ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཐེངས་བརྒྱད་པའི་སྐོར་ཞིབ་ཕྱིར་ལྡོག་བྱ་བ་ཉིན་འདི་འགར་ཡོངས་སུ་ལེགས་གྲུབ་ཟིན། ཟླ10ཚེས22ཉིན་ནས་ཚེ23ཉིན་བར་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཁྱབ་ཁོངས་དབྱེ་ནས་སྲིད་ཁྲིམས་སྡེ་ཁག་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མ་རྩའི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་པུའུ། འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཅིག་བསྡུས་ཕྱིར་ལྡོག་གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཨུའི་ཐེངས་བརྒྱད་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལེགས་སྒྲིག་དམ་འཛིན་བྱེད་པའི་ཐད་བླང་བྱ་བཏོན། གཅིག་བསྡུས་ཀྱིས་ཕྱིར་ལྡོག་བྱས་རྗེས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང5ཡིས་སོ་སོར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། ཞིང་ཆེན་འབྲུ་རིགས་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ་སོགས་ཏང་ཙུའུ(ཏང་ཨུ)8ལ་“གཅིག་གཏད་གཅིག”གི་ཕྱིར་ལྡོག་བྱས་པ་དང་། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་འགོ་ཁྲིད་ཚན་པར་སྐོར་ཞིབ་བྱས་པའི་གནས་ཚུལ་ཕྱིར་ལྡོག་བྱས།
སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ལ་གནས་པའི་གནད་དོན་གསལ་འདོན་དང་ཕྱིར་ལྡོག་ནན་པོ་བྱས། ལ་ལས 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གནད་ལ་མི་འཁེལ་བ་དང་། ཁྲིམས་བསྟར་ཁྲིམས་འཛིན་ཚད་ལྡན་མིན་པ་དང་དྲང་གཞག་མིན་པའི་གནད་དོན་སྔར་བཞིན་གནས་པ། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ད་དུང་ཧེ་བག་ཡོད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་མི་འདང་བ་བཅས་ཡོད་ལ། ལ་ལར་ཉེན་ཁ་སྣ་ཚོགས་ལ་སྔོན་དཔོག་དང་ཁ་གཏད་འཇལ་བ། ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པར་མི་འདང་ས་ཡོད་པ། ལ་ལར་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྟོབས་ལྡན་དང་ཕུལ་བྱུང་ཅན་དུ་གཏོང་བའི་ནུས་པར་ད་དུང་མི་འདང་ས་ཡོད་པ་དང་། ཕྱི་གསལ་ནང་གསལ་གྱི་ལྟ་སྐུལ་དོ་དམ་ལ་ཞན་ཆ་ཡོད་པ། ལ་ལར་ཐོན་ལས་འཕེལ་རྒྱས་གཏོང་བར་ཇུས་འགོད་དང་། ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་བྱེད་པ། ཁྱད་པར་ཅན་གྱི་ཚོང་འགུག་མ་འདྲེན་གྱི་འགྲན་རྩོད་ལེགས་ཆ་སྐྲུན་པ་བཅས་ཀྱི་ཐད་འབད་བརྩོན་བྱས་པ་མི་འདང་བ། འགུག་འདྲེན་བྱེད་དཀའ་བ་དང་དོན་འཁྱོལ་བྱེད་དཀའ་བའི་གནད་དོན་ཡུན་རིང་མཉམ་གནས་བྱས་ཡོད་པ། ལ་ལར་དངུལ་གཏོང་དོ་དམ་དང་ལས་གཞིའི་འཛུགས་སྐྲུན་ལ་མི་འདང་ས་ཡོད་ལ། གཙོ་གནད་ནུས་ཁུངས་ལས་གཞིའི་མཐུན་སྦྱོར་སྐུལ་འདེད་ཀྱི་འགྲོས་དལ་བ་སོགས་ཀྱི་གནད་དོན་གནས།
ཕྱིར་ལྡོག་ལས་ནན་གྱིས་བསྟན་དོན། སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ནན་ཏན་སྒོས་ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ངེས་གནས་མཐོར་འདེགས་དང་བློ་བརྟན་འགྱུར་མེད་སྒོས་སྐོར་ཞིབ་ལེགས་སྒྲིག་གི་འགན་འཁྲི་གཙོ་བོ་ཁག་ཁུར་བྱེད་དགོས། ཏང་ཙུའུ(ཏང་ཨུའི)ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་དགོས་པ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ནས་འགན་འཁྲི་གཉིས་ཁུར་བ”ལག་བསྟར་ནན་ཏན་བྱས་ཏེ། དོན་དངོས་ཐོག་བཅོས་བསྒྱུར་དང་ཡོངས་སུ་བཅོས་བསྒྱུར་བྱེད་དགོས། གཅིག་སྡུད་ལེགས་སྒྲིག་དམིགས་སུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ནན་ཏན་སྒོས་ཞིབ་འཇུག་བྱས་ཏེ་ལེགས་སྒྲིག་ཇུས་གཞི་བཟོ་བ། གཙོ་གནད་དང་དཀའ་གནད་ཀྱི་ལེགས་སྒྲིག་འགག་སྒྲོལ་ཐུབ་པར་ཤུགས་བསྣོན་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལེགས་སྒྲིག་དང་ཀྲུང་དབྱང་གི་སྐོར་ཞིབ་ལེགས་སྒྲིག་ཟུང་འབྲེལ་བྱས་ནས་དམ་འཛིན་ནན་མོ་བྱེད་པ་དང་། ཡུན་རིང་འབད་བརྩོན་བྱས་ཏེ་སྐོར་ཞིབ་ཕྱིར་ལྡོག་གནད་དོན་ལེགས་སྒྲིག་མཐར་ཕྱིན་དང་ལེགས་སྒྲིག་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་ལེགས་སྒྲིག་དང་ཡོ་བསྲང་བྱས་པའི་གནས་ཚུལ་ལ་རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མགོ་སྐོར་རྫུན་བཟོ་དང་ལེགས་སྒྲིག་ཡོ་བསྲང་བྱེད་ཤུགས་མི་འདང་བའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།
སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཕྱིར་ལྡོག་གནད་དོན་རྣམ་དག་གིས་ངོས་ལེན་དང་རྩིས་ཐོ་ལྟར་ཚང་མ་བསྡུ་ལེན་བྱས་ཏེ། རང་རྟོགས་ངང་སྐོར་ཞིབ་ལེགས་སྒྲིག་བྱེད་པ་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་གཏན་གྱི་ལས་དོན་ཁྲོད་མཉམ་འདྲེས་བྱེད་པ་དང་། གཏིང་ཟབ་བཅོས་བསྒྱུར་ཁྲོད་མཉམ་འདྲེས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་མཉམ་འདྲེས་བྱེད་པ། འགོ་ཁྲིད་ཚན་ཆུང་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ཏེ། གནད་དོན་ཐག་གཅོད་མ་བྱས་བར་དུ་ལྷོད་ཡངས་མི་བྱེད་པ་དང་། ཡོངས་སུ་ཐག་གཅོད་བྱེད་མ་ཐུབ་བར་དུ་ལྷོད་ཡངས་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ལམ་ལེགས་པོ་ལ་ལག་བརྟེན་ནས་སྐོར་ཞིབ་ཀྱི་ལེའུ་ཕྱེད་ཕྱི་མ་ཏན་ཏིག་གིས་སྒྲུབ་དགོས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་འགོ་ཁྲིད་པ་ཕྱིར་ལྡོག་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་སོ་སོར་ཕྱིརལྡོག་ཚོགས་འདུར་ཞུགས།