ཏུའུ་ལན་རྫོང་གིས་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས20ཉིན་བར།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་འཕང་འབྲས་དང་བྲ་བོ།   ནས།    ནོར་གནག     བོད་ལུག་བཅས་སྤུས་ལེགས་ཐོན་ལས་ཆེན་པོ་ལྔར་དམིགས་ནས་ཞིང་ཆེན་དང་ཁུལ་གྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་བརྩོན་ལེན་བྱས་ཏེ་ལས་གཞི་གཙོ་བོ་བཅུ་ལག་བསྟར་བྱས་པ་དང་།    ཚད་ལྡན་ཅན་གྱི་འདེབས་འཛུགས་དང་རྒྱུད་བཟང་གསོ་སྤེལ་ནས་ཞིབ་ཚགས་ལས་སྣོན་དང་ཟོང་རྟགས་དྲིལ་སྒྲོག་བར་དུ་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།

ད་ལོའི་ཚུན་ལ།     ཏུའུ་ལན་རྫོང་གིས་སྐྱེ་ཁམས་ཀྱིས་བྱེད་ནུས་བསྩོལ་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་འབྲེལ་ཐག་ཆེ་རུ་བསྐྱེད་པ།    ཕྱིར་འཚོང་རྣམ་པ་གསར་གཏོད་བྱེད་པ་བཅས་ཀྱི་བྱེད་ཐབས་ལ་དམིགས་ནས།    མཐོ་སྒང་གི་སྐྱེ་ཁམས་དང་ཐོན་ཁུངས་ཁྱད་ཆོས་མགྱོགས་མྱུར་སྒོས་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་ཏེ།    ཏུའུ་ལན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་ལས་མ་ལག་ཤུགས་ཆེན་པོས་འཛུགས་སྐྱོང་བྱས།    འཕང་འབྲས་དང་བྲ་བོ།   ནས་བཅས་འདེབས་འཛུགས་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ནས་རྒྱལ་ཡོངས་ཀྱི་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ཐོན་ལས་ཀྱི་མིང་གྲངས་ཆེ་བའི་ཟོང་རྟགས་དཔེ་སྟོན་ཁུལ་གྱི་མཚན་སྙན་ལ་བརྟེན་ཏེ།   ཐོན་ལས་སྤུས་འདེགས་ལོའི་འགུལ་སྐྱོད་དམ་འཛིན་བྱས་ནས་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ནས་དང་བྲ་བོའི་ཐོན་ལས་གླིང་སོགས་འཛུགས་སྐྲུན་བྱས་པ་དང་།  ཐོན་ལས་ཕྲེང་འབྲེལ་མཉམ་བསྲེས་མངོན་འགྱུར་བྱས།

མཚོ་འཕང་མཐོ་བའི་ས་ཁུལ་གྱི་སྦགས་བཙོག་ཉུང་བའི་ཁྱད་ཆོས་ལ་རྐང་བཙུགས་ནས་བྲ་བོ་འདེགས་འཛུགས་རྒྱ་ཁྱོན་མུའུ་ཁྲི་བདུན་དང་སྟོང་བདུན་དྲུག་བརྒྱར་སླེབས་པ་དང་།   དེས་ཁུལ་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་ལ།   སྔོན་དཔག་བྱས་ན་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ལ་སླེབས་ངེས། ནས་འདེབས་འཛུགས་དང་ལས་སྣོན།  ཕྱིར་འཚོང་བཅས་ཀྱི་འབྲེལ་ཐག་ཧྲིལ་བོའི་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས་འདེབས་འཛུགས་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་སུམ་བརྒྱར་སླེབས་པ་དང་།    སྔོན་དཔག་བྱས་ན་ཐོན་ཚད་ཏུན་ཁྲི་གསུམ་དང་སྟོང་བདུན་ལ་སླེབས་ངེས།    དེ་དང་མཉམ་དུ་སོན་བཟང་རྟེན་གཞི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བཏང་།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་རྫོང་ཆེན་པོའི་ངེས་གནས་ལ་དམིགས་ནས་ནོར་ནག་དང་བོད་ལུག་སོགས་ཐོན་ལས་གཙོར་བྱས་ཏེ་སྐྱེ་ཁམས་ཅན་དང་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།   རྫོང་ཡོངས་སུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དབྱེ་འབྱེད་བྱས་ནས།   སྐྱེ་ལྡན་རྩྭ་རའི་ཁས་ལེན་རྒྱ་ཁྱོན་མུའུ་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་ལ་སླེབས་པ་དང་།    ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་སྲུང་བྱས།    བོད་ལུག་ཁྲི་ཡི་སྐྱེ་ཁམས་གསོ་སྤེལ་རྟེན་གཞི་འཛུགས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་པར་བརྒྱུད་དེ་ཕྱུགས་ར་སྒྱུར་བཀོད་རིམ་སྤོར་དང་ནུས་ལྡན་གསོ་སྤེལ་ལག་རྩལ་ཁྱབ་གདལ་བཏང་ནས།   གསོ་ཁ་ནས་འབུད་པའི་བོད་ལུག་གི་ལྗིད་ཚད་སྤྱི་རྒྱ་སོ་ལྔའི་ཡན་ལ་སླེབས་པ་དང་།    ལུ་གུའི་གསོ་ཡུན་ཟླ་དྲུག་ལ་ཇེ་ཐུང་དུ་སོང་ཞིང་། གསོན་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་སླེབས། གློག་རྡུལ་ཚོང་རའི་སྟེགས་བུར་བརྟེན་ནས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་དང་།   ཐོན་རྫས་རྣམས་འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ཁྲོམ་ར་གཙོ་བོར་ཕྱིར་གཏོང་བྱས་ནས་སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་མཉམ་དུ་ཇེ་མཐོར་ཕྱིན།

ཞིང་ཕྱུགས་ལས་ཐོན་ལས་ཀྱི་སྒྲིག་བཀོད་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་གཙོ་གཞི་གསོ་སྐྱོང་དང་སྟེགས་བུ་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།   ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་གཙོ་གཞིའི་གསོ་སྐྱོང་ཤུགས་ཚད་ཆེ་རུ་བཏང་ནས་སྣེ་ཁྲིད་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་།   ཁྱིམ་ཚང་ཞིང་ཕྱུགས་ར་སོགས་ཁྲོམ་རའི་གཙོ་གཞི་ནང་འདྲེན་གསོ་སྐྱོང་བྱས་ཏེ།   ཕྱོགས་མང་མཉམ་ཞུགས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་གྲུབ་པར་བྱས།   ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།   སྔ་གཞུག་ཏུ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ནས་དང་བྲ་བོའི་ཐོན་ལས་གླིང་གསར་འཛུགས་བྱས་པ་དང་།   ཐོན་སྐྱེད་དང་ལས་སྣོན། དངོས་རྒྱུག   ཞིབ་སྤེལ་སོགས་བྱེད་ནུས་ཁུལ་བཀོད་སྒྲིག་བྱས་པ་དང་།    ཚད་ལྡན་ཅན་གྱི་ཐོན་སྐྱེད་ཁང་སོགས་སྒྲིག་ཆས་འཛུགས་སྐྲུན་བྱས་ཤིང་།   ཐོན་ལས་རྒྱུ་རྐྱེན་གཅིག་བསྡུས་དང་གོང་འོག་མཉམ་སྒུལ་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།