
ནམ་མཁའ་གཡའ་དག་པའི་མཐོ་སྒང་གི་སྟོན་གཞུང་འདི་ལ། ཞོག་ཁོག་གི་འབྲས་བཟང་བསྡུ་བའི་ཡོ་ལང་ཞིག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ནས་བཤམས་བྱུང་། འབྲས་བསྡུ་འཕྲུལ་འཁོར་གྱིས་རྣང་ཞིང་བར་ན་ལྡིར་སྒྲ་སྒྲོག་བཞིན་སྨིན་ཤ་ཡོངས་སུ་བཀང་བའི་ཞོག་ཁོག་རྡོག་རེ་ས་འོག་ནས་བཏོན་པའི་མོད་རྩ་བ་དམར་པོ་དང་སེར་པོ་དེ་ཉི་ཟེར་ཁྲོད་འོད་འཁྱུག་འཁྱུག་བྱེད་ཅིང་། འདྲུད་འཁོར་དུ་ལྡུག་པར་ངང་གིས་སྒུག་ནས་འདུག ཡུག་གཅིག་ཏུ་འབྲེལ་བའི་ས་ཞིང་དེ་ནི་བྱང་སྐར་ཕྱོགས་སྟོན་གྱི་ཞིང་ལས་གནད་འཁེལ་བསྒྲུབས་པའི་གྲུབ་འབྲས་ཡིན་པ་དང་། འཕྲུལ་འཁོར་ཅན་གྱི་འབྲས་བསྡུ་འཁོར་ལོ་དེ་གཏན་འཁེལ་གྱི་ལམ་ཐིག་དེད་ན་ཚད་ཆེན་པོ་ནས་ས་འོག་གི་ཞོག་ཁོག་གཅུར་བ་ལ་སོགས་ཀྱི་རྨ་བཏོད་ཚད་ཇེ་ཉུང་འགྲོ་ཐུབ།
ད་ལོར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཀྱིས་ས་ཁོངས་ཀྱི་ཐོན་ཁུངས་དགེ་མཚན་ལ་གཞི་བཅོལ་ཏེ། “ཞིང་ས་གཤིན་པོས་འབྲས་བཟང་དུད། ལག་རྩལ་བཟང་པོས་འབྲུ་མཛོད་བརྟན། ”ཞེས་པའི་དཔེ་ལྟར་ཞོག་ཁོག་གི་ཐོན་ལས་སྤུས་ཀ་ལེགས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་། དེའི་ནང་ཆུ་ལུད་གཞི་གཅིག་ཅན་གྱི་ཞོག་ཁོག་དཔེ་སྟོན་ཞིང་ས་དེར་ཡུལ་དངོས་ཐོན་སྐྱེད་ཚད་ལེན་དང་ཞིབ་བཤེར་རྩིས་ལེན་བརྒྱུད་དེ། ཞོག་ཁོག་རིགས་གཙོ་བོ“མཚོ་སྔོན་ཞོག་ཁོག9པ”བཏབས་པར་ས་མུའུ་རེ་ནས་སྤྱི་རྒྱ5544ལ་བསླེབས་པའི་འབྲས་བཟང་བླངས་ནས་མཚོ་སྔོན་གྱི་མཐོ་ཚད་གསར་པ་བཏོད། །

ཞོག་ཁོག་འདྲུད་འཁོར་དུ་ལྡུག་པ།

ལས་བཟོ་པས་ཞོག་ཁོག་འཐུ་བཞིན་པ།

འཕྲུལ་འཁོར་གྱིས་ཞོག་ཁོག་སློག་པ།

ཞོག་ཁོག་གི་འབྲས་བཟང་།

ཞོག་ཁོག་འདྲུད་འཁོར་དུ་འཇོག་པ།

གཡུར་ཟའི་འབྲས་བཟང་།