མཚོ་ནུབ་ཁུལ་གྱིས་ཚོང་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉིན་སྔོན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅུས་དེས་ད་ལོ་ཚུན་ཚོང་ལས་ཉོ་ཚོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། དྲ་ཐོག་ཚོང་དོན་གྱི་སྒུལ་ནུས་འཕེལ་རྒྱུ་སྒུལ་ཤུགས་སུ་བྱེད་པ། ཐོན་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུ་ཐབས་ལམ་དུ་བྱས་ནས། སྦྲེལ་མཐུད་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་20.9%འཕར་བ་དང་འདྲེ་ཚེར་མའི་ཕྱིར་གཏོང་གྲངས་འབོར་དུས་མཚུངས་ལས་16.3%འཕར་བ་སོགས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་སྟེ། གྲོང་གསེབ་དར་རྒྱས་ཀྱི་སྤུས་འབྲས་ལེགས་གཉེར་རྒྱུན་མཐུད་ཡོང་བར་ཚོང་ལས་ཉོ་ཚོང་གི་གསོན་ཤུགས་ཆེན་པོ་བསྣན་ཡོད།

     རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཚོང་ལས་དྲ་རྒྱ་དང་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་ལ་དམིགས་ནས་མཚོ་ནུབ་ཀྱིས་རྫོང་ཁོངས་ཀྱི་ཚོང་ལས་དྲ་ཚིགས་ཀྱི་སྒྲིག་བཀོད་རིམ་སྤོར་དང་། བྱེད་ནུས་ཀྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་སྟོབས་ཆེར་གཏོང་བ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། 2025ལོར་ཞིང་ཆེན་རིམ་པའི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཆེད་དོན་མ་དངུལ་རྣམ་གྲངས་10རེ་ཞུ་བདེ་བླག་བྱུང་ནས་ཁ་གསབ་དངུལ་སྒོར་ཁྲི་649.5བརྩོན་ལེན་བྱས་པ་དང་། རྫོང་ཁོངས་ཚོང་ལས་མ་ལག་གི་འཛུགས་སྐྲུན་རྣམ་གྲངས་5རེ་ཞུ་བྱས་ནས་ཀྲུང་དབྱང་གི་ཁ་གསབ་སྒོར་ཁྲི་720.49བརྩོན་ལེན་བྱས་པ་དེ་དག་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིགས་འབྲེལ་སྒོ་རྩིས་ཚོང་ཁང་། ཚོང་ལས་ཉོ་ཚོང་ལྟེ་གནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་གཅིག་སྡུད་ཁུལ་སོགས་ཕྱོགས་མང་པོར་ཁྱབ་སྟེ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་གྲོང་གསེབ་ཀྱི་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ཡོད།

     ཁེ་ལས་སྒྲིག་འཛུགས་བྱས་ནས་ཐོན་ཚོང་འབྲེལ་སྦྱོར་བྱེད་སྒོར་ཞུགས་པ་དང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཁེ་ལས་རྒྱུག་ཆེའི་དྲ་ཐོག་ཚོང་དོན་ལས་སྟེགས་སུ་བཅའ་སྡོད་བྱེད་པར་སྐུལ་འདེད་བཏང་ནས་དྲ་ཐོག་གི་ཆེད་དོན་ཁུལ་མང་པོ་གཉེར་སྐྱོང་བྱས་པ་དང་ཐོན་རྫས་སྣ་ཁ་400ལྷག་ཙམ་སྒྲིག་གཤོམ་བྱས་པས། ཟླ་དང་པོ་ནས་བཅུ་པའི་བར་ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་1.86ཟིན་ཏེ་དུས་མཚུངས་ལས་20.9%འཕར་ཡོད། ཁེ་ལས་སྒྲིག་འཛུགས་ཀྱིས་ཁྲུང་ཆིང་གི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་འགྲེམས་ཚོགས་ནང་ཞུགས་ནས་ཡུན་རིང་གི་དངོས་ཟོག་མཁོ་སྤྲོད་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཁག་20བཞག་པ་དང་གྲོས་མཐུན་བཞག་པའི་དངུལ་གྲངས་སྒོར་ཁྲི་3000ལྷག་ཙམ་ཟིན་ཡོད། རྒྱལ་སྤྱིའི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲོའུ་ཡོངས་ཀྱི་འདྲེ་ཚེར་མའི་ཁེ་ལས་13ལ་ཤང་ཀང་STC(ཚད་གཞི་དང་དེ་བཞིན་ཞིབ་དཔྱད་གཏན་འཁེལ་ལྟེ་གནས)དང་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་སོགས་རྒྱལ་སྤྱིའི་ཁས་ལེན་དཔང་འདོན་ཐོབ་ཡོད། ཝེ་ཐེ་ནམ་དུ་ཁྱད་ལྡན་ཆེད་སྒྲོམ་བཙུགས་ཏེ་ལི་གྲོའི་ས་བོན་དང་འདྲེ་ཚེར་མའི་ཇ་ཐོག་མར་ཕྱིར་གཏོང་རྒྱུར་སྐུལ་འདེད་བཏང་བས་ཟླ་དང་པོ་ནས་དགུ་པ་བར་འདྲེ་ཚེར་མ་ཕྱིར་གཏོང་བྱས་པར་དངུལ་སྒོར་ཁྲི་1560.5ཟིན་ཏེ་དུས་མཚུངས་ལས་16.3%འཕར་བ་དང་རྒྱལ་ཁབ་དང་ས་ཁུལ་18ལ་བཙོངས་ཡོད།

     ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཞིང་། གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་དང་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ལས་སྟེགས་ལ་བརྟེན་ནས“རྩལ་འགྲན་དང་ཐད་གཏོང”ཟུང་འབྲེལ་དང“འགྲེམས་ཚོགས་དང་ཐད་གཏོང”ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་ཏེ། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་97ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། ལས་རྣམ་མང་པོའི་འཛད་སྤྱོད་བྱེད་རྣམ་གྱི་ལག་བསྟར་ཇུས་གཞི་བཟོས་ནས་མཚོ་ནུབ་སྐྱེ་ཁམས་ཡུལ་སྐོར་ཁྲོམ་གཞུང་ཁུལ་སོགས་མཚོན་བྱེད་རང་བཞིན་གྱི་ཚོང་སྐོར་དང་དེ་བཞིན་ཞིང་ཆེན་རིམ་པའི་ཁྱད་ལྡན་རྐང་ཐང་ཁྲོམ་གཞུང་3བསྐྲུན་པ། “དབུ་དཀར་ཡུལ་སྐོར་དང་འཛད་སྤྱོད”ཟུང་འབྲེལ་བྱེད་རྣམ་གསར་གཏོད་བྱས་ནས་ཁྱད་ལྡན་ཡུལ་སྐོར་ཆེད་གཏོང་མེ་འཁོར་བཏང་སྟེ་འཛད་སྤྱོད་ལས་རྣམ་གསར་པར་བརྟེན་ནས་གྲོང་གསེབ་ཀྱི་འཛད་སྤྱོད་འཕར་རྒྱུར་རམ་འདེགས་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།