལ་འབྱོར་གཙོ་གཞིའི་གཞི་ཁྱོན་བརྟན་འཇགས་ངང་ཆེ་རུ་བསྐྱེད་དེ་ཁྲལ་བསྡུ་ཕན་འབྲས་རྒྱུན་མཐུད་ངང་ཇེ་བཟང་དུ་གྱུར།   མིག་སྔའི་བར་དུ།    ཁུལ་ཡོངས་སུ་དམངས་གཉེར་དཔལ་འབྱོར་ཚོགས་པ་ཁྲི་དྲུག་དང་བདུན་བརྒྱ་ང་གསུམ་ཡོད་པ་དང་།  དེའི་ནང་དམངས་གཉེར་ཁེ་ལས་ཁྲི་གཅིག་དང་སྟོང་བཞི་གོ་གཅིག་ཡོད་པ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཁྲི་བཞི་དང་སྟོང་ལྔ་དྲུག་བརྒྱ་སུམ་ཡོད་ལ།   ཞིང་བའི་ཆེད་ལས་མཉམ་ལས་ཁང་སྟོང་གཅིག་དང་སོ་གཉིས་ཡོད་པ་དེ་ལོ་འགོ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་འཕར་ཡོད།     2025ལོའི་ཟླ་སྔོན་མ་བཅུ་གཅིག་གི་ནང་ལ།   ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཁྲལ་བསྡུའི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་ལ་སླེབས་པ་དང་།   དེས་ཁུལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྡོམ་འབོར་གྱི་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་གཅིག་གཉིས་ཟིན།

མཚོ་ནུབ་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞབས་ཞུས་བྱེད་ནུས་བསྩོལ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་།  བྱེད་ཐབས་སྣ་མང་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།   ཚོང་འགུག་དངུལ་འདྲེན་ཐད་ནས་ཕན་འབྲས་ཆེ་བའི་བྱེད་སྒོ་སྣ་མང་སྤེལ་ཏེ་འདོན་བློའི་རང་བཞིན་གྱི་ཚོང་འགུག་ལས་གཞི་བཅུ་ལེགས་འགྲུབ་བྱུང་ནས་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་བདུན་ས་ཡ་དགུ་ལ་སླེབས་པ་དང་།    འཛད་སྤྱོད་རོགས་སྐྱོར་ཕྱིར་འཚོང་ལས་གཞི་དགུ་དང་སྤྱི་ཕན་ལས་གཞི་བཅུ་བདུན་ལེགས་འགྲུབ་བྱུང་།    དེ་དང་མཉམ་དུ།    མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་དྲུག་པར་ཞུགས་ཤིང་།    ཁུལ་ཚོང་འགུག་ཅུས་མཉམ་འབྲེལ་སྒོས་མཚོ་སྔོན་དང་ཀོང་ཏུང་།  ཧྥུའུ་ཅན། ཧུའུ་ནན་སོགས་ས་ཁུལ་དུ་ངོ་སྤྲོད་ཚོགས་འདུ་བསྡུས་ཏེ་ཁྱད་ལྡན་ཐོན་ལས་དང་ཚོང་གཉེར་ཁོར་ཡུག་གི་དགེ་མཚན་སྦྲེལ་མཐུད་བཟང་བོ་བྱས།

དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་བཟང་བོ་ཞུས་ཏེ་ཁེ་ལས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཆེད།   མཚོ་ནུབ་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཆེད་དོན་མི་བསྡུའི་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱིས་ལས་མི་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པར་རོགས་འདེགས་བྱས་པ་དང་།    དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་སྒོས་དངུལ་ཁྲལ་མཉམ་འབྲེལ་གྱིས་དམངས་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བསྡུའི་སྦྲེལ་མཐུད་གྲོས་ཚོགས་བསྡུས་ནས་དངུལ་བསྡུའི་བྱེད་ཐབས་རྒྱ་བསྐྱེད།   ཁྲིམས་འཛིན་སྡེ་ཁག་དང་མཉམ་དུ་ཁྲིམས་སྐྱོང་འཆད་ཁྲིད་སྤེལ་ནས་ཁེ་ལས་ཀྱི་ཉེན་ཁ་འགོག་སེལ་ནུས་པ་མཐོར་འདེགས་བཏང་བ་དང་།   འཇོན་མི་དང་དངུལ་རྩ།   བཅའ་ཁྲིམས་སོགས་ཕྱོགས་ཡོངས་ལ་ཁེབས་པའི་ཞབས་ཞུའི་མ་ལག་བཙུགས།  དེ་དང་མཉམ་དུ།  མཚོ་ནུབ་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཐང་སྲིད་ཚོང་འབྲེལ་བ་འཛུགས་པ་དང་དམངས་གཉེར་དཔལ་འབྱོར་གྱི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་འཐུས་ཚང་དུ་གཏོང་བ།   དངུལ་བསྡུའི་དཀའ་གནད་ཐག་གཅོད་པ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པར་མ་ཟད།    དམངས་གཉེར་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་།  ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་འགུལ་སྐྱོད་ཀྱི་ཆེད་དོན་རྟོག་ཞིབ་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་དཀའ་ཁག་དངོས་ཐག་གཅོད་པར་སྐུལ་འདེད་བཏང་།

དེ་མིན།   མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་རྫོང་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐུན་སྦྱོར་མཉམ་འགུལ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས།   ན་གོར་མོའི་སྲིད་ཇུས་ཟུར་ཁྲིད་དང་གཏེར་ལེན་ཁའི་ཚོང་ཚོགས་མཉམ་འབྲེལ།  ཏུའུ་ལན་གྱི་ཕྱི་ཕྱོགས་ཀྱི་ཉམས་མྱོང་བསྡུ་ལེན་སོགས་རང་ས་གནས་ཀྱི་དོན་དངོས་ལ་རྐང་བཙུགས་པའི་གསར་གཏོད་བྱེད་ཐབས་རབ་དང་རིམ་པས་མཚོ་ནུབ་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།