རྨ་ལྷོ་ཁུལ་གྱིས་མང་ཚོགས་ཁྲི་དགུ་སྟོང་གཉིས་ལྷག་གི་མ་མཐའི་འགན་སྲུང་དྲ་བ་སྲ་བརྟན་དུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན།  གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རྨ་ལྷོ་ཁུལ་གྱིས་རྒྱུན་མཐུད་ངང་སྤྱི་ཚོགས་རོགས་སྐྱོབ་བྱ་བ་ལེགས་བསྒྱུར་བྱས་ཏེ།  མིག་སྔའི་བར་དུ།  མང་ཚོགས་ཁྲི་དགུ་སྟོང་གཉིས་ལྷག་གི་མ་མཐའི་འགན་སྲུང་དྲ་བ་སྲ་བརྟན་དུ་བཏང་བ་དང་།  དེའི་ཁྲོད་དུ་མཁར་གྲོང་གི་མ་མཐའི་འགན་སྲུང་བྱ་ཡུལ་མི་ཁྲི་བཞི་དང་སྟོང་དགུ་ལྔ་བརྒྱ་རེ་བརྒྱད་ཡོད་ལ།  མ་མཐའི་འགན་སྲུང་ཁྱིམ་ཚང་ཁྲི་བཞི་སྟོང་གཅིག་ཉིས་བརྒྱ་ང་གཉིས་དང་། མ་མཐའི་འགན་སྲུང་གི་མཐར་གནས་ཁྱིམ་ཚང་ཁྲི་བཞི་སྟོང་གཅིག་ཉིས་བརྒྱ་ང་གཉིས་ཡོད་ལ།  ཆེས་དབུལ་བའི་མི་སྟོང་གཅིག་སོ་གསུམ་དང་དཀའ་ཁག་ཅན་གྱི་བྱིས་པ་ལྔ་བརྒྱ་གོ་ལྔ་བཅས་ཡོད།

རྨ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སྲིད་ཇུས་དོན་འཁྱོལ་བྱེད་པར་མཐོང་ཆེན་བྱས་ཏེ།  ལམ་ལུགས་ལེགས་བསྒྱུར་དང་རིག་ནུས་ཀྱི་རོགས་སྐྱོར།  ལྟ་ཞིབ་དོ་དམ་ལེགས་བསྒྱུར་བཅས་ལ་བརྟེན་ནས། རོགས་སྐྱོར་ཞབས་ཞུ་དེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བར”འགྱུར་བར་སྐུལ་འདེད་བཏང་བ་དང་།  གནད་ཁེལ་གྱི་ཚད་དང་ཚད་ལྡན་རང་བཞིན་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།  《རིགས་དབྱེ་རིམ་བཀར་གྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་གསལ་ཁྲ》བཟོ་བ་དང་།  ཁུལ་དང་རྫོང་།(གྲོང་ཁྱེར)གྲོང་རྡལ(སྲང་ལམ)བཅས་རིམ་པ་གསུམ་གྱི“ལས་ཁུངས་གཅིག་གི་བདག་སྤྲོད་བྱེད་པ་དང་ལས་ཁུངས་མང་བོའི་མཉམ་ལས་བྱེད་པའི”ལམ་ལུགས་འཐུས་ཚང་དུ་བཏང་བ་དང་།  “རྩ་གཉིས་ཨང་བཤེར་རོགས་སྐྱོར”གྱི་ཞབས་ཞུའི་རྣམ་པ་ཁྱབ་གདལ་དུ་བཏང་ནས།  ཡོང་འབབ་ཀྱི་རྩིས་ལེན་ཚད་གཞི་གཅིག་གྱུར་བྱེད་དགོས།  ལྟ་ཞིབ་དང་དོ་དམ་བཞི་ཡི་ནུས་ཚད་མཐོར་འདེགས་ཀྱི་ལོའི་འགུལ་སྐྱོད་སྤེལ་ནས།  ཁྱོན་སྡོམ་ཐག་གཅོད་སྐོར་ཞིབ་དང་རྩིས་བཤེར།  གཏུག་ཡིག་སོགས་རིགས་སོ་སོའི་ཕྱིར་ལྡོག་ཆ་འཕྲིན་སྟོང་དགུ་དང་བཞི་བརྒྱ་དགུ་ཡོད།  འགུལ་རྣམ་ལེགས་སྒྲིག་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་སྟོང་ལྔ་ལྔ་བརྒྱ་གྱ་གཅིག་དང་མི་ཁྲི་གཉིས་སྟོང་གཉིས་བཞི་བརྒྱ་ང་བརྒྱད།  མཁར་གྲོང་གི་མ་མཐའི་འགན་སྲུང་གི་ཁེབས་ཚད་བརྒྱ་ཆའི21ནས་བརྒྱ་ཆའི17.2རུ་མར་ཆགས་པ་དང་།  རོགས་སྐྱོར་གྱི་གནད་ཁེལ་ཚད།  ཚད་ལྡན་རང་བཞིན་དང་དུས་ཐོག་རང་བཞིན་མངོན་གསལ་སྒོས་མཐོ་རུ་ཕྱིན།

ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་རྨ་ལྷོ་ཁུལ་གྱིས་སྲིད་ཇུས་དོན་འཁྱོལ་གྱི་གནད་སར་གཞི་བཙུགས་ནས།  དམངས་ཚིས་ཀྱི་འགན་སྲུང་དེ་སྤྱི་ཁྱབ་རང་བཞིན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།  མཐུན་སྦྱོར་མཉམ་ལས་ཟབ་སྤེལ་བྱེད་པ་དང་།  “1+5+N”དང“རོགས་སྐྱོར་ཆེན་པོའི”མ་ལག་བསྐྲུན་ཏེ། རོགས་སྐྱོར་བྱེད་པ་འཐུས་ཤོར་དང་ནོར་འཁྲུལ་འབྱུང་བར་གཏན་འགོག་བྱེད་དགོས།  མ་མཐའི་འགན་སྲུང་གི་ཡོང་འབབ་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་སྤྱི་སྟེགས་ལ་བརྟེན་ནས།  གཞི་གྲངས་མཉམ་སྤྱོད་དང་ཉེན་བརྡའི་ཐག་གཅོད་ཆེར་བསྐྱེད་བྱེད་པ།  མཉེན་ཆས་ཀྱི་ཞབས་ཞུ་རྒྱ་བསྐྱེད་བྱེད་པ།  རོགས་སྐྱོར་གོ་རིམ་ཕྱི་གསལ་ནང་གསལ་ཡིན་པ།  མཇུག་འབྲས་འདྲ་མཉམ་ཡིན་པ།  གཞི་རིམ་གྱི་ལས་བྱེད་མི་སྣའི་གསོ་སྦྱོང་དང་ཏང་འཛུགས་དང་རོགས་སྐྱོར་ཟུང་འབྲེལ་གྱི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པ།  སྤྱི་ཚོགས་རྩ་འཛུགས་བཞི་དང་ལས་བྱེད་མི་སྣ་བརྒྱ་དང་ཞེ་བཞིའི་གྲུབ་འབྲས་དོ་དམ་ལེགས་བསྒྱུར་བྱས་ནས།  སྲིད་གཞུང་གི་ཞབས་ཞུའི་སྤུས་འདེགས་ནུས་མཐོའི་ཞབས་ཞུར་སྐུལ་འདེད་བཏང་སྟེ།  སྲིད་ཇུས་ཀྱིས་མི་དམངས་ལ་དངོས་ཡོད་ཀྱི་ཕན་བདེ་ཐོབ་པར་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།