རང་ཞིང་གིས་རང་བྱུང་སློབ་གསོའི་རྟེན་གཞི45ཡི་ཕྱོགས་བསྡུས་དཔྱད་འཇོག་བྱ་བ་ཡོངས་འགྲུབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི2022ལོ་ནས2023ལོར་སྒོ་བྱང་བཀལ་བའི་རང་བྱུང་སློབ་གསོའི་རྟེན་གཞི45ཡི་ཕྱོགས་བསྡུས་དཔྱད་འཇོག་བྱ་བ་ཉེ་ལམ་ཡོངས་འགྲུབ་བྱས་པ་དང་། རང་བྱུང་སློབ་གསོའི་རྟེན་གཞི་འཁོར་སྐྱོད་བྱས་པའིགནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་མ་ཟད། རིགས་དང་རིམ་པ་བགར་ནས་དཔྱད་འཇོག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བས། མཚོ་སྔོན་གྱི་རང་བྱུང་སློབ་གསོའི་བྱས་འབྲས་དཔྱད་འཇོག་གི་སྟོང་ཆ་བསྐངས།

ཟླ7པ་ནས་ཟླ9པའི་བར། ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དཔྱད་འཇོག་ལྟེ་གནས་ཀྱིས་འབྲེལ་ཡོད་མངའ་ཁོངས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས། རིམ་པ་བགར་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིགས་དང་། ཚོགས་རའི་རིགས། སློབ་གསོ་ཚན་རིག་ཞིབ་འཇུག་གི་རིགས་བཅས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞི45ལ་ཕྱོགས་བསྡུས་གདེང་འཇོག་གི་བྱ་བ་སྤེལ་བ་མ་ཟད། ཉེ་ལམ་ཆེད་མཁས་པས་ཞིབ་བཤེར་གཏན་འཁེལ་གྱི་ཆོག་མཆན་ཐོབ།ཕྱོགས་བསྡུས་གདེང་འཇོག་དེ་ས་ཁོངས་ཅན་གྱི་རང་བྱུང་སློབ་གསོའི་སློབ་ཚན་ཇུས་འགོད་དང་མཐུན་པའི་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ས་ཁོངས་ཀྱི་ཁྱད་ཆོས་དང་། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྟེན་གཞིའི་ཁྱད་ཆོས། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་མཉམ་འདྲེས་འཕེལ་རྒྱས་ཀྱི་རང་བྱུང་སློབ་གསོའི་གསར་གཏོད་མ་ལག་འཛུགས་སྐྲུན་སོགས་ཕྱོགས་ནས་ཚན་རིག་རང་བཞིན་དང་ཕྱོགས་ཡོངས་རང་བཞིན། དངོས་ཡོད་རང་བཞིན། ཕྱོགས་སྟོན་རང་བཞིན། འགུལ་རྣམ་རང་བཞིན་བཅས་ཀྱི་རྩ་དོན་གཟབ་ནན་སྒོས་ལག་བསྟར་བྱསཔ་དང་། རྒྱུ་ཆ་ཞིབ་བཤེར་གཏན་འབེབས་དང་ཡུལ་དངོས་རྟོག་ཞིབ། ཕྱོགས་བསྡུས་ཞིབ་དཔྱད་བཅས་ཀྱི་ཟུང་འབྲེལ་བྱེད་ཐབས་བརྒྱུད་དེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་ཚན་དང་བྱེད་སྒོ་སྤེལ་བ། མི་སྣ་བཀོད་སྒྲིག བདེ་འཇགས་འགན་སྲུང་སོགས་འཁོར་སྐྱོད་ཀྱི་གནས་ཚུལ་ཐད་ལཕྱོགས་བསྡུས་དཔྱད་འཇོག་བྱས། ཕྱོགས་བསྡུས་དཔྱད་འཇོག་སྤེལ་བ་བརྒྱུད། ངོས་འཛིན་བྱས་ཟིན་པའི་རང་བྱུང་སློབ་གསོའི་རྟེན་གཞི་ཡོངས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་དང་མཐུན་པ་དང་། དེའི་ནང་ཕུལ་བྱུང་རྟེན་གཞི14དང་། ཅུང་ལེགས་པོའི་རྟེན་གཞི22། ཚད་ལྡན་རྟེན་གཞི7། དཔྱད་བསྡུར་ནང་ཞུགས་མེད་པའི་རྟེན་གཞི2བཅས་ཡོད།

རང་བྱུང་སློབ་གསོ་ནི་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྤྱི་ཚོགས་ཚོགས་པ་དང་ཚན་རིག་ཞིབ་འཇུག་ཁང་། སློབ་གསོའི་ལས་ཁུངས་སོགས་ཀྱི་མཉམ་འབྲེལ་དང་འཚོལ་ཞིབ། ལག་ལེན་བཅས་བྱས་པ་བརྒྱུད། སྐྱེ་ཁམས་ཀྱི་ཁྱད་ཆོས་འབུར་ཐོན་དང་ས་ཁོངས་ཀྱི་ཁེབས་ཚད་ཅུང་རྒྱ་ཆེ་བའི་རྨང་གཞིའི་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མ་ཆགས། 2020ལོར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བའི་ཁྲིད་སྟོན་བསམ་འཆར》ཐོག་མར་བཏོན་པ་དང་། 2022ལོར། རང་ཞིང་གིས་སྐོར་དང་པོའི་རང་བྱུང་སློབ་གསོའི་རྟེན་གཞི31ངོས་འཛིན་བྱས། ། 2023ལོར། སྐོར་གཉིས་པའི་རང་བྱུང་སློབ་གསོའི་རྟེན་གཞི14དང་རང་བྱུང་སློབ་གསོའི་རྟེན་གཞི45བཅས་ངོས་འཛིན་བྱསལ། དེ་རང་བྱུང་སློབ་གསོའི་མ་ལག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྤྱི་དམངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།