མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སྒྲིག་ཁྲིམས་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་ཁུལ་དམངས་དོན་ཅུའུ་ཡིས་སྣེ་ཁྲིད་ནས་ལས་དོན་ཆེད་དོན་འཛིན་གྲྭ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། གཙོ་གནད་ཐོག་སྤྱི་ཚོགས་རོགས་སྐྱོབ་གནད་ལ་འཁེལ་མེད་པ་དང་། སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་མེད་པ། རོགས་སྐྱོབ་འགན་སྲུང་མ་དངུལ་དོ་དམ་ཚད་ལྡན་མིན་པ་སོགས་ཕྱོགས་གསུམ་གྱི་གནད་དོན10ལ་དམིགས་ནས། ཁྱིམ་ཚང་དུ་བཅར་འདྲི་དང་སྐབས་བསྟུན་འཐེན་བཤེར་སོགས་ཀྱི་རྣམ་པ་བརྒྱུད་རོགས་སྐྱོབ་བྱ་ཡུལ་གྱི་ཐོབ་ཐང་ངོས་འཛིན་དང་། མ་དངུལ་གཏོང་རྒྱུ། འགུལ་རྣམ་དོ་དམ་སོགས་ལྷུ་ཚིགས་གཙོ་བོར་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱས། མིག་སྔའི་བར་སྤྱི་ཚོགས་ཀྱི་རོགས་སྐྱོབ་གནད་ལ་འཁེལ་མེད་པའི་གནད་དོན29བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་དང་སྒྲིག་འགལ་མ་དངུལ་སྒོར་ཁྲི་2.75འདེད་འཇལ་བྱས་ཡོད།
སྤྱི་ཚོགས་རོགས་སྐྱོབ་མ་དངུལ་རེ་ཞུ་དང་། བདག་སྤྲོད་དང་། ཞིབ་བཤེར། གཏོང་སྤྲོད་སོགས་འགག་རྩའི་ལྷུ་ཚིགས་སུ་འབྱུང་སླ་བའི་སྲིད་གཙང་ཉེན་ཁ་ལ་དམིགས་ནས། མཁར་ཤར་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཆུས་དམངས་སྲིད་སྡེ་ཁག་ལ་ལས་སྒོའི་རྐང་འཛིན་དང་སྡེ་ཁུལ་ཨུ་ཡོན་སོགས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་ཁྲི2.93དང་མི་ཁྲི6.5ལྷག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་སྟེ། ཁྱིམ་ཚང་219ཡི་མི459གསར་དུ་མ་མཐའི་འཚོ་བ་འགན་སྲུང་གི་ཁྲིད་བཅུག་པ་དང་། འཚོ་བའི་འགན་སྲུང་མཐའ་མཚམས་ཀྱི་ཁྱིམ་ཚང26ཡི་མི67ཡོད། ཁྱིམ་ཚང་658དང་མི1355ལ་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི448.62སྤྲད་པ་དང་། སྤྱི་ཚོགས་རོགས་སྐྱོབ་འགན་སྲུང་ཁྱིམ་ཚང140ལྷག་ལ་བོགས་དངུལ་དམའ་བའི་སྡོད་ཁང་གི་ཁ་གསབ་སྒོར་ཁྲི14ལྷག་སྤྲད་པ་དང་། འཚོ་བ་འགན་སྲུང་ཁྱིམ་ཚང13ལ་འབྲས་སྐྲན་ཕོག་པའི་བུད་མེད་ལ་ཁ་གསབ་སྒོར་ཁྲི13སྤྲད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས320ལ་ལས་ཞུགས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་རེ་འདུན་ཆུང་བ200ལྷག་ལེགས་འགྲུབ་བྱུང་།
མཁར་ཤར་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས“གཞི་གྲངས་ཆེན་པོའི”ལྟ་ཞིབ་ཚད་ལེན་ནུས་པ་འདོན་སྤེལ་བྱས་ནས་ལས་ཁུངས་ཀྱི་མཉམ་འགུལ་དང་གཞི་གྲངས་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གཞི་གྲངས་སྣོལ་སྡེབ་བསྡུར་བ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་དང་སྡེ་ཁུལ་ཡོ་བསྲང་སོགས་ཚོགས་སྤྱི་གཙོ་བོའི་ཆ་འཕྲིན3200ལྷག་བསྡུར་བ་དང་། ཁྱིམ་ཚང27ཡི་མི52འགན་སྲུང་གི་ཁོངས་སུ་བཅུག་པ་དང་། ཁྱིམ་ཚང3ཡི་མི7ལ“ཛ་དྲག་དང་དཀའ་ངལ་རྣམ་པའི”གནས་སྐབས་རོགས་སྐྱོབ་བྱས་པ། མཚོ་སྔོན་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་སྟེགས་ལ་བརྟེན་ནས་ལྗང་མདོག་བགྲོད་ལམ་བཙུགས་ཏེ་ཁྱིམ་ཚང5ཡི་མི11འགན་སྲུང་དུ་མགྱོགས་མྱུར་ངང་བཅུག་པ། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུས་མཉམ་དུ་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། ཁྱིམ་ཚང4ལ་མི6ཉུང་གཏོང་དང་མེད་པ་བཟོ་བ་དང་། ཁྱིམ་ཚང14ཡི་མི19ལ་འགན་སྲུང་འཕར་སྣོན་ལེགས་འགྲུབ་བྱས་ཏེ། དོ་དམ་དང་ལེན་གྱི་ལས་ཆོད་ནུས་ལྡན་ངང་ཇེ་མཐོར་བཏང་ཡོད།
མཁར་ཤར་ཁུལ་དམངས་དོན་ཅུའུ་ཡིས་རང་འགུལ་ངང་རྒྱུས་ལོན་དང་འགུལ་རྣམ་དོ་དམ་སོགས་ལ་དམིགས་ནས་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དམངས་དོན་ཅུའུ་ཡིས“གཞི་གྲངས་ཆེ་བའི+ལྕགས་རྐང་པང་”གི་ཕྱོགས་གཉིས་ལྟ་ཞིབ་ཚད་ལེན་བྱེད་སྟངས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་བཏང་ནས་རོགས་སྐྱོབ་ཀྱི་དུས་ནུས་རང་བཞིན་དང་གནད་ལ་འཁེལ་བའི་ཚད་ཇེ་མཐོར་བཏང་བ། “ལོ་ཕྱེད་ནང་ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་པ་དང་ཟླ་རེར་དོགས་གཞི་ཡོད་པའི་གཞི་གྲངས”བརྒྱུད་གྲོང་ཁྱེར་གྱི་འཚོ་བའི་འགན་སྲུང་དང་དམིགས་བསལ་དབུལ་ཕོངས་བྱ་ཡུལ་ལ་ཁྱིམ་ཚང་དུ་སོང་ནས་ཞིབ་བཤེར་བྱེད་པ་དང་། འཚོ་བའི་འགན་སྲུང་བྱ་ཡུལ་ཁྲོད་ཀྱི་གཉེན་ཉེ་ཉེ་མའི་ཐོ་འགོད་དང་མཐུན་པའི་འཚོ་བའི་འགན་སྲུང་སྒྲུབ་མཁན་ལ་ཐོ་འགོད་དོ་དམ་ནན་པོ་ལག་བསྟར་བྱེད་དགོས།