མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་རེས་སྐོར་གསར་པར་སྐུལ་འདེད་གཏིང་ཟབ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུའི་དམིགས་འབེན་ལ་དམིགས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་རེས་སྐོར་གསར་པའི་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཚོང་འགུགས་མ་འཇོག་གི་ལེགས་ཆ་གསར་པ་མགྱོགས་མྱུར་ངང་ཆགས་པ་དང་། ཚོང་འགུགས་མ་འཇོག་གི་རྣམ་པ་གསར་པ་ཧུར་ཐག་གསར་གཏོད་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྩེ་གྲ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ནུས་ཐོན་དུ་འཇུག་དགོས།

《ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2025ལོ་ནས་2027ལོ་བར)》བཏོན་པ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་བྱ་སྤྱོད་སྤེལ་བ། ལྗང་མདོག་གློག་ཤུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་ཕྱི་ཕྱོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་པ། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའི་དཀར་ཆག་རྩིས་ཐོའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།“རྨ་ཁ་ཆུང་བ་དང་ཕན་ནུས་ཆེ་བའི”པར་གཞི་5.0ཡི་ཚོང་གཉེར་ཁོར་ཡུག་བསྒྱུར་བཅོས་ཀྱི་ལས་འགན་མུ་མཐུད་དུ་བཏོན་པ་དང་།གཉེར་སྐྱོང་གཙོ་གཟུགས་ཀྱི་ཚེ་སྲོག་འཁོར་ཡུན་ཧྲིལ་པོར་ཁྱབ་པའི“1+N+M”ཁྲིམས་སྐྱོང་འགན་སྲུང་མ་ལག་རྒྱུད་རིམ་ལྡན་པའི་སྒོ་ནས་འཛུགས་དགོས། 《མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་གསར་གཏོད་བྱས་ནས་ཚོང་འགུག་མ་དངུལ་འདྲེན་འགུག་རྣམ་གྲངས་ཀྱི་ཞབས་ཞུའི་འགན་སྲུང་གི་ལས་ཀའི་ལམ་སྲོལ་སྔར་བས་ལེགས་སུ་གཏོང་དགོས》པར་འགྲེམས་བྱས་ནས་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཡོངས་འགན་སྲུང་དང་། བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད། ཚེ་སྲོག་ཧྲིལ་པོའི་འཁོར་ཡུན་རྣམ་པའི་ཞབས་ཞུ་བཅས་ཁྱབ་སྤེལ་བཏང་སྟེ། ཁོར་ཡུག་ཡག་ཤོས་དང་། ཞབས་ཞུ་ལེགས་ཤོས། ལས་ཆོད་ཆེ་ཤོས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་གཏོད་དགོས།

ཚོང་རར་ཞུགས་ཆོག་པའི་ལྡོག་ཕྱོགས་ཀྱི་རྩིས་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་།ཚོང་རར་ཞུགས་ཆོག་པའི“རྒྱལ་ཡོངས་ཀྱི་ཞིབ་ཐོ་གཅིག”དོ་དམ་བྱེད་སྟངས་ལག་བསྟར་ནན་པོ་བྱས་ཏེ། ཚོང་རར་ཞུགས་ཆོག་པའི་བཀག་རྒྱ་གཙང་བཤེར་བཅོས་སྐྱོང་བྱེད་སྤྱོད་གཏིང་ཟབ་སྤེལ་བ།“བཀག་འགོག་མ་བྱས་པར་འཛུལ་རྒྱུ”ཡོངས་ཁྱབ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ལས་དོན་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་ནུས་ལྡན་ངང་སྐུལ་སྤེལ་གཏོང་དགོས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་རྒྱུ་གསར་པའི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་དང་། ལྗང་མདོག་གློག་ཐད་སྦྲེལ་བྱེད་པ། ནུས་རྒྱུ་གསར་པའི་རྣམ་གྲངས་གསར་སྤེལ་སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། གློག་ཤུགས་ཐོན་ཁུངས་ནུས་ཆེའི་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུའི་འདེགས་སྐྱོར་མ་ལག་གཙོ་གནད་དུ་བྱས་ཏེ། གློག་རྡུལ་དཔང་ཡིག་བཀོལ་སྤྱོད་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་བཏང་སྟེ། རིམ་རྩིས་བྱས་ན་གློག་རྡུལ་དཔང་ཡིག་གཞི་གྲངས་རིགས225དང་ཁྲི700ལྷག་བསྡུ་རུབ་བྱས་ཏེ། གློག་རྡུལ་ཐམ་ག13000ལྷག་བཟོས་ནས་འགྲེམས་སྤེལ་བྱས་པ་དང་། གློག་རྡུལ་ཐམ་ག་སྤྱོད་པའི་སྡེ་ཚན6000བརྒལ་བ། ལོ་རེར་གློག་རྡུལ་ཐམ་ག་ཐེངས་ཁྲི300ཆོག་མཆན་སྤྲོད་པ་བཅས་བྱས་ཏེ།“ངའི་དཔང་ཡིག”དང“གློག་རྡུལ་དཔང་ཡིག་གསལ་པོ”སོགས་ཀྱི་ནུས་པ་སྒོ་འབྱེད་བྱས་ཏེ།“ཤོག་བུ་མེད་པའི”ཞིབ་མཆན་ལས་ཆོད་ཆེ་ཞིང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད། མ་འཇོག་ལས་སྟེགས་དང་ལས་གྲྭའི་ཞིབ་མཆན་མ་ལག(བཟོ་ལས་ཞིབ་བཤེར་མ་ལག)མཉམ་འདྲེས་སྦྲེལ་མཐུད་ལེགས་གྲུབ་བྱས་ནས་འཛུགས་སྐྲུན་སྡེ་ཚན་5000གྱིས་མ་འཇོག་ལས་སྟེགས་ལ་བརྟེན་ནས་དོན་དག་སྙན་ཞུའི་ལས་དོན་སྤེལ་བ་དང་། རིམ་རྩིས་ཐོག་རྣམ་གྲངས་ཁྲི4ལྷག་དང་རྒྱུ་ཆ་ཁྲི10ལས་བརྒལ་ནས་ཁེ་ལས་ཀྱིས་བསྐྱར་དུ་ཐོ་འགོད་དང་ཐེངས་མང་འབུལ་བའི་ཁུར་པོ་མངོན་གསལ་དོད་པོས་ཇེ་ཆུང་དུ་ཕྱིན་ཡོད།

གཉེར་སྐྱོང་གཙོ་བྱེད་པོའི་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་ཁྱབ་པ་དང་། སྔོན་དང་། དོན་ཁྲོད། དོན་རྗེས་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་ལྷུ་ཚིགས་ཚང་མ་སྦྲེལ་མཐུད་བྱས་ཏེ་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཡིད་རྟོན་ཕྱོགས་བསྡུས་གདེང་འཇོག་འབྲས་བུ་དང་།“སྤྱི་བསྒྲགས་གཉིས་པའི”ཆ་འཕྲིན། ཡིད་རྟོན་ཤོར་བ་ཚབས་ཆེན་གྱི་བྱེད་པོ་མིང་ཐོའི་ཆ་འཕྲིན། ལས་རིགས་གཙོ་སྐྱོང་སྡེ་ཁག་གི་རིམ་པ་དཔྱད་བསྡུར་གདེང་འཇོག་ཆ་འཕྲིན་བཅས་ཡིད་རྟོན་སྙན་ཞུའི་ནང་བཅུག་སྟེ་རིམ་པ་དང་རིགས་དབྱེ་ཡིད་རྟོན་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ཏེ། རིམ་རྩིས་བྱས་ནས་ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་6045ལ་ཡིད་རྟོན་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ཡིད་རྟོན་ཤོར་བ་ཁྲི7.8ལྷག་ཉམས་གསོ་བྱས་ཏེ་གཞུང་དྲང་ཡིད་རྟོན་སྲུང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།