མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་སྤེལ་བའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་མ་ལག་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པས། ཞིང་སྤྱོད་ས་ཞིང་བསྒྱུར་སྤྱོད་ཀྱི་ཞིབ་མཆན་མ་ལག་དང་། “ཁོང་ཐིན་ཏེ”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་པུའུ་རིམ་པའི་སྒྲིག་བཀོད་ཀྱི་ཞིང་སྤྱོད་ས་ཞིང་ལྟ་སྐུལ་དོ་དམ་མ་ལག་ལ་་ཁྱོན་ཡོངས་ནས་སྦྲེལ་མཐུད་བྱས་ཏེ། ཆ་འཕྲིན་ཅན་དང་གཞི་གྲངས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་རྨོ་ཞིང་སྲུང་སྐྱོང་ལས་དོན་སྔར་བས་གནད་ལ་འཁེལ་ཞིང་ནུས་ཆེའི་སྒོ་ནས་སྤེལ་བར་འདེགས་སྐྱོར་ནུས་ལྡན་བྱས།
ཉེ་བའི་ལོ་ཤས་རིང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་རྨོ་ཞིང་གི་དམར་ཐིག་སྲུང་རྒྱུ་དེ་མེད་དུ་མི་རུང་བའི་ལས་འགན་ཞིག་ཏུ་བརྩིས་ནས་རྨོ་ཞིང་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་བྱེད་པོའི་འགན་འཁྲི་དམ་འཛིན་ལྷོད་མེད། རྨོ་ཞིང་བདག་བཟུང་དང་ཁ་གསབ་དོ་མཉམ་ལམ་ལུགས་འཐུས་ཚང་དུ་སྒྱུར་བ་སོགས་བྱེད་ཐབས་བརྒྱུད་ཁྱོན་ཡོངས་ནས་རྨོ་ཞིང་སྲུང་སྐྱོང་ཞིབ་ཚགས་ཡིན་ལ་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་་ཇེ་མཐོར་བཏང་། རྨོ་ཞིང་སྲུང་སྐྱོང་འགན་འཁྲི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྨོ་ཞིང་“ཞིང་ལས་ཅན་མིན་པར་འགྱུར་བ”བཀག་འགོག་དང་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་བདག་བཟུང་དང་ཁ་གསབ་དོ་མཉམ་ལམ་ལུགས་འཐུས་ཚང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་སའི་རྣམ་གྲངས་ཀྱི་ད་ལྟའི་གནས་ཚུལ་ལ་ཞིབ་བཤེར་གསལ་པོ་བྱས་པའི་རྨང་གཞིའི་སྟེང་། གསལ་ཚད་མཐོ་བའི་རྒྱང་ཚོར་གཟུགས་བརྙན་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་ཉར་ཚད་དང་། ཡུན་རིང་གི་གཞི་རྩའི་ཞིང་སའི་སྲུང་སྐྱོང་ཁྱབ་ཁོངས། ཚད་གཞི་མཐོ་བའི་ཞིང་སའི་ས་ཆ་བཅས་ཀྱི་ས་ཚུགས་དང་ས་བཀྲ་གཏོང་བའི་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལབྱས། སྲིད་འཛིན་གྲོང་ཚོའི་ས་ཁོངས་ཚན་པ་རུ་དབྱེ་སྟེ། གྲོང་ཚོ་ཁག་གི་རྨོ་ཞིང་སྲུང་སྐྱོང་ལས་འགན་གྱི་དཔེ་རིས་དང་ཚད་གཞི་མཐོ་བའི་ས་ཞིང་གི་གློག་རྡུལ་དཔེ་རིས་ཀྱི་མ་ལག་ཆ་ཚང་བ་བཟོས་ཤིང་། མིག་སྔར་འབྲེལ་ཡོད་གྲོང་ཚོ་རིམ་པའི་དཔེ་རིས་ཚང་མ“ས་རིས་སྒོ་ཁར་སྐྱེལ”ཏེགནས་ཚུལ་གསལ་པོ་དང་གཞི་གྲངས་གསལ་པོར་བཟོས། །
རྨོ་ཞིང་སྲུང་སྐྱོང་ལམ་ལུགས་མ་ལག་ལ་ཤུགས་སྣོན་བརྒྱབ་སྟེ།《ཞིང་ཆེན་རིམ་པའི་རྨོ་ཞིང་གི་དམིགས་ཚད་གཅིག་གྱུར་འཆར་འགོད་ཁ་གསབ་དོ་དམ་སྒྲིག་སྲོལ》དང《རྨོ་ཞིང་དམིགས་ཚད་ཀྱི་རིན་ལྡན་ཁ་གསབ་ལེགས་སྒྲིག་གི་སྒྲིག་སྲོལ》སོགས་པར་འགྲེམས་དང་། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་གྲོང་ཁྱེར་དང་ཁུལ་ལས་བརྒལ་བའི་ལེགས་སྒྲིག་ལམ་སྲོལ་ལེགས་བཅོས་བྱས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང་སྲུང་སྐྱོང་དང་རྒྱལ་ཁོངས་ས་ཞིང་གི་བར་སྟོང་ཆེད་དོན་འཆར་འགོད(2024ལོ་ནས2035ལོ་བར)》མགྱོགས་པོར་བཟོ་འགོད་བྱས། ། དེ་དང་ཆབས་ཅིག་རྨོ་ཞིང་བཀོད་སྒྲིག་ཇེ་ལེགས་སུ་དང་དོ་དམ་ཚོད་འཛིན་གནད་ལ་འཁེལ་བར་ཤུགས་བརྒྱབ་ཏེ། རང་འགུལ་གྱིས་གཞི་གྲངས་མཉམ་སྤྱོད་ལམ་སྲོལ་བཙུགས་ཐོག ཚད་གཞི་མཐོ་བའི་ས་ཞིང་གསར་དུ་བསྐྲུན་ན་ངེས་པར་དུ་རྨོ་ཞིང་དང་ཡུན་རིང་གཞི་རྩའི་ས་ཞིང་ཁྱབ་ཁོངས་སུ་ལག་བསྟར་བྱེད་དགོས་པ་ཁ་གསལ་བྱས་པར་མ་ཟད། ཡུན་རིང་གཞི་རྩའི་ས་ཞིང་གསོག་འཇོག་ཁུལ་གསར་བརྗེ་དབྱེ་འབྱེད་ཀྱི་ལས་དོན་སྒྲིག་འཛུགས་བྱས། གསར་བརྗེ་བྱས་པའི་གསོག་འཇོག་ཁུལ་གྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་གྱི1.21%ཟིན་ལ། མིག་སྔར་གསོག་འཇོག་ཁུལ་འགུལ་རྣམ་གསར་བརྗེས་དང་ལེགས་སྒྲིག་བྱས་ནས་ཞིབ་དཔྱད་དང་བརྡར་གཅོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།