མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་གོང་མའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་གསུམ་གོང་གི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་གཞི་གདན་མཐའ་འཁྱོངས་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་ལྷིང་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་པའི་འབྲས་བུ་གཞིར་བཟུང་སྟེ།ལོ་གསུམ་གོང་གི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2866.40ལེགས་གྲུབ་བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་3.7%འཕར་ཡོད་པ་རེད། ཐོན་ལས་དབྱེ་ནས་བལྟས་ན།ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་216.09ཟིན་ནས་བརྒྱ་ཆ་6.0འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་1169.90ཟིན་ནས་བརྒྱ་ཆ་4.1འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་1480.40ཟིན་ནས་3.0%འཕར་ཡོད། 

ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གནས་བབ་བརྟན་པོ་ཡིན་པ་དང་།འབྲོག་ལས་ཐོན་སྐྱེད་བརྟན་པོ་ཁྲོད་ལེགས་སུ་འགྲོ་བཞིན་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་ཞིང་ནགས་འབྲོག་ལས་ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་333.63ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.0%འཕར་ཡོད། བཟོ་ལས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་སླར་ཡང་འཕར་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་5.7%འཕར་ཡོད། རིགས་ཆེན་གསུམ་ལ་བལྟས་ན།གཏེར་ལས་ཐོན་ལས་ཀྱི་འཕར་ཐང་3.0%འཕར་བ་དང་།བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.1%འཕར་བ།གློག་ཤུགས་ཚ་ཤུགས་འབར་རླངས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་ཐང་1.3%འཕར་བ་བཅས་རེད། གོང་གི་དུས་ཚིགས་གསུམ་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་།མཛོད་འཛུགས།སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.0%འཕར་བ་དང་།སྡེབ་ཚོང་དང་སིལ་ཚོང་ལས་རིགས་2.4%འཕར་བ།ཞག་སྡོད་དང་བཟའ་བཏུང་ལས་རིགས་2.7%འཕར་བ།ཆ་འཕྲིན་བརྒྱུད་གཏོང་དང་།མཉེན་ཆས།ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་12.3%འཕར་བ།བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་8.7%འཕར་བ།ཆུ་བེད་དང་།ཁོར་ཡུགསྤྱི་པའི་སྒྲིག་བཀོད་དོ་དམ་ལས་རིགས་9.6%འཕར་ཡོད།  

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་པའི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱས་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དུས་མཚུངས་ལས་9.6%ཆག་ཡོད། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བརྒྱ་ཆ་22.1འཕར་བའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས།ཆ་འཕྲིན་བརྒྱུད་གཏོང་ཞབས་ཞུའི་ལས་རིགས་སོ་སོར་བརྒྱ་ཆ་34.4དང་ལྡབ་1.1འཕར་བ་དང་ཆུ་བེད་ཁོར་ཡུག་དང་སྤྱི་པའི་སྒྲིག་བཀོད་དོ་དམ་ལས་རིགས་བརྒྱ་ཆ་3.0ཆག་ཡོད་པ་རེད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་བརྒྱ་ཆ1.3འཕར་བ་དང་།ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་འཇོག་བརྒྱ་ཆ21.4འཕར་བ།ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཀྲུང་ལུགས་གསོ་རིག་བཟོ་སྐྲུན་ལས་རིགས་དང་།གློག་ཤུགས་འཕྲུལ་ཆས།ཡོ་བྱད་བཟོ་སྐྲུན་ལས་རིགས་བཅས་ཀྱི་མ་འཇོག་བརྒྱ་ཆ28.3དང་བརྒྱ་ཆ་21.9སོ་སོར་འཕར་ཡོད།  འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བ་དང་།རིམ་འཕར་རིགས་ཀྱི་འཛད་སྤྱོད་འཕར་ཚད་ཅུང་ལེགས་པོ་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར770.23ཡིན་པ་དང་དུས་མཚུངས་ལས3.9%འཕར་བ་དང་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.3མགྱོགས་སུ་ཕྱིན་ཡོད། གཉེར་སྐྱོང་སྡེ་ཚན་གནས་ཡུལ་ལྟར་དབྱེ་ན།གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར615.96ཟིན་ནས་བརྒྱ་ཆ3.8འཕར་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར154.27ཟིན་ནས་བརྒྱ་ཆ4.2འཕར་ཡོད། 

འཛད་སྤྱོད་ཀྱི་རིགས་ལྟར་དབྱེ་ན།ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་699.12ཡིན་པ་དང་། བརྒྱ་ཆ་4.0འཕར་བ། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར71.11ཟིན་ནས་བརྒྱ་ཆ་2.9འཕར་ཡོད། ཚད་བཀག་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ཚོང་ཟོག་སིལ་ཚོང་ཁྲོད།ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས།གྱོན་ཆོག་པའི་རིག་ནུས་སྒྲིག་ཆས།འཕྲིན་གཏོང་ཡོ་བྱད་རིགས།ནུས་ཁུངས་གསར་པའི་རླངས་འཁོར་སིལ་ཚོང་གྲངས་འབོར་སོ་སོར་50.1%དང་།ལྡབ་1.0 11.9%64.9%འཕར་ཡོད། 

གྲོང་མིའི་འཛད་སྤྱོད་རིན་གོང་ཅུང་ཆག་པ་དང་བཟོ་གྲྭ་ནས་ཐོན་པ་དང་ཉོ་སྒྲུབ་བྱེད་པའི་རིན་གོང་ཆག་ཚད་ཇེ་ཆུང་དུ་ཕྱིན་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་(CPI)ལོ་གོང་མའི་དུས་མཚུངས་ལས་0.2%ཆག་ཡོད་པ་རེད། རིགས་དབྱེ་ནས་བལྟས་ན།ཟླ་9པར་CPIཡིས་བརྟག་དཔྱད་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་རིགས་ཆེན་པོ་བརྒྱད་ཀྱི་རིན་གོང་དུས་མཚུངས་ལས་“དྲུག་འཕར་ནས་གཉིས་ཆག”ཡོད་པ་རེད། དེའི་ནང་མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས་ཀྱི་རིན་གོང་11.0%འཕར་བ་དང་།འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས་ཀྱི་རིན་གོང་1.9%འཕར་བ།སྨན་བཅོས་བདེ་སྲུང་རིགས་ཀྱི་རིན་གོང་0.4%འཕར་བ།གྱོན་ཆས་རིགས་དང་སློབ་གསོ་རིག་གནས་རོལ་རྩེད་རིགས་ཀྱི་རིན་གོང་0.3%འཕར་བ།སྡོད་ཁང་རིགས་ཀྱི་རིན་གོང་0.2%འཕར་བ། བཟའ་བཅའ་།ཐ་མག་དང་ཨ་རག་རིགས་ཀྱི་རིན་གོང་3.4%ཆག་པ་དང་འགྲིམ་འགྲུལ་དང་འཕྲིན་གཏོང་རིགས་ཀྱི་རིན་གོང་1.9%ཆག ལས་ཞུགས་ཀྱི་གནས་བབ་སྤྱི་ཡོངས་ནས་བརྟན་ལྷིང་བྱུང་བ་དང་།གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཡོད། གོང་གི་དུས་ཚིགས་གསུམ་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཀྱི་ཆ་སྙོམས་གྲངས་ཚད་5.4%ཡིན་པ་དེ་ལོ་སྟོད་དང་འདྲ་མཚུངས་ཡིན་པ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི་6.28གསར་དུ་བསྣན་པ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་108.98སྤོ་སྒྱུར་ལས་ཞུགས་བྱས་པ་རེད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22376ཡིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་འགྲོ་སོང་སྒོར་16484ཟིན་པ་དེ་བརྒྱ་ཆ་3.7འཕར་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།