མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་གསར་གཏོད་ཐོན་རྫས་དང་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་འགོ་ཚུགས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཁེ་ལས་དང་། མཛེས་ལྗོངས་ཁུལ་མཐོ་སློབ་སོགས་ལས་ཁུངས་ཀྱིས་བདམས་སྤྲད་པའི་བརྩམས་ཆོས་300ལྷག་གིས་མཚོ་སྔོན་གྱི་རིག་གནས་གསར་གཏོད་དང་ཡུལ་སྐོར་ཚོང་ཟོག་གི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།
ཡུལ་དངོས་སུ་གླུ་ལེན་ཤེས་པའི་འཁྱགས་སྒམ་སྦྱར་པས་རོལ་དབྱངས་ཀྱི་གཞི་རྒྱུ་དང་ས་ཁོངས་ཀྱི་ཁྱད་ཆོས་སྤྱང་གྲུང་ལྡན་པའི་སྒོ་ནས་མཉམ་འདྲེས་བྱས་པ་དང་། དར་སྐུད་བཙིར་བཟོ་རྩལ་གྱི་སྒོ་རྟགས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་དེང་རབས་འཚོ་བའི་མཛེས་ཆོས་རིག་པའི་འགྲེལ་བཤད་བྱས་པ།རྡོ་ཁུང་སྟག་རྟགས་རྡོ་ཁུང་རབ་དང་རིམ་པ་རིག་གནས་གསར་གཏོད་ཀྱིས་ལོ་རྒྱུས་ཀྱི་རྨང་གཞི་གཏིང་ཟབ་ངང་སྔོག་འདོན་བྱས་པ། ཁུ་ནུ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་འཆར་ཤེལ་གྱིས་ལྷ་སྒྲུང་ངག་རྒྱུན་དང་དེང་རབས་ཀྱི་བཟོ་རྩལ་ཟུང་འབྲེལ་བྱས་ཡོད་པ་རེད། བརྩམས་ཆོས་དེ་དག་ནང་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་དང་།ལོ་རྒྱུས་རིག་གནས།དམར་པོའི་རིག་གནས།མི་རིགས་རིག་གནས།ཁྱད་ཆོས་ལྡན་པའི་ས་མཐོའི་རིག་གནས་བཅས་བརྗོད་བྱ་ཆེན་པོ་ལྔ་ཚུད་ཡོད་པས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་མཚོན་པ་མ་ཟད།དེང་རབས་ཀྱི་གསར་གཏོད་ཇུས་འགོད་དང་འདྲེས་ནས་སྲོལ་རྒྱུན་དང་གསར་གཏོད་མཉམ་འདྲེས་གཏིང་ཟབ་མངོན་པ་རེད།
ཐེངས་འདིའི་འགྲན་སྡུར་ཆེན་པོའི་ནང་ཁྱོན་བསྡོམས་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་རིགས་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་རིགས་གཉིས་བཀོད་སྒྲིག་བྱས་ཡོད། ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་རིགས་ལ་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་དང་།ལོ་རྒྱུས་རིག་གནས།དམར་པོའི་རིག་གནས།མི་རིགས་རིག་གནས། ཁྱད་ཆོས་ལྡན་པའི་མཐོ་སྒང་གི་རིག་གནས་བཅས་བརྗོད་བྱ་གཙོ་བོར་བྱས་པའི་གསར་གཏོད་ཇུས་འགོད་ཐོན་རྫས་ལ་དམིགས་པ་དང་། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་རིགས་ལ་མཚོ་སྔོན་གྱི་ཁྱད་ཆོས་མཚོན་པ་དང་རིག་གནས་གསར་གཏོད་གཉིས་ལྡན་གྱི་ཡུལ་སྐོར་ཚོང་ཟོག་དང་གྲོང་ཁྱེར་གྱི་ལག་རྟགས་གཙོ་བོར་འཛིན་གྱི་ཡོད། འགྲན་སྡུར་ནང་ཞུགས་པའི་བརྩམས་ཆོས་ཚང་མར་རིག་གནས་རང་བཞིན་དང་། གསར་གཏོད་རང་བཞིན། བཟོ་རྩལ་རང་བཞིན། དངོས་སྤྱོད་རང་བཞིན།ཁྲོམ་རའི་རང་བཞིན་བཅས་ཀྱི་གཅིག་གྱུར་ནན་བཤད་བྱས་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཐོན་ཁུངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་རིག་གནས་གསར་གཏོད་ཐོན་རྫས་དང་ཡུལ་སྐོར་ཚོང་ཟོག་མུ་མཐུད་འགྲེམས་སྤེལ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཐེངས་འདིའི་འགྲན་སྡུར་ཆེན་པོའི་ནང་གསེར་གྱི་བྱ་དགའ་5དང་། དངུལ་གྱི་བྱ་དགའ10 ཟངས་ཀྱི་བྱ་དགའ15བཅས་བཙུགས་ཡོད། དཔྱད་འདེམས་བྱས་པ་བརྒྱུད་ཆུ་ཚད་མཐོ་བའི་རིག་གནས་གསར་གཏོད་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་ནང་གི་གསོན་ཉམས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་འཕར་ཚད་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་འཛད་སྤྱོད་གྲུབ་ཚུལ་བསྒྱུར་ནས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་བསྣན་ཡོད།