མཚོ་ལྷོ་ཁུལ་རེས་སྐོར་གཉིས་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟའི་ནང་བདམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་རེས་སྐོར་གཉིས་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟའི་མིང་ཐོ་ཁྲོད། མཚོ་ལྷོ་ཁུལ་བདེ་བླག་ངང་བདམས་པ་དང་། མཚོ་ལྷོ་ཁུལ་ལ་སྐྱེ་ཁམས་ཀྱི་རིན་ཐང་བསྒྱུར་རྒྱུའི་ཐད་རྒྱལ་ཁབ་རིམ་ངོས་ཀྱི་རྒྱབ་སྐྱོར་གལ་ཆེན་ཐོབ་པ་དང་།  སྐྱེ་ཁམས་ཀྱི་ཤེས་དཔལ་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་མཚོན།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། མཚོ་ལྷོ་ཁུལ་གྱིས་“གཙང་གསུམ་འབྱུང་ཡུལ”གྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་དང་“ཀྲུང་ཧྭའི་ཆུ་མཛོད”ལྟེ་བའི་ས་ཁོངས་ཀྱི་དམིགས་བསལ་སྐྱེ་ཁམས་ངེས་གནས་ལ་རྐང་ཚུགས་ནས། ཐོག་མཐའ་བར་གསུམ་དུ་“འཕེལ་རྒྱས་ཡོད་ཚད་ལ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གོ་དོན་སྤྲད་པའི”ལྟེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དང་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་གསར་གཏོད་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། “སྐྱེ་ཁམས་ཁུལ་འཛུགས་པའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་བྱེད་དུ་བརྩིས་ཏེ། “སྔོ་ལྗང་རི་ཆུ”དེ“གསེར་རི་དངུལ་རིར”བསྒྱུར་རྒྱུའི་ལམ་ལུགས་རང་བཞིན་གྱི་བགྲོད་ལམ་གསར་གཏོད་བྱས་ནས་བསྐྲུན་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འདྲེས་ཐབས་ལམ་མ་ལག་ཇུས་འགོད་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་མ་རྩ་ཅན་དང་སྐྱེ་ཁམས་རྒྱུ་ནོར་མ་རྩ་ཅན་གྱི་ལམ་ལུགས་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཐུན་ཏེ་རྫོང་གི་རྒྱལ་ཁབ་རིམ་པའི“རི་གཉིས”ལག་ལེན་གསར་གཏོད་རྟེན་གཞི་དང་། ཁྲི་ཀ་རྫོང་གི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟའི་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། མཚོ་ལྷོ་ཡི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཏོད་དེ། འདྲ་བཟོ་དང་ཁྱབ་གདལ་གཏོང་ཐུབ་པའི་སྔོ་ལྔ་གི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་བའི་མཚོ་ལྷོའི་ཉམས་མྱོང་སྐོར་ཞིག་ཆགས་པ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ལ་རྨང་གཞི་བརྟན་པོ་བཏིངས་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་མཉམ་དུ་བསྐྱོད་པའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ཐཱན་རྩེར་སོན་དམིགས་འབེན་ལ་གཞིགས་ཏེ། ཐཱན་ཕྱིར་འབུད་དང་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས། འོད་བརྟེན་བྱེ་བཅོས་སོགས“སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས”ཀྱི་རྣམ་པ་བརྒྱུད། ཐཱན་གཅོག་པ་དང་ལྗང་མདོག་འཕེལ་བར་བྱས་ནས་ཐཱན་ལ་བརྟེན་ནས་རྒྱུ་ནོར་དང་། ཐཱན་ཉུང་གཏོང་བྱས་ནས་དམངས་ལ་ཕན་ཐོགས་པའི་ཕན་འབྲས་མང་པོ་མངོན་འགྱུར་བྱས།  ལོ་གསུམ་གྱི་ཚོད་ལྟ་བརྩོན་ལེན་བྱས་ཏེ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཐབས་ལམ་འཚོལ་ཞིབ།  ཉམས་མྱོང་གསོག་འཇོག་བཅས་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ལག་ལེན་ལ་མཚོ་ལྷོ་ཡི་བློ་གྲོས་དང་མཚོ་ལྷོ་ཡི་ཇུས་གཞི་འདོན་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།