མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས21ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“རྒྱ་བོད་སྐད་གཉིས་ཀྱི་སྨན་ཞབས་པའི”ངལ་ལས་སྤུས་རྟགས་བསྐྲུན་པའི་འགོ་ཚུགས་མཛད་སྒོ་ཁུལ་ལས་གཏོད་གསོ་སྐྱོང་སྦྱོང་བརྡར་ར་བར་སྤེལ་བ་རེད། མཛད་སྒོའི་སྟེང་། མཚོ་ལྷོའི“རྒྱ་བོད་སྐད་གཉིས་ཀྱི་སྨན་ཞབས་པའི”ངལ་ལས་སྤུས་རྟགས་ཀྱིLOGOཁྱབ་སྒྲོག་བྱས་པ་མ་ཟད། “རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པའི”དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ།
ཐེངས་འདིར་སྤུས་རྟགས་བསྐྲུན་པ་དེས་མཚོ་ལྷོ་ཁུལ་གྱི་མི་རིགས་རིག་གནས་ཀྱི་རྨང་གཞི་དང་ཤེས་ལྡན་པའི་ལེགས་ཆར་གཞི་ཚུགས་ཏེ་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་སྦྱར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་ལས་ཞུགས་གཏན་འཇགས་དང་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དམིགས་འབེན་གཙོ་བོར་བབཟུང་ཐོག རྟོག་ཞིབ་རིགས་སྒྲུབ་བྱས་པ་བརྒྱུད་དེ།“སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་གྱིས་མཐུན་སྦྱོར། ཁྲོམ་རའི་འཁོར་རྒྱུག“བཅས་ཀྱི་སྤྱིའི་སྒྲོམ་གཞི་བཙུགས་ནས་ཚོང་རྟགས་དར་སྤེལ་ཚད་ལྡན་ཅན་དང་གསར་འབྱེད་རྩལ་ནུས་ཅན། ཕྱིར་གཏོང་གཞི་ཁྱོན་ཅན། འཕེལ་རྒྱས་ཐོན་ལས་ཅན་དུ་བསྒྱུར་བ་ལ་རྨང་གཞི་བརྟན་པོ་བཏིངས།
སྤུས་རྟགས་དངོས་འབེབས་ལ་ཕན་ནུས་ཐོན་པར་ཁག་ཐེག་བྱ་ཆེད། མཚོ་ལྷོ་ཁུལ་གྱིས་དུས་རིམ་སྔོན་མའི་རྟོག་ཞིབ་སྦྲེལ་མཐུད་ཀྱི་རྨང་གཞིའི་སྟེང་། འཕེལ་རྒྱས་གཞི་ཁྱོན་ཅན་དུ་བསྒྱུར་བའིཐབས་ལམ་གསར་གཏོད་བྱས། ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་ཐོ་འགོད་མ་རྩ་ཁྲི200ཅན་གྱི་ཚོང་གཉེར་དོ་དམ་ཀུང་ཟི་བཙུགས་ནས་ཆེད་མཁས་པ་ཚོགས་པ50ལྷག་ནང་འགུག་བྱས། ཁུལ་གྱི་སྤྱི་བའི་རྩལ་ནུས་དངོས་སྦྱོང་རྟེན་གཞིར་བརྟེན་ནས། སྨི་གྲུ་བཞི་མ880ཅན་གྱི་དངོས་སྦྱོང་རྟེན་གཞི་བཙུགས་ཏེ། རྒན་པ་དང་ནད་པར་བདག་སྐྱོང་དང་། སྦྲུམ་མ་དང་བྱིས་པར་གཉོར་སྐྱོང་སོགས“རིགས་པའི་གཞུང་ལུགས་དང་དངོས་སྦྱོར”གྱི་རྣམ་པ5བཀོད་སྒྲིག་བྱས་ནས་དུས་མཉམ་དུ་མི100བསྡུ་ལེན་གྱི་ཆེད་དོན་གསབ་སྦྱོང་གཉེར་བ་དང་། ཤེས་ལྡན་པ་གསོ་སྐྱོང་ལ་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས
སྤུས་རྟགས་གསར་བཟོ་བྱ་བའི་བརྒྱུད་རིམ་ཁྲོད། མཚོ་ལྷོ་ཁུལ་གྱིས་མཉམ་གཅིག་ཏུ་སྐུལ་འདེད་སྒྲིག་སྲོལ་འཐུས་ཚང་བཙུགས་ཏེ། མི་དོན་དང་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་མང་པོས་གཞོགས་འདེགས་དང་བསྟུན་ནས་གསབ་སྦྱོང་སྒྲིག་འཛུགས་དང་ཞབས་ཞུ་གཞི་རིམ་དུ་ཕྱོགས་པ། ཁེ་དབང་འགན་སྲུང་ལ་སོགས་ཀྱི་ཐད་ནས་མཉམ་ཤུགས་གྲུབ། དུས་མཚུངས་སུ། “སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས“ཟབ་སྤེལ་དང་། ལས་རིགས་ལག་རྩལ་སློབ་གྲྭ་དང་གཉེར་སྐྱོང་ཀུང་སིའི་ཤེས་ལྡན་པ་ཐུན་མོང་གསོ་སྐྱོང་བྱེད་སྟངས་བཙུགས་ཏེ། རྩལ་ནུས་ཤེས་ལྡན་པའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་། འགོ་རྩོམ་མཛད་སྒོའི་སྟེང་། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་དབར་ཤེས་ལྡན་པ་ནང་འདྲེན་དང་འཐབ་ཇུས་མཉམ་ལས་སོགས་གྲོས་མཐུན་ཁག7བཞག་ནས། སྤུས་རྟགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་ལ་སྒྲིག་སྲོལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།