མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྡེ་ཚན13དང་མཉམ་འབྲེལ་བྱས་ནས་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་ཞིབ་སྲོལ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཐོན་པའི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ཐོན་རྫས་སྣུམ་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དང་ཚོང་དོན་པུའི《ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་བྱེད་ཐབས》ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་ལ་སྔར་བས་ཤུགས་སྣོན་བྱེད་པ་དང་། ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ལས་རིགས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོར་འདེགས་གཏོང་བ། ཐོན་རྫས་སྣུམ་འཁོར་རྒྱུག་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཚན13དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བྱེད་ཐབས་གསར་པ་ཁྱབ་བསྒྲགས་བྱས་རྗེས་རྒྱལ་ཡོངས་སུ་སྔོན་ལ་《མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་བྱེད་ཐབས་ལག་བསྟར་ཞིབ་སྲོལ》(གཤམ་དུ་《ཞིབ་སྲོལ》ཞེས་བསྡུས་པ་)པར་འགྲེམས་བྱས།

《ཞིབ་སྲོལ》པར་འགྲེམས་བྱས་པའི་ཉིན་ནས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་དུས་སྐབས་གསར་པའི་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་གྱི་བླང་བྱ་གསར་པ་དང་འཚམ་པ་དང་། འགན་འཁྲི་ཁ་གསལ་དང་། མཐུན་སྦྱོར་ནུས་ཆེ། གཞི་གྲངས་དང་ཤེས་རིག་བཅས་ཀྱི་ལྟ་སྐུལ་དོ་དམ་བཅས་ཀྱི་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་མ་ལག་འཛུགས་པ་དང་། རང་ཞིང་གི་ཐོན་རྫས་སྣུམ་འཁོར་རྒྱུག་དོ་དམ་ཁྲིམས་སྐྱོང་དང་ཚད་ལྡན་ཅན་དང་། གཞི་གྲངས་དང་ཤེས་རིག་ཅན་བཅས་ཀྱི་དུས་རིམ་གསར་པའི་ནང་སླེབས་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དེ་རེད།

《ཞིབ་སྲོལ》ལ་ཁྱོན་ལེའུ་དགུ་དང་དོན་ཚན་དྲུག་ཅུ་རེ་བཞི་ཡོད་ཅིང་། དེའི་ནང་སྤྱིའི་རྩ་དོན་དང་། ཐོན་རྫས་སྣུམ་སྡེབ་ཚོང་དང་མཛོད་ཉར་ཐོ་འགོད་དོ་དམ། སིལ་ཚོང་གཉེར་སྐྱོང་ཐོབ་ཐང་ཆོག་མཆན། ཁེ་ལས་གཉེར་སྐྱོང་ཚད་གཞི། ལྟ་སྐུལ་དོ་དམ། བློ་རིག་ལྟ་སྐུལ་དོ་དམ་ལས་སྟེགས་འཛུགས་སྐྲུན། འཕྲལ་སྡོམ་མཁོ་སྤྲོད་འགན་སྲུང་བྱེད་པ། བཅའ་ཁྲིམས་འགན་འཁྲི། ཟུར་བཀོད་སྒྲིག་སྲོལ་སོགས་ཀྱི་ནང་དོན་ཚུད་ཡོད་པ་མ་ཟད།《མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྣུམ་སྡེབ་ཚོང་དང་མཛོད་ཉར་ཁེ་ལས་ཐོ་འགོད་བྱ་བའི་ཕྱོགས་སྟོན》དང《མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྣུམ་སིལ་ཚོང་གཉེར་སྐྱོང་ཕྱོགས་བསྡུས་ཆོག་འཐུས་ལས་སྒྲུབ་ཕྱོགས་སྟོན》གཉིས་ཟུར་དུ་བཀོད་ཡོད་པས་ཁེ་ལས་ཀྱིས་འབྲེལ་ཡོད་ལས་སྒོ་སྒྲུབ་རྒྱུར་མཛུབ་ཁྲིད་གསལ་པོ་མཁོ་འདོན་བྱས་ཡོད།

སིལ་ཚོང་གཉེར་སྐྱོང་ཆོག་མཆན་ཐད།《ཞིབ་སྲོལ》ཐོག་ཞིང་ཆེན་གྱིས་གསར་གཏོད་ལག་བསྟར་བྱས་པའི“ལག་ཁྱེར་བཞི་གཅིག་གྱུར”བཅོས་སྒྱུར་གྲུབ་འབྲས་རྒྱུན་མཐུད་དང་འཐུས་ཚང་དུ་བཏང་བ་དང་། ཚོང་དོན་སྡེ་ཚན་གྱི་ཐོན་རྫས་སིལ་ཚོང་གཉེར་སྐྱོང་ཆོག་མཆན་དཔང་ཡིག་དང་། འཕྲལ་སྡོམ་སྡེ་ཚན་གྱི་ཉེན་ཁའི་རྫས་འགྱུར་དངོས་རྫས་གཉེར་སྐྱོང་ཆོག་མཆན་དཔང་ཡིག་།གནམ་གཤིས་སྡེ་ཚན་གྱི་འབྲུག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་བསམ་འཆར་ཡི་གེ འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་ལས་རིགས་ནད་ཀྱི་གནོད་འཚེ་རྣམ་གྲངས་རེ་ཞུའི་རེའུ་མིག་བཅས་སྣུམ་གྲུབ་རྫས་སིལ་ཚོང་གཉེར་སྐྱོང་གི་ཕྱོགས་བསྡུས་ཆོག་མཆན་དཔང་ཡིག་ཏུ་བསྡུ་སྒྲིལ་བྱས་ཏེ།“དྲ་ཐོག་ཏུ་སྒྲུབ་པ་དང་གློག་རྡུལ་ཡིག་ཚགས་སུ་ཉར་བ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། རེ་ཞུ་གོ་རིམ་ཆེས་ཆེར་སྟབས་བདེ་རུ་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ནས་ཕན་འབྲས་ཆེ་རུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ནུས་པ་འདོན་སྤྲོད་བྱས་ཡོད།

བློ་གྲོས་ལྟ་སྐུལ་དོ་དམ་ཐད《ཞིབ་སྲོལ》གྱིས“མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྣུམ་ཁྲོམ་རའི་བློ་གྲོས་ལྟ་སྐུལ་དོ་དམ་ལས་སྟེགས”འཛུགས་སྐྲུན་དང་བཀོལ་སྤྱོད་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཐོན་རྫས་སྣུམ་སྡེབ་ཚོང་དང་། མཛོད་འདྲེན། སྐྱེལ་འདྲེན། སིལ་ཚོང་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་གཞི་གྲངས་དུས་ཐོག་རྗེས་འདེད་དང་འགུལ་རྣམ་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས་ཏེ། ལས་རིགས་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། ཁྲོམ་རའི་བཀོད་གཏོང་དང་ལས་རིགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་ལམ་སྲོལ་ཐད《ཞིབ་སྲོལ》ནི《མཚོ་སྔོན་ཞིང་ཆེན་གྱི་གྲུབ་རྫས་སྣུམ་བཀོད་གཏོང་མཐུན་སྦྱོར་འཕྲལ་སྡོམ་སྔོན་ཇུས》གཞིར་བཟུང་རིམ་པ་ཁག་གི་ཚོང་དོན་གཙོ་སྐྱོང་སྡེ་ཁག་དང་གྲུབ་རྫས་སྣུམ་གཉེར་སྐྱོང་ཁེ་ལས་ཀྱི་འཕྲལ་སྡོམ་རྣམ་པའི་འོག་གི་འགན་འཁྲི་ལས་བགོས་དང་འགན་སྲུང་བྱེད་ཐབས་ཁ་གསལ་བཟོས་ནས་ཞིང་ཆེན་ཡོངས་ཀྱི་གྲུབ་རྫས་སྣུམ་འཕྲལ་སྡོམ་མཁོ་སྤྲོད་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་དང་གོ་རིམ་ལྡན་པའི་འགན་སྲུང་བྱས་ཡོད།

《ཞིབ་སྲོལ》པར་འགྲེམས་ལག་བསྟར་བྱས་ན། མཚོ་སྔོན་ཞིང་ཆེན་གྱི་གྲུབ་རྫས་སྣུམ་འཁོར་རྒྱུག་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྡེ་ཚན་གྱིས་མཐུན་སྦྱོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།གཉེར་སྐྱོང་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། གྲུབ་རྫས་སྣུམ་འཁོར་རྒྱུག་ལས་རིགས་དེ་བས་བདེ་འཇགས་དང་། སྔར་ལས་ནུས་ཆེ། སྔར་ལས་ཚད་ལྡན་བཅས་ཀྱི་ཕྱོགས་སུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།