རྩེ་ཁོག་རྫོང་གིས་བྱ་དར་ཆུ་མཛོད་ལས་འགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་བྱ་དར་ཆུ་མཛོད་བཟོ་སྐྲུན་ལས་འགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ལས་གཞི་ཡོངས་འགྲུབ་བྱས་རྗེས། རྩེ་ཁོག་རྫོང་ཡོངས་ཀྱི་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་བརྒྱད་བརྒྱ་དང་སྒོ་ཕྱུགས་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་ཡི་འཐུང་ཆུའི་དཀའ་གནད་ཐག་གཅོད་མཐར་ཕྱིན་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།

བྱ་དར་ཆུ་མཛོད་ནི་རྩེ་ཁོག་རྫོང་མངའ་ཁོངས་ཀྱི་རྩེ་ཆུའི་གཡོན་ངོགས་ཀྱི་རིམ་པ་དང་པོའི་ཆུ་ལག་བྱ་དར་གཙང་པོའི་འདབས་སུ་གནས་པ་དང་། རྩེ་ཁོག་རྫོང་མཁར་གྱི་ཆུ་མཁོ་འདོན་ཆུ་ཁུངས་གཙོ་བོ་ཞིག་ཡིན་ལ། ཆུ་མཛོད་ཀྱི་ཆུ་རགས་གནས་ཡུལ་དེ་བྱ་དར་གཙང་པོའི་སྟོད་རྒྱུད་དུ་གནས་ཡོད། ལས་གཞིར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་བ་དང་། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་ངོས་སྙོམས་གྲུ་བཞི་མ་ས་ཡ་གཅིག་དང་ཁྲི་གཅིག་སྟོང་བཞི་བདུན་བརྒྱ་ཡིན། བཟོ་སྐྲུན་གྱི་འཆར་གཞིའི་ལས་ཡུན་ཟླ་ངོ36ཡིན། བསྐྲུན་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་རྗེས། རྩེ་ཁོག་རྫོང་ཁོངས་སུ་ཆུ་མཛོད་མེད་པའི་སྟོང་ཆ་བསྐང་རྒྱུ་ཡིན་ཞིང་། དེ་ནི་ཞིང་ཆེན་གྱིས་ཆུ་བེད་ཀྱི་ཞན་ཆ་ཁ་གསབ་དང་དམངས་འཚོར་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།