ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རི་མོ་གསར་པ་འབྲི་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྲ་བརྟན་གྱི་ཐོན་ལས་རྨང་གཞི་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་རྩ་བའི་འགན་སྲུང་ཡིན།

སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གྱུར་ཡོད། ཙུང་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འདམ་རའི་སྲུང་སྐྱོང་དོ་དམ་ལེགས་སྒྲུབ་དང་། ཆུ་ལམ་གྱི་གད་སྙིགས་གཙང་སེལ་དང་། རྐང་ལམ་ཉམས་གསོ་བཅས་བྱས་ཏེ་གྲོང་ཁྱེར་གྱི“གློ་ལྗང”སྲུང་སྐྱོང་ཡག་པོ་བྱེད་དགོས། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར།གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད88%ཟིན་པ་དང་། ཧོང་ཆུའི་འབབ་རྒྱུད་ཀྱི་བཅད་ངོས་ཀྱི་ཆུའི་སྤུས་ཚད་བརྟན་པོའི་ངང་ཚད་གཞིར་སླེབས་པ། འཐུང་ཆུའི་འབྱུང་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞིར་སླེབས་ཚད100%རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་ལ་མཛེས་སྡུག་ལྡན་པའི་རྨང་གཞི་མཁོ་འདོན་བྱས་ཡོད།

རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་མཉམ་ལས་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ནས་ཚོང་འགུག་མ་དངུལ་ནང་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཕྱིན་པ་དང་རིག་གནས་ཡུལ་སྐོར་རྣམ་གྲངས་མང་པོ་ཞིག་ལ་གན་རྒྱ་བཞག་ནས་ཞིང་ཆེན་ཕྱི་རོལ་གྱི་མ་དངུལ་ནང་འདྲེན་བྱས། སྤྲོ་གསེང་ཕྱོགས་བསྡུས་གཟུགས་དང་། རིག་གནས་ཉམས་ལེན་ལྟེ་གནས། མོ་ཐོའོ་ཡུལ་སྐོར་རྟེན་གཞི་སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་གསར་པ་ཁག་གཅིག་བསྐྲུན་རྒྱུ་རེད། རྨ་ཙོང་རིག་གནས་ཐོན་ལས་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་རིག་དངོས་སྲུང་སྐྱོང་ཉམས་གསོ་ལས་གཞི་ལག་བསྟར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་སྔར་བས་ཁ་གསབ་བྱས།

འཆར་འགོད་ཀྱིས་སྣེ་ཁྲིད་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་བྱ་དགོས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་སྒྲིག་བཟོ་དང་པར་འགྲེམས་བྱས་ཏེ་ས་མཐོའི་བདེ་ཐང་གསོ་སྐྱོང་གི་ཆེད་དོན་འཆར་འགོད་བཟོ་འགོད་ལས་དོན་སྤེལ་འགོ་བཙུགས་ཡོད། ཕུགས་ལ་གཞི་ཚུགས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”གྲབས་གསོག་རྣམ་གྲངས་མང་པོ་གསང་སྒྲིག་དང་འཆར་འགོད་བྱེད་དགོས། ལས་རིགས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལས་རིགས་མཐུན་ཚོགས་དང་ཕྱི་རོལ་གྱི་སྤུས་རྟགས་ཞུགས་རྒྱུའི་ཡིད་དབང་འགུག་པ།མཉམ་འདྲེས་ལས་རིགས་གསར་གཏོད་ཧུར་ཐག་བྱེད་པ་དང་། ཚོང་ལས་རྣམ་པ་གསར་གཏོད་འཚོལ་ཞིབ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

གཟུགས་དབྱིབས་དང་རྣམ་ཤེས་ལུགས་རྒྱག་ནུས་ལྡན་གྱིས་གྲོང་ཁྱེར་གྱི་རིག་གནས་ཀྱི་མཚོན་རྟགས་གསར་པ་མངོན་པ།

ཟི་ལིང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སིམ་འཛུལ་བྱེད་པ་དང་། ཞབས་ཞུའི་ཐོག་ནས་ཉམས་ལེན་མཐོར་འདེགས་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཐོག་ནས་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་ལ་མཐོང་ཆེན་བྱས་ཏེ་གྲོང་ཁྱེར་གྱི་སྤུས་རྟགས་ཟམ་མི་ཆད་པར་སྤར་བཞིན་ཡོད།

སྤུས་རྟགས་བྱེད་སྒོའི་ནང་འདྲེན་དང་རླུང་འབྱོར། གྲོང་ཁྱེར་ཡོངས་ཀྱི་འགྲན་ར་དང་མཉམ་འགུལ་བྱས་ནས་རྒྱལ་སྤྱིའི་རྐང་ཐང་ཚོགས་ཆེན་དང་གྲགས་ཅན་མི་སྣའི་གླུ་གཞས་འཁྲབ་སྟོན་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས་སྤེལ་བ་རེད། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་རྒྱུ”མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དམིགས་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་།རྐང་འཁོར་འགྲན་རྒྱུ།གཞོན་ནུ་གློག་བརྙན་འགྲེམས་སྟོན་སོགས་གྲགས་ཅན་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར། ལོ་ཧྲིལ་པོར་འཁྲབ་སྟོན་ཐེངས་མང་སྤེལ་བ་དང་།ལྟད་མོ་བ་འབོར་ཆེན་ལ་སྣེ་ལེན་བྱས་ཏེ“བྱེད་སྒོའི་ནང་འདྲེན”དང“འཛད་སྤྱོད་གཞན་བསྒྱུར”གྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་བྱུང་ཡོད།

ཞབས་ཞུའི་ལྟ་སྐུལ་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཞབས་ཞུའི་ཚད་གཞི་བཟོ་བ་དང་།སེམས་དྲོ་སྐྱིད་དང་དམངས་སྟབས་བདེ་ཡོང་བའི་བྱེད་ཐབས་བཏོན་ཏེ་ཡུལ་སྐོར་བ་རྣམས་ལ་སྙིང་ཉེ་བའི་ཞབས་ཞུ་མྱོང་ཚོར་བྱེད་དུ་འཇུག་དགོས། བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་ཞུ་གཏུག་ཆེད་མངགས་མི་སྣ་ཇེ་མང་དུ་གཏོང་བ་དང་བརྡ་ཁྱབ་ལམ་ལུགས་ལག་བསྟར་བྱེད་པ་སོགས་གསར་གཏོད་བྱེད་ཐབས་བརྒྱུད་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མུ་མཐུད་དུ་ཇེ་མཐོར་ཕྱིན་ཡོད། ཡུལ་སྐོར་ཁྲོམ་རའི་དོ་དམ་སྲོལ་ཡིག་བཏོན་པ་དང་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་ཁྲོམ་རའི་ཟང་ཟིང་བཅོས་སྒྲིག་བྱས་ཏེ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཐག་གཅོད་བྱེད་ཚད་100%དང་། འདུམ་འགྲིག་ཞབས་ཞུའི་ཁྱབ་ཁོངས་ཞིང་ཆེན་ཡོངས་ལ་ཁྱབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་སྐོར་ལམ་ཆེན་པོའི་བར་དུ་སྣུར་སྲིང་བྱས་ཡོད།

གྲོང་ཁྱེར་གྱི་སྣང་བརྙན་མཛེས་སྡུག་ལྡན་པ་ཞིག་རེད། དུས་ཆེན་སྐབས་ཀྱི་རླངས་འཁོར་འཇོག་ས་རིན་མི་དགོས་པར་མཁོ་འདོན་བྱེད་པ་ནས་གཙང་སྦྲ་གཏིང་ཟབ་བྱེད་པ་ཟད་ད་དུང་སྤྱི་པའི་གསང་སྤྱོད་དུས་ཚོད་ནར་འགྱངས་བྱས་ནས་སྒོ་འབྱེད་པ། འགྲིམ་འགྲུལ་ཉམས་ལེན་ལེགས་སུ་གཏོང་བ་ནས་གྲོང་ཁྱེར་གྱི་ཡུལ་སྐོར་ཆུང་བའི་བྱེད་སྒོ་སྤེལ་བའི་བར། རིག་རྩལ་འཁྲབ་སྟོན་དང་སྐོར་སྐྱོད་འཁྲབ་སྟོན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་རིག་གནས་བྱ་ཡུལ་དུས་ཡུན་ནར་འགྱངས་བྱས་ནས་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས། ཟི་ལིང་གིས་ཞིབ་ཕྲའི་ཐད་ནས་འགོ་བཙུགས་ནས་གྲོང་ཁྱེར་གྱི་མཛའ་མཐུན་དང་སྡོད་འོས་པའི་རང་བཞིན་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་བདེ་བླག་ངང་གསར་འཛུགས་བྱས་པ་དང་ས་ཁོངས་ནང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་བདེ་བླག་ངང་གསར་འཛུགས་བྱས་པ་དང་། གྲོང་ཁྱེར་གྱི་རྣམ་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཐོག་མངོན་པ་དང་མཚན་སྙན་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད།

སྤུས་རྟགསIPཕྱོགས་མང་ཁྱབ་སྤེལ། གྲོང་ཁྱེར་གྱིIPའཛུགས་རྒྱུའི་ལས་གཞི་མ་ལག་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་དང་བརྗོད་བྱ་གཙོ་བོའི་བྱང་བུ་རྒྱག་ས་དང་དྲ་ཐོག་གྲགས་ཅན་གྱི་རྣམ་པ་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྱི་གཟུགས་བརྙན་སྔར་བས་གསོན་ཉམས་ལྡན་པ་དང་ཚོར་སྣང་སྐྱེ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས་ཆ་འཕྲིན་འབོར་ཆེན་ཁྱབ་བསྒྲགས་བྱེད་པ་དང་། ཕྱི་ལ་མཚམས་སྦྱོར་སྒྲིག་འཛུགས་བྱས་ཏེ། སྨྱན་སྦྱོར་ཡོངས་ཀྱི་དྲིལ་བསྒྲགས་ལིང་ཚེ་བསྐྲུན་ནས་ལྟེ་བའི་IPསྤུས་རྟགས་གཅིག་སྡུད་ངང་དར་སྤེལ་གཏོང་དགོས། རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་དང་མཚོན་རྟགས་མ་ལག་ཅན་གྱི་དྲིལ་བསྒྲགས་སྤེལ་ནས་བརྗོད་བྱ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་འབབ་སྟེགས་དང་སྤྱི་སྤྱོད་རླངས་འཁོར་བསྐྲུན་ནས་ཟི་ལིང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ས་ཚིགས་དང་ངོས་ནས་མངོན་པར་བྱེད་དགོས།

ལམ་ཐག་ལེ་ཐག་ཁྲི་སྟོང་གི་རླུང་ལ་ངར་ཤུགས་ཆེ་ཞིང་།ལས་འགན་ལྕི་པོ་ཡང་བསྐྱར་མགོ་བརྩམས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་ལངས་ནས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་གྱི་འཐབ་ཇུས་དམིགས་འབེན་མུ་མཐུད་དུ་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཟི་ལིང་དེ་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་དང་ཕྱོགས་བརྒྱད་ཀྱི་སྐུ་མགྲོན་ཕྱིར་ལོག་བརྗེད་མི་ཐུབ་པའི་དྲོ་སྐྱིད་ཀྱི་ཁྱིམ་གཞིས་ཞིག་ཏུ་འབད་བརྩོན་གྱིས་འཛུགས་སྐྲུན་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།