མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས15ཉིན་གསར་འགོད་པས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་མཉམ་དུ་མཉམ་འབྲེལ་ཐོག་ཇུས་གཞི་བཟོ་བ་དང་།ལས་ཀའི་ཁྱབ་ཁོངས་དབྱེ་བ།རྩ་འཛུགས་ལམ་སྲོལ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ས་ཆ་འགྱུར་ལྡོག་བརྟག་དཔྱད་དང་ནགས་ཚལ་རྩྭ་ཐང་འདམ་ས་ཐང་རྒོད་ཅན་གྱི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྐུལ་འདེད་བཏང་ཡོད།
མཉམ་འདྲེས་རྨང་གཞི་གཏིང་ཟབ་ཏུ་གཏོང་བ་དང་།མཐུན་སྦྱོར་ལས་ཀའི་སྒྲོམ་གཞི་སྔར་བས་འཐུས་ཚང་དུ་གཏོང་བ་དང་།མཐུན་སྦྱོར་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།མཉམ་འབྲེལ་ཐོག《མཐུན་སྦྱོར་ལག་བསྟར་ཇུས་གཞི》དང་ལེ་ལག་ཚང་བའི་བརྟག་དཔྱད་ལས་དོན་གྱི་ཞིབ་སྲོལ།ངོ་བོ་བཀོད་པའི་སྒྲིག་སྲོལ་བཅས་ཀྱི་འཆར་ཟིན་བཟོ་བ།མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་འཛུགས་པ་དང་འགོ་ཁྲིད་ཚོ་ཆུང་གཉིས་ཀྱི་གཞུང་ལས་ཁང་ཀྲུའུ་རེན་ལམ་སྲོལ་ལག་བསྟར་བྱེད་པ།བརྒྱུད་རིམ་ཡོངས་ཀྱི་གཞི་གྲངས་ཐོན་སྐྱེད་མ་ལག་འཛུགས་པ་དང་། ཟླ12ཚེས31ཉིན་ནི་མཐུན་སྦྱོར་བརྟག་དཔྱད་གྲུབ་འབྲས་གཅིག་གྱུར་གྱི་དུས་སུ་གཏན་འཁེལ་བྱས་ཏེ།“འཁོར་སྐར་རྒྱང་ཚོར་གཟུགས་བརྙན་བསྡུ་ལེན་དང་བགོ་བཤེར།བརྟག་དཔྱད་ས་མཚམས་དབྱེ་འབྱེར།རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དོགས་ཡོད་འགྱུར་ལྡོག་གི་རི་མོ་ཁྲ་ཐིག་ངོས་འཛིན་བྱེད་པ།རྫོང་རིམ་པའི་ས་གནས་ས་ཐོག་བརྟག་དཔྱད་ལྟ་ཞིབ་དང་ལྟ་ཞིབ་ཚད་ལེན།རིམ་དབྱེ་སྤུས་ཚད་དོ་དམ་ཚོད་འཛིན་བཅས་ཀྱི་ཁ་ཟུམ་བརྒྱུད་རིམ་འཛུགས་དགོས།
མཉམ་འདྲེས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལྟེ་བའི་གཙོ་གནད་ལ་དམིགས་ནས།བསམ་བློའི་ངོས་འཛིན་གྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ།རང་འགུལ་ངང་ས་གནས་ཀྱིས་རྒྱལ་ཁབ་ཀྱི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་གོ་རིམ་ལེགས་སུ་གཏོང་བར་འདེགས་སྐྱོར་བྱས་ཏེ།དུས་བབ་གསར་པ་དང་འཚམ་པའི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཐོན་སྐྱེད་མ་ལག་འཛུགས་པ། མཐུན་སྦྱོར་སྐུལ་འདེད་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ་སོ་སོར་བརྟག་དཔྱད་དང་ཐུན་མོང་ཞིབ་བཤེར་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དང་ཀྲུའུ་རེན་གཉིས་གཞུང་ལས་ཁང་གི་སྒྲིག་འཛུགས་འགན་སྲུང་ལམ་སྲོལ་ལ་བརྟེན་པ། སྤུས་ཚད་ཚོད་འཛིན་གྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ“རིམ་པ་གཉིས་ཀྱི་ཞིབ་བཤེར”དོན་འཁྱོལ་ཡག་པོ་བྱས་ཏེ།རྫོང་རིམ་པའི་རང་བྱུང་ཐོན་ཁུངས་དང་ནགས་ཚལ་རྩྭ་ས་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་ཐུན་མོང་ཐོག་རང་ཞིབ་བཤེར་དང་།གྲོང་ཁྱུར(ཁུལ)རང་བྱུང་ཐོན་ཁུངས་དང་ནགས་ཚལ་རྩྭ་ས་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱ་དགོས།ཞིང་ཆེན་རིམ་པའི་རང་བྱུང་ཐོན་ཁུངས་དང་ནགས་ཚལ་རྩྭ་ས་སྡེ་ཚན་གྱིས་ཐུན་མོང་ཐོག་གཙོ་གནད་འཐེན་བཤེར་བྱས་ཏེ།རིམ་པ་གསུམ་པའི་མཉམ་འགུལ་ཞིབ་བཤེར་དང་མཐུན་སྦྱོར་དོན་འཁྱོལ་བྱས་ནས་བརྟག་དཔྱད་གྲངས་གཞི་དོན་དངོས་དང་ཡང་དག་ཡོང་བར་འགན་ལེན་བྱ་དགོས། གྲུབ་འབྲས་བེད་སྤྱོད་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ནས་ས་ཆ་བེད་སྤྱོད་ཀྱི་ད་ལྟའི་གནས་ཚུལ་འགྱུར་ལྡོག་ལ་དབྱེ་ཞིབ་དང་གདེང་འཇོག་ཡག་པོ་ཧུར་ཐག་བྱས་ཏེ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཐད་ཀར་དྲངས་ནས་རྩད་ཞིབ་ཚད་ལེན་དང་ས་མཚམས་གཏན་འཁེལ་བྱ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
མཐུན་སྦྱོར་ལས་བགོས་གཞིར་བཟུང་དུས་མཉམ་དུ་ཤུགས་སྤེལ།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་རྫོང18ཡི་འཁོར་སྐར་རྒྱང་ཚོར་གཟུགས་བརྙན་ཐོབ་པའི་ལས་དོན་ལེགས་གྲུབ་བྱས་པ་དང་རྫོང་རིམ་པའི་རང་བྱུང་ཐོན་ཁུངས་སྡེ་ཚན་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དོགས་ཡོད་འགྱུར་ལྡོག་གི་རི་མོ་ཁྲ་990ལེན་རྒྱུར་སྔོན་ལ་རམ་འདེགས་བྱས་པ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དུས་མཉམ་དུ་རྫོང་རིམ་པའི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དོགས་ཡོད་འགྱུར་ལྡོག་གི་རི་མོ1124བླངས་པར་རམ་འདེགས་བྱས་པ་མ་ཟད།ས་ཆ7850ཡི་སླར་གསོ་བརྟག་དཔྱད་ལས་དོན་ལེགས་འགྲུབ་བྱས་ཏེ་གྲངས་གཞིའི་འདེགས་སྐྱོར་དང་ལག་རྩལ་མཛུབ་ཁྲིད་ཐད་ཕྱོགས་གཉིས་པོས་ཐེངས་དང་པོར་ཐུན་མོང་ཐོག་བརྟག་དཔྱད་ལས་དོན་གཉིས་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།